རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་ཚིགས་ཤར་གཏོང་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-09-22
ཀློག་གྲངས།:
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་ཚིགས་ནི། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་བླ་ལྷག་གིས་འཛུགས་སྐྱོང་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་གནད་འཁེལ་སྒོས་ཕན་འདོགས་པར་འགན་ལེན་བྱེད་པ། གྲངས་འཛིན་ཅན་གྱི་ཐབས་ཤེས་སྤྱད་དེ་མི་རིགས་ཁག་གི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་གོ་རིམ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་བརྟན་པོར་བསྐྱེད་པ་བཅས་དམིགས་ཡུལ་དུ་བཟུང་ནས་གསར་སྤེལ་བྱས་པ་ཞིག་ཡིན།

དེ་ནི་རྨ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་བླ་མེད་རྒྱབ་སྐྱོར་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་སྒྲིག་འཛུགས་ཞིབ་ཚགས་གནང་འོག ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་སྣེ་ཁྲིད་ནས་ཇུས་འགོད་བྱས་ཤིང་། དྲ་ཚིགས་ལག་རྩལ་དཔུང་སྡེ་ཡིས་གསར་སྤེལ་གནང་བ་ཞིག་ཡིན། དཀའ་སྤྱད་ཀྱི་རྩོལ་བ་རིམ་པར་བརྒྱུད་པའི་མཐའ་འབྲས་སུ། ཟླ9པའི་ཚེས22ཉིན་གསར་དུ་བལྟམས་པའི་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་ཚིགས་ཤར་གཏོང་བྱས་པ་ཡིན། ཚོད་ལྟའི་གཉེར་སྒྲུབ་དུས་ཚོད་ནི2026ལོའི་ཟླ9པའི་ཚེས22ནས་ཟླ9པའི་ཚེས29ཉིན་བར་ཡིན་ལ(དྲ་ཚུགས་ནི། zw.huangnan.gov.cn:8888) ཟླ9པའི་ཚེས30ཉིན་ནས་བཟུང་དངོས་སུ་གཉེར་སྒྲུབ་བྱ་རྒྱུ་ཡིན།(དྲ་ཚུགས་ནི། zw.huangnan.gov.cn)

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་ཚིགས་ལ་ཁྱོན་མདུན་ངོས་དང་། མགོ་ཁྲིད། གསར་འགྱུར། སྲིད་དོན། ཏང་འཛུགས། རྨ་ལྷོ། རིག་གནས་ཡུལ་སྐོར། བརྙན་ཟློས་བཅས་རིམ་པ་དང་པོའི་ལེ་ཚན8དང་དེའི་ཞབས་འོག་གི་རིམ་པ་གཉིས་པའི་ལེ་ཚན25ཡོད། དེར་དམངས་ཕན་གྱི་སྲིད་ཇུས་དང་། སྐབས་དོན་ཆབ་སྲིད་ཀྱི་ཆ་འཕྲིན། རྨ་ལྷོའི་ས་ཁམས་རིག་གནས། ཡུལ་སྲོལ་གོམས་འདྲིས། གཟུགས་མེད་ཤུལ་བཞག་རིག་གནས། སྐྱེ་ཁམས་ཞིབ་སློབ་སོགས་འདུས་ཡོད་ལ། དེ་དང་ཆབས་ཅིག སྐད་འཕྲིན་གྱི་བྱ་རིམ་ཆུང་བ་ཡང་གསར་སྤེལ་བྱས་ཡོད་དེ། དེ་དྲ་ཚིགས་ཀྱི་གཞི་གྲངས་དང་ལྷན་དུ་མཉམ་སྐྱོད་བྱེད་བཞིན་ཡོད་པས། མང་ཚོགས་ཀྱིས་ཁོམ་ལོང་གི་དུས་སྐབས་ངེས་མེད་དུ་ཁ་པར་ལས་སྲིད་དོན་ཆ་འཕྲིན་དང་སྟབས་བདེའི་ཞབས་ཞུ་མྱོང་ཐུབ་པ་ཡིན། སྒོས་སུ་རང་སའི་རིག་གནས་ཀྱི་ཐོན་ཁུངས་ལ་གཞི་བཅོལ་ཏེ། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ལེ་ཚན་ཆེད་མར་བཀོད་པ་དང་། དེར་རྨ་ལྷོའི་དམངས་ཁྲོད་ཀྱི་མང་ཚོགས་རིག་གནས་སྙིང་བོར་དྲིལ་བ་འོས་སྦྱོར་བྱས་ཡོད་པས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར་གསོན་ཤུགས་གསར་པ་སྦྱིན་ངེས་ཡིན།

རྨ་ལྷོ་བོད་རིགས་རང་སྐྱོངཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ་ཤར་གཏོང་ཐུབ་པ་དེ་ལས། རྨ་ལྷོ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་དང་གློག་རྡུལ་སྲིད་དོན་འཛུགས་སྐྱོང་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སྤོས་པ་དང་། སྲིད་གཞུང་དང་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རྒྱུས་ལོན་གྱི་འབྲེལ་ལམ་བསྐྲུན་པ། རྨ་ལྷོ་ཁུལ་གྱི་མི་རིགས་རིག་གནས་ཀྱི་ལས་དོན་དང་གྲངས་འཛིན་སྲིད་དོན་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་ནུས་པ་འདོན་པ་བཅས་མངོན་པར་མཚོན་ཞིང་། ཏང་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་གོང་སྤེལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ཡང་མངོན་པར་མཚོན་ཡོད།

འབྲེལ་ཡོད་འོས་སྦྱོར།
