བྱིས་པ་དཀའ་ཁག་ལ་འཕྲད་དུས་ནི་སློབ་གསོའི་གོ་སྐབས་ཡག་ཤོས་དེ་ཡིན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-03-21
ཀློག་གྲངས།:
ལྷ་མོ་ནི་ལོ་རིམ་ལྔ་པའི་སློབ་མ་ཆུང་ཆུང་ཞིག་ཡིན། སློབ་ཐུན་ཚོགས་པའི་དུས་ཤིག་ལ། མོས་གཅིན་མ་སྲོན་པར་དོར་མའི་ནང་ལ་འཆོར་བ་དང་། དེ་ཡང་སློབ་གྲོགས་ཚང་མས་ཚོར་བས། སློབ་ཐུན་དགེ་རྒན་གྱིས་མྱུར་བར་ཁྱིམ་བདག་ལ་ཁ་པར་བཏང་ནས་ལྷ་མོ་བསུ་རུ་ཡོང་དགོས་པའི་བརྡ་བཏང་ཞིང་། ལྷ་མོའི་ཨ་མའང་མགྱོགས་པོར་སློབ་གྲྭའི་ནང་དུ་སླེབས། ཡིན་ནའང་། ཨ་མ་དང་འཕྲད་མ་ཐག ལྷ་མོ་ནི་སྐྱོ་གདུང་དྲག་པོས་ངུས་ཤིང་། “ཨ་མ། སང་ཉིན་ནས་བཟུང་ང་སློབ་གྲྭའི་ནང་ལ་གཏན་ནས་མི་འགྲོ”ཞེས་བརྗོད།
གཏམ་རྒྱུད་འདི་ནི་ངས་དྲ་ཐོག་གི་བརྙན་ཐུང་ཞིག་ལས་མཐོང་བ་ཡིན་ལ། གཏམ་རྒྱུད་བཤད་མཁན་ནམ་གཏམ་རྒྱུད་འདི་སྒྲོག་མཁན་གང་དེས། འདི་ནི་ཁོའི་ཉེ་འགྲམ་དུ་བྱུང་བའི་དོན་དངོས་ཤིག་ཡིན་པར་རྗོད་ཀྱིན་མཆིས། ཡིན་ནའང་། གཏམ་རྒྱུད་འདི་དོན་དངོས་ཡིན་མིན་ལ་ང་ཚོས་རྩད་གཅོད་བྱེད་མི་དགོས་ཏེ། རྒྱུ་མཚན་དོན་འདི་འདྲ་ནི་མི་རྣམས་ལ་གོ་ཐོས་མང་བར་མ་ཟད། དངོས་སུ་མཐོང་བའང་ཡོད་སྲིད་ལ། ཐ་ན་དངོས་སུ་བརྒྱུད་མྱོང་བའང་ཡོད་ཤག་ཤག་ཡིན་པ་དེ་རེད། དེ་བས། གལ་ཆེ་ཤོས་ནི་བྱིས་པ་ཞིག་དཀའ་ཁག་དེ་འདྲ་ལ་འཕྲད་པའི་སྐབས་སུ། བྱིས་པའི་ཕ་མ་དང་དགེ་རྒན་སོགས་ཀྱིས་ཇི་ལྟར་བྱིས་པར་དཀའ་ཁག་སེལ་རོགས་བྱེད་པ་དེ་རེད།
བཤད་ཚུལ་ལྟར་ན། ལྷ་མོའི་ཨ་མས་དོན་དེ་ཐག་གཅོད་ཚུལ་ནི་བྱིས་པའི་འཚར་ལོངས་ལ་ཤིན་ཏུ་ཕན་པའི་བྱེད་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན་སྐད་འདུག དེས་ན་ཨ་མ་དེས་བྱིས་པའི་དཀའ་ཁག་སེལ་ཐབས་ཅི་ཡིན་པ་མ་ཤེས་སྔོན་ལ། ཕ་མར་གྱུར་དང་འགྱུར་ལ་ཉེ་བའི་མི་རྣམས་ཀྱིས་སོ་སོ་རང་ཉིད་དཀའ་ཁག་དེ་འདྲར་འཕྲད་ན་ཇི་ལྟར་བྱེད་སྲིད་པར་བསམ་བློ་ཕྲན་ཙམ་བཏང་ཆོག་པ་ཡིན།
