མཚོ་ལྷོ་ཁུལ་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་གནས་ཚུལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།
དུས་ཚོད།:2015-06-04
ཀློག་གྲངས།:
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དང་། ཁུལ་མི་དམངས་སྲིད་གཞུང་གི་གཞན་གྱི་སློབ་གསོའི་ཐོན་ཁུངས་བེད་སྤྱད་ནས་རང་ཡུལ་གྱི་སློབ་མ་གསོ་སྐྱོང་བྱེད་པའི་བསམ་བློའི་མཛུབ་སྟོན་འོག་ཁྱད་ཆོས་བརྗེ་གསབ་དང་། ཐོན་ཁུངས་མཉམ་སྤྱོད། མཉམ་འབྲེལ་མཉམ་དར་གྱི་སློབ་སྒྲུབ་འབྲེལ་ཟམ་འཛུགས་པའི་དགོངས་དོན་ལྟར་ཐོག་མར་སློབ་མ་སློབ་གྲྭར་འཇུག་པ་དང་མཐའ་མར་སློབ་མ་ལས་སྒོར་འཇུག་པའི་སྒོ་འདི་གཉིས་རྒྱ་ཆེ་ཞིང་ཡངས་པོར་ཕྱེ་ནས་རང་ཁུལ་གྱི་མཐོ་འབྲིང་དང་དམའ་འབྲིང་གི་བོད་རིགས་སློབ་མ་རྣམས་ལ་སློབ་གྲྭར་འཇུག་པའི་སྒོ་མང་བ། ལས་སྒོར་འཇུག་པའི་སྒོ་ཡངས་པ་བཅས་ཀྱི་ཁྱད་ཆོས་གཙོ་བོར་བཟུང་སྟེ་ནང་ལོག་ས་ཁུལ་གྱི་སློབ་གསོའི་ཐོན་ཁུངས་བེད་སྤྱད་ནས་རང་ཡུལ་གྱི་སློབ་མ་ལ་ལས་རིགས་ལག་རྩལ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་མྱོངས་བའི་སྐལ་བ་གསར་བའི་སྟེགས་བུ་བསྐྲུན་ཡོད་པ་རེད།
2011ལོ་ནས་བཟུང་སྔ་གཞུག་ཏུ་སློབ་མ1500ལྷག་ཅང་སོ་སོགས་སུ་མངགས་ནས་གཞུང་ལུགས་དང་ལག་རྩལ། བསམ་བློ་དང་མཐོང་རྒྱ་སོགས་ཕྱོགས་ཡོངས་ནས་སྐྱེད་བསྲིང་ཐུབ་པ་ཡོང་བ་མ་ཟད། ས་གནས་དང་མི་རིགས་ཕན་ཚུན་བར་ལ་མཐུན་སྒྲིལ་གྱི་རྨང་གཞིའང་བརྟན་པོ་འདིངས་འཛུགས་བྱེད་ཐུབ་པ་བྱུང་།
གཅིག ཞིང་ཆེན་གཞན་དུ་འགྲིམས་པའི་སློབ་མའི་གནས་ཚུལ།
2011ལོ་ནས་བཟུང་སྔ་གཞུག་ཏུ་ཅང་སོ། ཧྭོ་པེ། ཧྭོ་ནན། སུ་ཁྲོན། ཀན་སོ་བཅས་ཞིང་ཆེན་ལྔ་དང་སློབ་གྲྭ་དགུ་ལ་མཚོ་ལྷོ་ཁུལ་གྱི་བྱེས་འགྲིམས་འཛིན་གྲྭ་སྒྲུབ་པའི་གན་རྒྱ་བཞག་པ་དང་། སློབ་མ1504ནང་ལོག་ས་ཁུལ་དུ་མངགས། སློབ་མ་འདི་དག་སོ་སོ(江苏仪征技师学院)ཅང་སོ་ཡུས་ཀྲིན་ལག་རྩལ་སློབ་གླིང་།(江