logo

ཕོ་བྲང་པོ་ཏ་ལའི་ཕྱོགས་ནས་སྤྱི་བསྒྲགས་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2026-09-09 ཀློག་གྲངས།:
       ཟླ་བ༩ཚེས༥ཉིན། བོད་རང་སྐྱོང་ལྗོངས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་བཏང་བའི་སྤྱི་བསྒྲགས་གསར་ཤོས་ལྟར་ན། ཟླ་བ༩ཚེས༢༡ཉིནགཟའ་ཟླ་བནས་བཟུང་། གཟའ་འཁོར་རེའི་གཟའ་ཟླ་བརརྒྱལ་ཁབ་ཀྱི་ཁྲིམས་ནང་གཏན་འཁེལ་བྱས་པའི་དུས་ཆེན་དང་གུང་གསེང་ཕུདསྒོ་རྒྱག་པའི་ལམ་ལུགས་སླར་གསོ་བྱ་རྒྱུ་རེད། སྒོ་བརྒྱབ་པའི་སྐབས་སུ་རིག་དངོས་སྐོར་ཞིབ་ཉམས་གསོ་དང་། འགྲེམས་སྟོན་ནང་དོན་གསར་བརྗེ། སྤྱི་པའི་སྒྲིག་བཀོད་སྲུང་སྐྱོང་། ཁོར་ཡུག་དུག་སེལ་གཙང་བཟོ་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
       དེ་སྔོན། ཁྱོན་ཡོངས་ནས་མཛེས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། དབྱར་གནང་སྐབས་ཀྱི་ལྟ་སྐོར་བ་མང་བའི་གནས་ཚུལ་ལ་དམིགས་ཏེ། རྒྱ་ཆེའི་ཡུལ་སྐོར་བའི་ལྟ་སྐོར་གྱི་དགོས་མཁོ་ཡག་པོ་སྐོང་ཆེད། ཕོ་བྲང་པོ་ཏ་ལའི་ཕྱོགས་ནས་ཟླ་བ༧ཚེས༡ཉིན་ནས་བཟུང་གཟའ་འཁོར་རེའི་གཟའ་ཟླ་བར་སྒོ་རྒྱག་པའི་དོ་དམ་ལམ་ལུགས་གནས་སྐབས་མཚམས་བཞག་ཡོད།
ཕོ་བྲང་པོ་ཏ་ལའི་ཕྱོགས་ཀྱི་སྤྱི་བསྒྲགས་གསར་ཤོས།

རྒྱ་ཆེའི་ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་རྣམ་པ།
       ཕོ་བྲང་པོ་ཏ་ལའི་རིག་དངོས་ཀྱི་གནའ་བོའི་བཟོ་སྐྲུན་གྱི་གཞི་མ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྟ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱ་ཆེད། རྟེན་མཛོད་ཁང་གི་ལས་རིགས་གོམས་སྲོལ་གཞིར་བཟུང་། ཞིབ་འཇུག་གཏན་འབེབས་བྱས་པ་བརྒྱུད། ཕོ་བྲང་པོ་ཏ་ལ་གཟའ་འཁོར་རེའི་གཟའ་ཟླ་བརརྒྱལ་ཁབ་ཀྱི་ཁྲིམས་ནང་གཏན་འཁེལ་བྱས་པའི་དུས་ཆེན་དང་གུང་གསེང་ཕུདསྒོ་རྒྱག་པའི་ལམ་ལུགས་སླར་གསོ་བྱ་རྒྱུ་ཡིན།ནང་དོན་ཞིབ་ཕྲ་གཤམ་གསལ་ལྟར།
       གཅིག སྒོ་རྒྱག་པའི་དུས་ཚོད།