གོང་ནས་བརྗོད་པ་ལྟར། ལྷ་མོ་ནི་ལོ་རིམ་ལྔ་པའི་སློབ་མ་ཆུང་ཆུང་ཞིག་རེད། མོ་རང་གཟུགས་ཆུང་བས་འདུག་སྟེགས་ཀྱང་མདུན་གྱི་གྲལ་རིམ་གཉིས་པར་ཡོད། སློབ་ཐུན་སྔོན་མར་སྐད་ཡིག་དགེ་རྒན་གྱིས་སློབ་མའི་སློབ་ཚན་བློར་བཟུང་བའི་གནས་ཚུལ་ལ་ཞིབ་བཤེར་བྱས་པས། སློབ་ཁྲིད་དུས་ལྟར་གྲོལ་མ་ཐུབ། ལྷ་མོ་གཅིན་གཏོང་དུ་འགྲོ་བར་བསམས་ཡོད་ཀྱང་། སློབ་ཐུན་རྗེས་མའི་ཚོགས་བརྡ་དུས་ལྟར་གྲགས་ཤིང་། འཛིན་བདག་དགེ་རྒན་ཡང་དུས་ལྟར་སླེབས་པས། ལྷ་མོ་ལ་སྤྱོད་ཁང་དུ་འགྲོ་བའི་གོ་སྐབས་ཅི་ཡང་མ་ལྷག དེ་ལས་ཀྱང་འཛིན་བདག་དེ་ནི་གསར་དུ་བསྐོས་པ་ཞིག་ཡིན་པར་མ་ཟད། གཤིས་ལ་གཟབ་ནན་ཆེ་ཞིང་སྒྲིག་ལམ་ལ་ཧ་ཅང་དམ་པས། ལྷ་མོས་ནི་བཟོད་བསྲན་བྱེད་པ་ལས་དགེ་རྒན་ལ་གནང་བའང་ཞུ་མ་ཕོད། ཡིད་སྐྱོ་བ་ཞིག་ལ། མཐའ་མཇུག་ལྷ་མོས་གཞི་ནས་གཅིན་མ་སྲོན་པར་དོར་མའི་ནང་ལ་འཆོར། གྲལ་ཤར་གསུམ་པའི་སློབ་གྲོགས་ཀྱིས་སྒྲོག་ཙེའི་འོག་གི་ཐང་བརླན་འདུག་པ་མཐོང་ནས། ཞིབ་ཏུ་བལྟས་པར་ཅི་བྱུང་གསལ་པོར་ཧ་གོ་བར་གྱུར་ཅིང་། དགེ་རྒན་ལ“རྒན་ལགས། ལྷ་མོས་གཅིན་ཤོར་འདུག”ཅེས་བཤད། གནས་ཚུལ་འཛིན་གྲྭའི་སློབ་གྲོགས་ཐམས་ཅད་ཀྱིས་ཤེས་ཤིང་སློབ་ཁང་ཧྲིལ་པོ་དགོད་སྒྲས་ཁེངས་པར་གྱུར།
ལྷ་མོ་སྐྱོ་གདུང་དྲག་པོས་ངུས་ཤིང་ཕྱིན་ཆད་སློབ་གྲྭར་མི་འགྲོ་ཞེས་བརྗོད་དགོས་པའི་རྒྱུ་མཚན་ནི་དེ་རེད། ཨ་མས་སྐད་ཆ་ཅི་ཡང་མ་དྲིས་པར། ལྷ་མོ་ཁྲིད་ནས་ཁྱིམ་ལ་ལོག ཁྱིམ་ལ་ལོག་རྗེས་མོས་ཐོག་མར་ལྷ་མོར་ཆུ་དྲོད་འཇམ་གྱི་ཁྲུས་ཤིག་བྱེད་དུ་བཅུག་པ་དང་། དེ་ནས་གྱོན་པ་གསར་པ་ཞིག་གོན་དུ་བཅུག་རྗེས། གཞི་ནས་ལྷ་མོ་པང་ལ་རུམ་ཞིང་ངག་འཇམ་པོས“ད་ནི་སེམས་ཁུར་ཅི་ཡང་བྱེད་དགོས་པ་མ་རེད། དོན་དག་དེ་འདས་སོང་བ་རེད། གལ་ཏེ་ཁྱོད་སང་ཉིན་དངོས་གནས་སློབ་གྲྭར་འགྲོ་མི་འདོད་ན་མ་སོང་ན་ཆོག”ཅེས་བརྗོད།