苏扬州技师学院)ཅང་སོ་ཡང་ཀྲིག་ལག་རྩལ་སློབ་གླིང་། (扬州旅游商贸学校)ཅང་སོ་ཡང་ཀྲིག་ལྗོངས་རྒྱུ་ཚོང་ལས་སློབ་གྲྭ(湖北江汉石油高级工程技术学院)ཧྭོ་པེ་ཅང་ཧྭན་རྡོ་སྣུམ་མཐོ་རིམ་ལས་བཟོ་ལག་རྩལ་སློབ་གླིང་།(湖南娄底卫生学校)ཧྭོ་ནན་ལིག་ཏུས་འཕྲོད་བསྟེན་སློབ་གྲྭ(四川仁寿华达职业技术学校)སི་ཁྲོན་རིན་ཧྲིག་ཧྭ་ཏ་ལས་རིགས་ལག་རྩལ་སློབ་གྲྭ(甘肃兰州信息工程中等职业学校)ཀན་སོ་ལན་ཀྲིག་ཆ་འཕྲིན་བཟོ་ལས་འབྲིང་རིམ་ལས་རིགས་སློབ་གྲྭ (甘肃兰州财贸学校)ཀན་སོ་ལན་ཀྲིག་ནོར་ཟོང་སློབ་གྲྭ་བཅས་སུ་ཞུགས་ནས་ནད་གཡོག་ཆེད་ལས་དང་། གསོ་རིག་བརྟག་དཔྱད་ཆེད་ལས། སྨན་སྦྱོར་ཆེད་ལས། སྐྱེ་རོགས་ཆེད་ལས། རླངས་འཁོར་ཞིག་གསོ་ཆེད་ལས། སློབ་སྔོན་སློབ་གསོ་ཆེད་ལས། གློག་ཀླད་དྲ་ངོས་ཇུས་འགོད་ཆེད་ལས། རྡོ་སྣུམ་སྔོག་འདོན་ཆེད་ལས། ལྕགས་ལམ་སྐྱེལ་འདྲེན་དང་དོ་དམ་ཆེད་ལས། གློག་ཆས་གཅིག་སྤྱོད་ཆེད་ལས། བཟོ་ལས་རགས་རྩིས་ཆེད་ལས། དངུལ་ཁང་ལས་བཟོའི་ཆེད་ལས་སོགས་ཆེད་ལས་རིགས་ཆེན་པོ་དགུ་དང་སྣ་ག་ཉེར་དགུ་བདམས་ནས་སློབ་སྦྱོང་ལ་ཞུགས་མུས་སུ་མཆིས། དེ་ལས་གསོ་རིགས་ཆེད་ལས་སུ་ཞུགས་པའི་སློབ་མ283དང་། རླངས་འཁོར་རིགས་ཀྱི་ཆེད་ལས་སུ་ཞུགས་པའི་སློབ་མ194། གློག་ཆས་རིགས་ཀྱི་ཆེད་ལས་སུ་ཞུགས་པའི་སློབམ50། བཟོ་སྐྲུན་རིགས་ཀྱི་ཆེད་ལས་སུ་ཞུགས་པའི་སློབ་མ38། གློག་ཀླད་རིགས་ཀྱི་ཆེད་ལས་སུ་ཞུགས་པའི་སློབ་མ218། གཞན་པའི་ཆེད་ལས་སུ་ཞུགས་པའི་སློབ་མ136བཅས་ཡོད།
2014ལོར་རང་ཁུལ་གྱི་རྫོང་སོ་སོའི་སློབ་གསོ་ཅུའུ་དང་སློབ་བསྡུ་ཁང་གིས་དམིགས་འབེན་འགན་འཁྲིའི་འཆར་གཞི་ལྟར་སློབ་མ་429ཕྱི་ཕྱོགས་སུ་མངགས་ནས་འགན་འཁུར་ལྷག་འགྲུབ་ཐུབ་པ་བྱུང་སོང་། དེར་གསེར་ཆེན་རྫོང་ལ་གཏོགས་པའི་སློབ་མ་129དང་། འབའ་རྫོང་ལ་གཏོགས་པའི་སློབ་མ141། དར་མཚོ་རྫོང་ལ་གཏོགས་པའི་སློབ་མ63། ཁྲི་ཀ་རྫོང་ལ་གཏོགས་པའི་སློབ་མ་53། མང་རྫོང་ལ་གཏོགས་པའི་སློབ་མ43བཅས་ཡིན། 