       ༢༠༢༦ལོའི་ཟླ་བ༩ཚེས༢༡ཉིནགཟའ་ཟླ་བནས་བཟུང་། ལོ་ཧྲིལ་པོའི་གཟའ་འཁོར་རེའི་གཟའ་ཟླ་བརརྒྱལ་ཁབ་ཀྱི་ཁྲིམས་ནང་གཏན་འཁེལ་བྱས་པའི་དུས་ཆེན་དང་གུང་གསེང་ཕུདསྒོ་རྒྱག་རྒྱུ་ཡིན།
       གཉིས། སྒོ་འབྱེད་པའི་དུས་ཚོད།    
       གཟའ་མིག་དམར་ནས་གཟའ་ཉི་མའི་བར། དབྱར་དུསཟླ་བ༥ཚེས་༡ཉིན་ནས་ཟླ་བ༡༠ཚེས༣༡ཉིན་བརཆུ་ཚོད༩:༠༠སྒོ་འབྱེད་པ་དང་། ཆུ་ཚོད༡༥:༤༠ཐོག་ནང་དུ་འགྲོ་མཚམས་འཇོག་རྒྱུ་དང་། དགུན་དུསཟླ་བ༡༡ཚེས༡ཉིན་ནས་ཕྱི་ལོའི་ཟླ་བ༤ཚེས༣༠ཉིན་བར ཆུ་ཚོད༩:༣༠ཐོག་སྒོ་འབྱེད་པ་དང་། ཆུ་ཚོད༡༥:༢༠ཐོག་ནང་དུ་འགྲོ་མཚམས་འཇོག་རྒྱུ་རེད།
       གསུམ། སྒོ་རྒྱག་པའི་གསལ་བཤད།  
       སྒོ་བརྒྱབ་པའི་སྐབས་སུ་རིག་དངོས་སྐོར་ཞིབ་ཉམས་གསོ་དང་། འགྲེམས་སྟོན་ནང་དོན་གསར་བརྗེ། སྤྱི་པའི་སྒྲིག་བཀོད་སྲུང་སྐྱོང་། ཁོར་ཡུག་དུག་སེལ་གཙང་བཟོ་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་ལ། དམིགས་ཡུལ་ནི་ཁྱེད་ལ་དེ་བས་བདེ་འཇགས་དང་སྤུས་ལེགས་ཀྱི་ལྟ་སྐོར་ཁོར་ཡུག་ཅིག་མཁོ་འདོན་བྱ་ཆེད་ཡིན།    
       བཞི། སྙིང་ཉེ་བའི་དྲན་སྐུལ།
       ཁྱེད་ཀྱིས་དུས་ཚོད་ལུགས་མཐུན་ངང་འཆར་འགོད་བྱས་ནས་སྒོ་རྒྱག་པའི་ཉིན་ལས་གཡོལ་ཏེ་ལྟ་སྐོར་དུ་ཕེབས་རོགས། གལ་སྲིད་སྒོ་འབྱེད་པའི་སྐོར་གྱི་གནས་ཚུལ་གསར་ཤོས་དང་། དུས་ཆེན་དང་གུང་གསེང་གི་སྒོ་འབྱེད་བཀོད་སྒྲིག གཞན་པའི་གནས་ཚུལ་ཤེས་རྟོགས་དང་བློ་འདྲི་བྱེད་དགོས་ཚེ། གཞུང་ཕྱོགས་ཀྱི་བློ་འདྲིའི་ཁ་པར་ཨང་གྲངས༤༠༠༨༦༤༩༡༡༡ཉིན་རེའི་ཆུ་ཚོད༩:༣༠ནས༡༥:༣༠བརདང་། གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་སྟེགསཕོ་བྲང་པོ་ཏ་ལའི་གཞུང་ཕྱོགསནས་འདྲི་རྩད་བྱེད་ཆོག
       གལ་སྲིད་གནས་ཚུལ་གཞན་དང་འཕྲད་ནས་སྒོ་འབྱེད་དུས་ཚོད་ལེགས་སྒྲིག་བྱེད་དགོས་ཚེ། གཞུང་ཕྱོགས་ནས་སྔོན་ལ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པས། སྤྱི་བསྒྲགས་གསར་པ་ཚད་གཞིར་འཛིན་རོགས། ཁྱེད་ཉིད་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།
འབྲེལ་ཡོད་འོས་སྦྱོར།