དགེ་རྒན་ཆེན་མོ་སྟོབས་ལྡན་ལགས་ཀྱིས་མཚོ་ལྷོའི་མཐོ་འབྲིང་བོད་སྐད་ཡིག་དགེ་རྒན་རྣམས་ལ་འཆད་ཁྲིད་གནང་བ།
རྩོམ་པ་པོ།: རིག་བུ་ཟླ་བྷེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-11-11
ཀློག་གྲངས།:
ཉེ་བའི་ལོ་འདི་དག་གི་རིང་ལ་མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཡང་དག་པའི་མཛུབ་ཁྲིད་འོག་རང་ཁུལ་གྱི་མི་རིགས་སློབ་གསོའི་ལས་དོན་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་ཞིང་། བསྟུད་མར་ལོ་འགའི་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་མཚོ་སྔོན་ཞིང་ཆེན་ཡོངས་ལས་གཡུར་ཏུ་ཟ་བའི་གྲུབ་འབྲས་བླངས་ཡོད། མཚོ་ལྷོ་ཁུལ་གྱི་མི་རིགས་སློབ་གསོའི་བྱ་བ་དུས་བསྟུན་མདུན་སྐྱོད་དང་སྔར་བས་འཕེལ་རྒྱས་འབྱུང་སླད་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་སློབ་གསོ་ཅུས་མཉམ་འབྲེལ་སྒོས་མཚོ་ལྷོ་ཁུལ་གྱི་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་རྟེན་གནས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ་རུ་བཙུགས་ཤིང་། ཁུལ་གཏོགས་མི་རིགས་མཐོ་འབྲིང་སོ་སོའི་བོད་སྐད་ཡིག་གི་རྐང་འཛིན་དགེ་རྒན་དག་གིས་གྲུབ་པའི་བོད་སྐད་ཡིག་བསླབ་གཞི་རྟེན་གནས་ཀྱི་ཚོགས་མིས་དཔེ་སྟོན་དང་སྣེ་ཁྲིད། སྐུལ་འདེད། ཁྱབ་སྤེལ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཁུལ་སློབ་གསོ་ཞིབ་འཇུག་ཁང་གི་མཛུབ་ཁྲིད་འོག་ཁུལ་ཡོངས་ཀྱི་མཐོ་འབྲིང་བོད་སྐད་ཡིག་ན་གཞོན་དགེ་རྒན་རྣམས་ཀྱི་ཆེད་ལས་ཤེས་བྱ་གསོ་སྦྱོང་དང་སློབ་ཁྲིད་ཀྱི་འདུ་ཤེས་བཅོས་སྒྱུར། གོམ་གང་མདུན་སྤོས་སྒོས་སློབ་གསོ་སློབ་ཁྲིད་ལ་ཤུགས་སྣོན་པ། བོད་སྐད་ཡིག་སློབ་ཁྲིད་བཅོས་བསྒྱུར་གྱི་གོམ་འགྲོས་ཇེ་མགྱོགས་སུ་གཏོང་བར་དམིགས་ནས་སྤྱི་ལོ༢༠༢༠ལོའི་ཟླ༡༡ཚེས༢ཉིན་ནས་ཚེས༣ཉིན་སྟེ་ཉིན་གཉིས་ཀྱི་རིང་ལ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆབ་འགག་སྟོབས་ལྡན་ལགས་གདན་དྲངས་ནས《མཐོ་རྒྱུགས་བཅོས་སྒྱུར་དང་འབྲེལ་ཏེ་མཐོ་འབྲིང་བོད་སྐད་ཡིག་འཁྲིད་ཐབས་སྐོར་གླེང་བ》ཞེས་པ་བརྗོད་གཞིར་བྱས་བའི་འཆད་ཁྲིད་ཀྱི་བྱ་འགུལ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ་རུ་སྤེལ་ཞིང་། མཚོ་ལྷོ་ཁུལ་གྱི་མི་རིགས་མཐོ་འབྲིང་ལྔ་ནས་འབྱོར་བའི་བོད་སྐད་ཡིག་དགེ་རྒན༥༠ལྷག་འཆད་འཁྲིད་ལ་ཞུགས།