ལྷ་མོའི་སེམས་སུ་རང་གིས་དེ་འདྲའི་ངོ་གནོང་དགོས་པའི་ལས་ཤིག་བྱས་པ་ལ་ཨ་མས་ལེ་བདའ་བྱེད་འོང་ངེས་སྙམ་ཡོད་ནའང་། ཨ་མས་མོ་ལ་དེ་ལྟར་སེམས་གསོ་བྱས་སོང་བས། མོས་མིག་ཆུ་གཙང་མར་ཕྱིས་རྗེས་ཨ་མར་དོན་དག་གི་བརྒྱུད་རིམ་ཞིབ་ཏུ་ཞུས། ཨ་མས་སྔར་བཞིན་མོ་ལ་ལེ་བདའི་ཚིག་ཟུར་ཙམ་ཡང་མ་བརྗོད་པར་མ་ཟད། མུ་མཐུད་དུ་མོ་ལ་སེམས་གསོའི་ཚུལ་དུ། “ཁྱོད་བཙས་མ་ཐག་པའི་དུས་དེ་ལ། ངས་ཀྱང་སྒོ་རྩིས་ཚོང་ར་ཞིག་ནས་གཅིན་མ་སྲོན་པར་དོར་མའི་ནང་ལ་འཆོར། སྐབས་དེར་ངའི་སེམས་ཀྱང་ཤིན་ཏུ་སྐྱོ་བ་ཞིག་བྱུང་མྱོང་བས། ད་ལྟའི་ཁྱོད་ཀྱི་སེམས་སྡུག་འདི་ངས་ལོས་ཤེས”ཞེས་བཤད།
ཨ་མའི་སེམས་གསོ་ཐོབ་པས། ལྷ་མོའི་སེམས་སྡུག་ཀྱང་རིམ་བཞིན་སངས་པར་གྱུར། ཡིན་ནའང་། མོའི་སེམས་སྡུག་དེ་རེ་ཞིག་སངས་པར་གྱུར་ཀྱང་། སེམས་ཁྲལ་ནི་ད་དུང་སྔར་བཞིན་ཆེ་སྟེ། མོ་ནི་སློབ་གྲོགས་ཚོའི་འཕྱ་སྨོད་བྱེད་ཡོང་བར་སྐྲག་གིན་ཡོད་པ་རེད། དེ་བས། ཨ་མས་མོའི་སེམས་བདེ་རུ་འཇུག་ཆེད། དགེ་རྒན་ལ་ཁ་པར་བཏང་ཞིང་། ཁ་པར་ལས་ཨ་མས་དགེ་རྒན་ལ་ལེ་བདའ་དང་འཁང་རའི་རྣམ་འགྱུར་ཟུར་ཙམ་ཡང་མ་བསྟན་པར། བྱིས་པ་གང་ལ་སེམས་ཁྲལ་སྐྱེ་བཞིན་པ་དང་སློབ་གྲྭར་འགྲོ་ཕོད་ཀྱིན་མེད་པ་སོགས་གནས་ཚུལ་ཇི་བཞིན་ཞུས་ཏེ། ཐབས་ཤེས་ག་འདྲ་ཡོད་མེད་དྲིས་པ་ལ། འཛིན་བདག་དགེ་རྒན་གྱིས། “ལྷ་མོའི་ཨ་མ། སང་ཉིན་དེ་འདྲའི་གནས་ཚུལ་ཅི་ཡང་འབྱུང་མི་སྲིད་པ་ངས་ཁག་ཐེག་བྱེད་ཆོག ཁྱེད་ཀྱིས་ལྷ་མོར་སེམས་བདེ་མོ་གྱིས་ལ་སློབ་གྲྭར་ཡོང་རྐྱང་བྱེད་ཆོག་ཞུ་རོགས”ཞེས་བརྗོད། ཨ་མས་དགེ་རྒན་གྱི་སྐད་ཆ་དག་ལྷ་མོར་ཇི་བཞིན་དུ་བརྒྱུད་སྤྲོད་བྱས་ཤིང་། དུས་མཚུངས་སུ་ལྷ་མོར་གོ་བསྐོན་བློ་འགུགས་ཀྱི་གཏམ་དུ། “སང་ཉིན་ཁྱོད་སློབ་གྲྭར་འགྲོ་མི་འདོད་ན་སྔར་བཞིན་མ་སོང་ན་ཆོག