ཡུལ་ཤུལ་རིག་རྩལ་ལྷན་ཚོགས་ཀྱིས་ཡུལ་ཤུལ་གྱི་འབུམ་རམས་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
ཡུལ་ཤུལ་རིག་རྩལ་ལྷན་ཚོགས་ཀྱིས་ཡུལ་ཤུལ་གྱི་འབུམ་རམས་པའི་བཞུགས་མོལ་ཚོགས་འདུ་བསྡུས།
སྤྱི་ཟླ8པའི་ཚེས21ཉིན། ཡུལ་ཤུལ་རིག་རྩལ་ལྷན་ཚོགས་ཀྱིས་ཕ་ཡུལ་ཡུལ་ཤུལ་གྱི་ཡིན་པའི་འབུམ་རམས་པའི་བཞུགས་མོལ་ཚོགས་འདུ་དེ་སྐྱེ་རྒུ་གྲོང་རྡལ་དུ་བསྡུས་ཤིང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་སི་ཁྲོན་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་དག་གིས་སྔ་གཞུག་ཏུ་ནང་ལོག་ཏུ་དཀའ་སྤྱད་འབད་བརྩོན་བྱས་པའི་སློབ་སྦྱོང་གི་བརྒྱུད་རིམ་པ་དང་དེའི་ཐད་ཀྱི་གྲུབ་འབྲས་སོགས་སྙན་ཞུར་ཕུལ་བ་དང་། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་གཙང་གསུམ་འབྱུང་ཡུལ་ཚགས་པར་ཁང་། ཁུལ་ནང་བསྟན་སློབ་གླིང་གི་འགན་ཁུར་བ་རྣམས་ཀྱིས་ཡུལ་ཤུལ་ཁུལ་དང་ཕ་ཡུལ་གྱི་ཡུལ་མི་རྣམ་པའི་ཚབ་བྱས་ཏེ་ནང་ལོག་ཏུ་སློབ་སྦྱོང་གི་ཕུགས་བཏོད་ཅིང་ཁེངས་སྐྱོང་སྒོས་ཤེས་བྱ་སྦྱངས་ཏེ་མི་རིགས་རིག་གནས་ཀྱི་འཕེལ་རྒྱས་ཐད་ལ་བརྩོན་སེམས་བསྐྱེད་པར་གདེང་འཇོག་ཆེན་པོ་གནང་།
ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་ཕུན་ཚོགས་ཟླ་བས་བཤད་རྒྱུར། འབྲོག་པའི་རྗེས་རབས་ལ་སློབ་ཆེན་གྱི་དངོས་གཞི་སློབ་མ་དང་རབ་འབྱམས་པའི་རྣམ་པ་ལེགས་པོ་གྲུབ་ཡོད་ཅིང་། དེ་ལས་ཀྱང་ཡོན་གནས་མཐོ་བའི་འབུམ་རམས་པའི་སྟོང་ཆ་བསྐངས་པ་མ་ཟད་འཕེལ་རྒྱས་ཆེན་པོ་བྱུང་། ཡུལ་ཤུལ་ས་ཁུལ་གྱི་འབུམ་རམས་པའི་ཁ་གྲངས་ས་ཁུལ་གཞན་ལས་ཉུང་སྲིད་ཀྱང་ད་སྔ་དམངས་སྲོལ་དང་གེ་སར། ཡིག་རྙིང་ཞིབ་འཇུག་སོགས་ཀྱི་ཐད་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
བཞུགས་མོལ་གྲོས་ཚོགས་མཇུག་སྒྲིལ་རྗེས་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁ་བཏགས་ཕུལ་བ་དང་བསྟུན《ཁམས་པའི་རྩོམ་རིག》དཔེ་ཚོགས་ཀྱང་ལེགས་སྐྱེས་སུ་ཕུལ་ལ། བོད་རིགས་གླུ་བ་ཀྲང་ལིན་གྱིས་གླུ་གཞས་ཀྱིས་ལྟ་བ་སོགས་བྱས་ཏེ་འབུམ་རམས་པ་རྣམས་ལ་ཕ་ཡུལ་གྱི་རེ་སྨོན་མི་བརྗེད་པར་ཤེས་བྱའི་མཁའ་དབྱིངས་སུ་འཕག་ཐུབ་པར་ཞུས།