2014ལོའི་ཚུན་དུ་སློབ་མཐར་ཕྱིན་པའི་སློབ་མ་སྡོམ་327ཡོད་པ་དང་། དེ་ལས་རྡོ་སྣུམ་ཆེད་ལས་ཀྱི་སློབ་མ100ལྷག(新疆吐哈)ཞིན་ཅང་ཐོ་ཧྭ། (大庆)ཏ་ཆིན། (江汉)ཅང་ཧྭན་བཅས་རྡོ་སྣུམ་ཀུང་སི་ནས་ལས་སྒོར་ཞུགས་ཡོད་པ་མ་ཟད། ཆ་སྙོམས་སྒོར4000ཡན་གྱི་གླ་ཕོག་ལེན་བཞིན་ཡོད། གློག་ཀླད་དྲ་ངོས་ཇུས་འགོད་དང་དངུལ་ཁང་ལས་བཟོ་ཆེད་ལས་ཀྱི་སློབ་མ77ལྷག་ཅང་སོ། ཀྲེ་ཅང་སོགས་ས་གནས་སུ་ལས་སྒོར་ཞུགས། སློབ་མ་20ལྷག་མཐོ་རིམ་སློབ་གྲྭར་ཞུགས་པའི་སྐལ་བ་ལྡན། སློབ་མ་133ལྷག་ཕྱིར་རང་ཡུལ་ཕྱོགས་སུ་ལོག་ནས་ལས་སྒོ་གསར་བ་བཏོད།
གཉིས། ཞིང་ཆེན་ནང་ཁུལ་དུ་འགྲིམས་པའི་སློབ་མའི་གནས་ཚུལ།
2014ལོའི་ཚུན་ལ་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ལས་རིགས་སློབ་གྲྭ26ནས་མཚོ་ལྷོ་ཁུལ་གྱི་སློབ་མ་1574ཡོད་པ་དང་། ལོ་རིམ་དང་པོའི་སློབ་མ་479དང་། ལོ་རིམ་གཉིས་པའི་སློབ་མ595ཡོད། ལོ་རིམ་གསུམ་པའི་སློབ་མ་500བཅས་ཡོད། དེ་ལས་གསེར་ཆེན་རྫོང་ལ་གཏོགས་པའི་སློབ་མ518དང་། ཁྲི་ཀ་རྫོང་ལ་གཏོགས་པའི་སློབ་མ་429། དར་མཚོ་རྫོང་ལ་གཏོགས་པའི་སློབ་མ224། མང་རྫོང་ལ་གཏོགས་པའི་སློབ་མ220། འབའ་རྫོང་ལ་གཏོགས་པའི་སློབ་མ188བཅས་ཡོད།
མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ལ་མཚོན་ན2014ལོར་ད་ཡོད་ཀྱི་སློབ་མ3842ཡོད། དེ་ལས་སློབ་གྲྭ་རང་གནས་སུ་ད་ལོ་སློབ་མ469དང་། རྫོང་ལྔའི་སློབ་སྒྲུབ་ས་ཚུགས་སུ་སློབ་མ664བསྡུས་ཡོད། དེ་དག་ཀྱང་བོད་ཀྱི་སྨན་སྦྱོར་དང་གསོ་རིག་ཆེད་ལས། ནད་གཡོག་ཆེད་ལས། གཙགས་དྲུབས། ཐང་ག རྡོ་བརྐོས་སོགས་བོད་ཀྱི་སྲོལ་རྒྱུན་ཆེད་ལས། སློབ་སྔོན་སློབ་གསོ། རླངས་འཁོར་བཀོལ་སྤྱོད་དང་ཞིག་གསོ་ཆེད་ལས། རླངས་འཁོར་ཕྱི་སྒྲོམ་ཞིག་གསོ། གློག་ཀླད་ཚོང་ཟོང་། གློག་ཀླད་དྲ་ངོས་ཇུས་འགོད། པར་དང་བརྙན་གཟུགས་ཕབ་བཟོ། ཕྱུག་སྨན་ཆེད་ལས། རྩིས་གཉེར་ཆེད་ལས། ཞིང་སྡེ་དཔལ་འབྱོར་དོ་དམ། ཁྲིམས་ལུགས་ལས་དོན། བཟོ་སྐྲུན་རགས་རྩིས་སོགས་དེང་རབས་ཆེད་ལས་སྣ་བཅུ་དྲུག་ལས་བདམས་ནས་སློབ་སྦྱོང་བྱེད་མུས་སུ་ཡོད། རང་ཁུལ་གྱི་རྫོང་ལྔ་ནས་ཁེ་ལས་ལས་ཁུངས་ཉེར་གསུམ་ལ་མཉམ་འབྲེལ་སྒོས་སློབ་མ2847བསྡུས་ནས་སློབ་གྲྭ་དང་བཟོ་གྲྭ་ཟུང་འབྲེལ་གྱི་སློབ་སྒྲུབ་ལམ་ལུགས་བཙུགས་ཡོད་པ་མ་ཟད། (青海省卫生职业技术学院)མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་།(西宁市城市职业技术学院)ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་།(青海省交通职业技术学院)མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།(青海省畜牧兽医职业技术学院)མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྨན་པའི་ལས་རིགས་ལག་རྩལ་སློབ་གླིང་།(青海省建筑职业技术学院)མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།(青海省警官学院)མཚོ་སྔོན་ཞིང་ཆེན་ཉེན་རྟོགས་སློབ་གླིང་སོགས་དང་མཉམ་འབྲེལ་སྒོས་ཆེད་ལས་སྣ་དྲུག་གི་སློབ་མ་འབྲིང་རིམ་ནས་མཐོ་རིམ་ལ་འཕར་བའི་འབྲེལ་ཟམ་རྒྱུན་མཐུད་ཐུབ་པའི་གོ་རིམ་ཡོངས་སུ་ཆགས་ཡོད།
གོང་གི་གྲངས་ཀ་འདི་དག་ལས་རང་ཁུལ་གྱི་ལས་རིགས་སློབ་གསོའི་ལས་དོན་གྱི་བྱ་བཞག་ལོ་རེ་ནས་ཇེ་རྒྱས་ཇེ་ལེགས་དང་། གོམ་གང་མདུན་སྤོས་སྒོས་སྔར་ལས་ལྷག་པར་འགྲོ་བཞིན་པ་མཚོན་ཡོད་པ་མ་ཟད། གཅིག་ནས་དམའ་འབྲིང་དང་མཐོ་འབྲིང་མཐར་ཕྱིན་སློབ་མ་མང་ཆེ་ཤོས་ཤིག་ལ་རང་རང་གི་འདོད་མོས་དང་། དགའ་ཕྱོགས། གོམས་ཕྱོགས་ཀྱི་ལས་རིགས་སྣ་གང་མང་ཞིག་འདེམས་རྒྱུའི་རང་དབང་ཐོབ་ཡོད་པ་དང་། གཉིས་ནས་རྟ་བརྒྱ་ཟམ་གཅིག་གི་དཔེ་ལྟར་སློབ་འབྲས་བཟང་ངན་དང་། དགའ་ཕྱོགས་ཡོད་མེད་ཐམས་ཅད་སློབ་ཆེན་ཁོ་ན་ལས་འགྲོ་ས་དང་ཐར་ས་གཞན་མེད་པའི་ལུགས་སྲོལ་གྱི་རྒྱུན་བཅད་པ་ཡིན། གསུམ་ནས་ཁྱིམ་བདག་གི་དཔལ་འབྱོར་འགྲོ་སོང་གཏོང་མི་དགོས་པར་བྱིས་པ་སློབ་གྲྭར་འགྲིམས་པའི་ཆ་རྐྱེན་ཕུན་སུམ་ཚོགས་པ་སྐྲུན་པ་དེ་ཡིན། བཞི་ནས་སློབ་མ་གང་མང་ཞིག་སློབ་ཆེན་ལ་རྒྱུགས་མ་འཕྲོད་ན་སློབ་གྲྭ་འགྲིམས་པའི་སྐལ་བ་མེད་པར་ཕྱིར་རང་ཡུལ་ལ་མི་ལོག་ག་མེད་དང་། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ཁུར་བོ་རུ་མི་འགྱུར་ཐབས་མེད་ཀྱི་ལོ་རྒྱུས་ལ་རྫོགས་ཤད་བྲིས། ལོ་ངོ་གསུམ་དང་བཞིའི་ཡུན་ལ་སློབ་མ་དང་དགེ་རྒན། ཁྱིམ་བདག སྤྱི་ཚོགས་ཡོངས་ནས་ལས་རིགས་སློབ་གསོའི་བྱེད་ཐབས་འདི་ལ་བསམ་བློའི་ངོས་ནས་དང་ལེན་དང་། འཚོ་བའི་ཁྲོད་དུ་རིན་ཐང་གང་ཡོད་མཐོང་ཐུབ་པ་ནི་ཧ་ཅང་དགའ་འོས་པའི་དོན་དག་ཞིག་ཡིན།
གསུམ། ལས་རིགས་སློབ་མའི་དམིགས་བསལ་གྱི་རྒྱབ་རྟེན་སྲིད་ཇུས།
ད་ལོའི་ཟླ་དྲུག་པའི་ནང་རྒྱལ་ཁབ་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ལས་རིགས་ལག་རྩལ་བྱ་བའི་ཚོགས་འདུ་བསྡུས་ཤིང་། དེའི་སྟེང་སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕེན་གྱིས་ལས་རིགས་སློབ་གསོ་བྱ་བར་ཆེད་དུ་ཆོག་མཆན་གལ་ཆེན་གནང་བ་དང་། ཙུང་ལི་ལིས་ཁི་ཆང་གིས་ཚོགས་མི་རྣམ་པར་མཇལ་འཕྲད་གནང་སྐབས་གསུངས་དོན། ཐེངས་འདིའི་ཚོགས་འདུ་འདི་ནི་རང་རྒྱལ་གྱི་བཅོས་བསྒྱུར་འཕེལ་རྒྱས་དུས་རབས་གསར་བ་ཞིག་ལ་སླེབས་མཚམས་སུ། སློབ་གསོའི་བྱ་བཞག་ལ་གདོང་ཐད་ནས་གོ་སྐབས་དང་འགྲན་སློང་གསར་བའི་རྒྱབ་ལྗོངས་འོག་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚོགས་འདུ་འདིས་རང་རྒྱལ་གྱི་དུས་རབས་གསར་བའི་འོག་གི་ལས་རིགས་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་ལ་ཁ་ཕྱོགས་གསར་བ་བསྟན་ཡོད་པ་དང་། རེ་བ་གསར་བ་བཏོན། སྐྱ་ཐིག་གསར་བ་བཏོད། རིམ་པ་གསར་བ་ཚུགས། ཤོག་ངོས་གསར་བ་ཕྱེ། དེས་ནི་རང་རྒྱལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ལོ་རྒྱུས་སྟེང་རྡོ་རིང་གསར་བ་ཞིག་ཚུགས་ཐུབ་པ་བྱུང་བ་ཡིན་ཞེས་གསུངས། ཐེངས་འདིའི་རྒྱལ་ཡོངས་ལས་རིགས་སློབ་གསོ་བྱ་བའི་ཚོགས་འདུ་སྟེང་ཕྱོགས་བཅུ་ནས་ཐོད་བརྒལ་གྱི་འབྲས་བུ་བླངས། དེ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་རྗེས་སུ་རང་རྒྱལ་གྱི་ལས་རིགས་སློབ་གསོའི་ཐོད་བརྒལ་བཅུའང་ཡིན།