ཡིན་ནའང་། གནངས་ཉིན་དང་གཞེས་ཉིན་ཇི་ལྟར་བྱེད། ཁྱོད་སློབ་གྲོགས་ཚོའི་འཕྱ་སྨོད་ལ་སྐྲག་ནས་འདུག་ཡུན་ཇི་ལྟར་རིང་ན། དོན་དག་འདིས་བསྐྱེད་པའི་སྡུག་བསྔལ་དེ་ཡང་དེ་ལྟར་སངས་དཀའ་བ་རེད། དེ་ལས་ཁྱོད་ཀྱིས་སྤོབས་པ་ཆེར་བསྐྱེད་ཀྱིས་དཀའ་གནད་འདི་གདོང་གིས་བསུས་པ་ཡིན་ན། སྡུག་བསྔལ་དེ་ད་གཟོད་མྱུར་དུ་སངས་འགྲོ་བ་རེད”ཅེས་བཤད།
ལྷ་མོ་ལ་སྔར་བཞིན་སེམས་ཁྲལ་ཆེ་ནའང་། མོས་ཨ་མར་ཡིད་ཆེས་ཏེ། ཕྱི་ཉིན་སྤོབས་པ་ཆེར་བསྐྱེད་ཀྱིས་སློབ་གྲྭར་སོང་། གང་ལྟར་སློབ་གྲྭ་གྲོལ་ནས་ཁྱིམ་ལ་ལོག་དུས། ལྷ་མོའི་སེམས་ཁམས་སྤྲོ་སྣང་གིས་ཁེངས་འདུག་སྟེ། རྒྱུ་མཚན་ནི་སློབ་གྲྭར་དོན་དེའི་སྐོར་གླེང་མཁན་གཅིག་ཀྱང་མ་བྱུང་བས་རེད། དེ་ནི་འཛིན་བདག་དགེ་རྒན་གྱི་བཀའ་དྲིན་ཡིན་པ་སྨོས་ཅི་དགོས།
གཏམ་རྒྱུད་འདི་རྗོད་མཁན་གྱི་དྲ་གྲོགས་དེ་ལ་མཐའ་སྡོམ་ཚིག་གསུམ་ཞུ་རྒྱུ་ཡོད་པར་བཤད་ལ། དེ་དག་ཀྱང་ང་ཚོས་ཉན་རི་བ་ཤ་སྟག་རེད། གཅིག་ནས་བྱིས་པ་སློབ་གྲྭ་ནས་དཀའ་ཁག་ཅི་ལ་འཕྲད་ཀྱང་། ཁྱིམ་བདག་ཕ་མ་རྣམས་ཀྱི་ཐོག་མར་བསམ་དགོས་པ་ནི་སེམས་ལྷོད་ལ་བབས་ནས་བྱིས་པའི་དཀའ་ཁག་སེལ་རོགས་བྱེད་རྒྱུ་དེ་ཡིན་པ་ལས། རླུང་ཁམས་འཁྲུགས་ནས་སུ་བདེན་སུ་ནོར་གྱི་འགན་རྩད་འདྲི་བྱེད་རྒྱུ་ལ་རེམ་པ་དེ་མིན་པ་དང་། གཉིས་ནས་ཡུལ་དུས་གང་དང་གནས་ཚུལ་ཅི་འདྲ་ཞིག་གི་སྐབས་སུའང་། ང་ཚོས་བྱིས་པའི་ཟུར་ནས་ལངས་ཏེ་གནད་དོན་ལ་བསམ་གཞིག་གཏོང་བ་ལས། མི་དར་མ་རྣམས་ཀྱི་ཤེས་ཚོད་ལ་དཔང་བཅོལ་ནས་བྱིས་པའི་དཀའ་ཁག་གི་ཆེ་ཆུང་རང་ཤེད་ཀྱིས་གཏན་ལ་འབེབས་མི་རུང་སྟེ། ཁྱོད་ཀྱིས་བལྟས་ན་གནད་དོན་ཆུང་ཆུང་ཞིག་ཡིན་པ་གང་དེ་བྱིས་པར་མཚོན་ན་གནད་དོན་ས་གཞིས་མི་ཐེག་པ་ཞིག་ཡིན་ཡང་སྲིད། གསུམ་ནས་གནད་དོན་ཅི་འདྲ་ཞིག་བྱུང་ཡང་། ཁྱིམ་བདག་རྣམས་ལ་མཚོན་ན་ཐོག་མར་དགེ་རྒན་གྱི་གམ་ལ་གཏུགས་རྒྱུ་གལ་ཆེ། དགེ་རྒན་ཡང་ང་ཚོ་ཕ་མ་རྣམས་དང་འདྲ་བར་བྱིས་པར་བདག་སྐྱོང་བྱེད་མཁན་ཡིན་པས། དགེ་རྒན་དང་གྲོས་མོལ་གྱིས་དཀའ་ཁག་སེལ་ཐབས་ཡག་པོ་ཞིག་འཚོལ་བ་ལ་འབད་རྒྱུ་གལ་ཆེ་སྟེ། སློབ་མ་རྣམས་ལ་མཚོན་ན་དགེ་རྒན་གྱི་སྐད་ཆ་ནི་ང་ཚོ་ཁྱིམ་བདག་རྣམས་ལས་ཀྱང་ལྷག་པར་ཟིལ་ཤུགས་ལྡན་ལ་ཡིད་རྟོན་འཕེར་བ་ཞིག་ཡིན།