ཐེངས་འདིར་འཆད་ཁྲིད་དགེ་རྒན་གྱིས་མི་རིགས་སློབ་གསོར་བཅངས་པའི་ལྷག་བསམ་གྱིས་མདུན་བསུས་ནས། རྗེ་ས་པཎ་གྱི《མཁས་འཇུག》དུ། འཆད་པའི་སྐྱོན་རྣམས་སྤངས་ནས་ནི། །ཤིན་ཏུ་བརྩེ་བའི་བསམ་པས་བཤད། །ཉན་པའི་སྐྱོན་རྣམས་སྤངས་ནས་ནི། །ཤེས་པར་འདོད་པས་ལེགས་པར་མཉན། །ཞེས་གསུངས་པ་བཞིན་འཆད་ཉན་གྱི་རྩ་དོན་ལྟར་སྤང་བར་བྱ་བ་འཆད་པའི་སྐྱོན་དང་། བླང་བར་བྱ་བ་འཆད་པའི་ཡོན་ཏན་དང་། འཆད་པའི་གཤིས་ལུགས། འཆད་པའི་ཐབས་ལ་སོགས་པ་གནད་དུ་བཟུང་ནས་འཆད་བྱ་རྒྱས་བསྡུས་འཚམ་པས་ཡིད་ལ་འཛིན་བདེ་བ་དང་། གང་ལ་གང་འཚམ་གྱི་ལུང་དྲངས་པ་ཁུངས་བཙུན་པ། ངོ་མཚར་གཏམ་རྒྱུད་དང་སྦྱར་བས་རྨུགས་པ་བཏང་བ། གནའ་དེང་ཐབས་ལམ་ཟུང་དུ་སྦྲེལ་བས་དུས་དང་མཐུན་པ། རང་གི་ཉམས་མྱོང་དང་སྦྱར་བས་གནད་དུ་ཕོག་པ། མཚོན་བྱེད་ཀྱི་དཔེ་དྲངས་པས་ཀུན་གྱིས་གོ་བདེ་བ་ལ་སོགས་ཀྱི་ཁྱད་ཆོས་དུ་མས་ཕྱུག་པའི་འཆད་ཁྲིད་ཀྱི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྩལ་པས། ན་གཞོན་དགེ་རྒན་རྣམས་ལ་མཚོན་ན་མུན་པར་འོད་སྤྲོ་བ་དང་། ལོང་བར་མིག་སྤྲད་པ། ལྟོགས་པར་ཟས་སྩོལ་བ། སྐོམ་པར་ཆུ་སྦྱིན་པ་བཞིན་སླད་མའི་སློབ་ཁྲིད་བྱེད་ཐབས་ལ་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ནུས་པ་བླ་ལྷག་ཐོན་པས་ཀུན་གྱི་ཡིད་དབང་པོ་ཅིག་ཅར་ཏུ་བཀུག
ཚེས༣ཉིན་གྱི་དགོང་དྲོར་རྒན་ལགས་ཀྱིས་དཀའ་བ་ཁྱད་དུ་གསད། ངལ་བ་དང་དུ་བླངས། ཤིན་ཏུ་བརྩེ་བ་དང་བཅས་སློབ་གྲྭའི་སྙན་ཞུའི་ཚོམས་ཁང་ཆེན་མོ་རུ་མཐོ་གཉིས་རིམ་པའི་སློབ་བུ་ཡོངས་ལ《དཔེ་ཀློག་དང་ཀུན་སྤྱོད》ཞེས་པ་བརྗོད་དོན་དུ་བཟུང་ནས་སློབ་གཉེར་བ་ཞིག་ལ་མཚོན་ན་རང་ཉིད་སུ་ཞིག་ཡིན་པ་ཤེས་པའི་རྨང་གཞིའི་སྟེང་། སློབ་སྦྱོང་བྱ་དགོས་པའི་རྒྱུ་མཚན་ཤེས་ཤིང་། སློབ་སྦྱོང་གི་དམིགས་ཡུལ་གསལ་ལ་འཆར་གཞི་ཡོད་པ། སློབ་སྦྱོང་གི་ལྟ་བ་དང་རྣམ་འགྱུར། ཀུན་སློང་། ནང་དོན། གོམས་སྲོལ། བྱེད་ཐབས་སོགས་ཡང་དག་པ་ཡིན་ལ། སློབ་སྦྱོང་གི་སྙིང་སྟོབས་ཆེན་པོ་ཞིག་ལྡན་ན། དེ་ནི་སློབ་སྦྱོང་ལ་དགའ་ཞིང་། སློབ་སྦྱོང་བྱེད་ཤེས་པ། སློབ་སྦྱོང་བྱེད་པ་ལ་མཁས་པའི་སློབ་མ་ཞིག་ཏུ་འགྱུར་ངེས་པ་དང་། དེ་དག་ལས་རྩ་བར་གྱུར་པ་ནི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ལེགས་པོ་ཆགས་དགོས་པར་རྒྱབ་རྟེན་གྱི་ལུང་དང་སྒྲུབ་བྱེད་ཀྱི་རིགས་པ། གསལ་བྱེད་ཀྱི་དཔེ་དང་བཅས་ཏེ་རྒྱས་པར་སྤྲོས་ཤིང་། མཐར་དུས་རབས་གསར་བའི་བོད་ཀྱི་མཐོ་འབྲིང་སློབ་མ་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་གཉིས་ཏེ། ཤེས་བྱ་ཡོན་ཏན་འཛོམས་པ་དང་མི་གཞི་ཀུན་སྤྱོད་ལེགས་པའི་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོས་པའི་རེ་བ་བཏོན་ནས་འཆད་ཁྲིད་ཡོངས་སུ་མཇུག་བསྡུས་སོ། །

འབྲེལ་ཡོད་འོས་སྦྱོར།