བརྙན་ཐུང་དེའི་ནང་དོན་ནི་ཧ་ལམ་འདི་ཙམ་རེད། འདིར་ཆེད་དུ་ཡི་གེར་ཕབ་ནས་ཀློག་མཁན་རྣམས་ལ་མཉམ་སྤྱོད་བྱས་པའང་མདོར་དེད་ན་བྱིས་པའི་སློབ་གསོ་ལ་ཆིག་ཐུབ་ཀྱི་མན་ངག་ཅིག་ཡོད་མེད་ཅི་ཡང་རུང་། གཙོ་བོ་ནི་ཕ་མ་དང་དགེ་རྒན་རྣམས་ཀྱིས་བྱིས་པ་འཚར་ལོངས་ཀྱི་གོ་རིམ་ཁྲོད་ནས། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཅི་འདྲ་ཞིག་བསྟེན་ནས་ཁོ་ཚོར་འབྲེལ་འདྲིས་བྱེད་པ་ནི་གནད་འགག་ཅིག་སྟེ། རྒྱུན་ལྡན་གྱི་འབྲེལ་འདྲིས་ཁྲོད་ནས་ཕ་མ་དགེ་རྒན་རྣམས་ཀྱི་ཐབས་དང་ཤེས་རབ་དང་བརྩེ་བ་ཅི་འདྲ་ཞིག་རྩལ་དུ་འདོན་ཐུབ་ན། བྱིས་པ་རྣམས་ཀྱང་དེ་བཞིན་དུ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་ཐབས་དང་ཤེས་རབ་དང་བརྩེ་བ་ལྡན་པའི་མི་ཞིག་འཁྱོངས་པ་ལ་གྲོགས་སུ་འགྲོ་བ་ཡིན།
གཞན་ཡང་དཀའ་ཁག་རང་སྟེང་ན་ལེགས་ཉེས་ཆེར་མེད་པས། ཕ་མ་རྣམས་ཀྱིས་བྱིས་པ་དཀའ་ཁག་ལ་འཕྲད་པར་དོགས་ནས། ནོར་བུ་བཞིན་རུམ་ལ་བཅུག་བཅུག་ཏུ་ཡང་སྡོད་དགོས་མེད། བྱིས་པ་དཀའ་ཁག་གང་ལ་འཕྲད་ཀྱང་། དེ་སེལ་རོགས་ཡག་པོ་བྱས་ཚེ། དཀའ་ཁག་དེ་ནི་བྱིས་པར་མཚོན་ན་མི་ཚེ་གཅིག་ལ་ཕན་པའི་སློབ་གསོའི་མྱོང་བ་མཆོག་ཏུ་གྱུར་པ་ཞིག་ཏུ་འགྱུར་སྲིད་ལ། དཀའ་ཁག་གང་དེ་སེལ་རོགས་ཡག་པོ་མ་བྱས་པར་སྐྱོ་གར་དུ་གྱུར་ཚེ། དེ་ནི་བྱིས་པའི་མི་ཚེ་གཅིག་གི་དཀའ་ཁག་ཏུ་འགྱུར་ཉེན་ཡང་ཆེ་བས། དཀའ་ཁག་གང་དེ་ཇི་ལྟར་སེལ་བའི་ཐབས་དེ་ནི་ཕ་མ་དང་དགེ་རྒན་རྣམས་ལ་རག་ལས་ཡོད་པས། མི་སུ་ཡིན་རུང་སོ་སོའི་ཐབས་ཤེས་དང་བརྩེ་བའི་ཡང་ལྕི་ལ་ནམ་ཡང་ཁེངས་པ་ཅི་ཡང་མེད་པར་མནོ་བསམ་གཏོང་རི་བ་ཡིན། །

འབྲེལ་ཡོད་འོས་སྦྱོར།