གཅིག་རང་རྒྱལ་གྱི་ལས་རིགས་སློབ་གསོའི་འཐབ་ཕྱོགས་ཀྱི་གོ་གནས་གསར་བ་གཏན་འབེབས་བྱས་ཡོད། གཉིས་རང་རྒྱལ་གྱི་ལས་རིགས་སློབ་གསོའི་བྱ་བའི་ཁ་ཕྱོགས་གསར་བ་གཏན་འབེབས་བྱས་ཡོད། གསུམ་རང་རྒྱལ་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་དམིགས་འབེན་གསར་བ་གཏན་འབེབས་བྱས་ཡོད། བཞི་རང་རྒྱལ་གྱི་ལས་རིགས་སློབ་གསོའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་གསར་བ་གཏན་འབེབས་བྱས་ཡོད། ལྔ་རང་རྒྱལ་གྱི་ལས་རིགས་སློབ་གསོའི་སྐྱེད་བསྲིང་གི་དམིགས་འབེན་གསར་བ་གཏན་འབེབས་བྱས་ཡོད། དྲུག་རང་རྒྱལ་གྱི་ལས་རིགས་སློབ་གསོའི་རིན་ཐང་གི་རེ་སྙེགས་གསར་བ་གཏན་འབེབས་བྱས་ཡོད། བདུན་རང་རྒྱལ་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཐབས་ལམ་གསར་བ་གཏན་འབེབས་བྱས་ཡོད། བརྒྱད་རང་རྒྱལ་གྱི་ལས་རིགས་སློབ་གསོའི་སློབ་སྒྲུབ་ཀྱི་སྒྲིག་གཞི་གསར་བ་གཏན་འབེབས་བྱས་ཡོད། དགུ་རང་རྒྱལ་གྱི་ལས་རིགས་སློབ་གསོའི་རྒྱབ་རྟེན་གྱི་སྒྲིག་གཞི་གསར་བ་གཏན་འབེབས་བྱས་ཡོད། བཅུ་ཐེངས་དང་པོའི་རང་རྒྱལ་གྱི་ལས་རིགས་སློབ་གསོའི་གནས་སྐབས་དང་ཡུན་རིང་གི་འཆར་བཀོད་དབུ་བརྙེས་པ་ཡིན།(མང་དོགས་པས་ཁ་བྱང་ཙམ་ལས་ནང་དོན་ཞིབ་མོ་བཀོད་མེད།)
2011ལོའི་སྟོན་ཀ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་ལ་སློབ་གསོའི་ཁ་གསབ་ཀྱི་སྒྲིག་གཞི་བཙུགས་ཤིང་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མའི་སློབ་ཡོན་སོགས་ཀྱི་ཁ་གསབ་ལ་ཁུལ་རིམ་པའི་སློབ་གྲྭར་སོང་བའི་སློབ་མའི་སློབ་ཡོན་ལོ་རིམ་དང་པོར2700ཡོད། ལོ་རིམ་གཉིས་པར2700། ལོ་རིམ་གསུམ་པར2700བཅས་ཡོད་པ་དང་། འཚོ་བའི་ཁ་གསབ་ལ་ལོ་རིམ་དང་པོར1500དང་། ལོ་རིམ་གཉིས་པར1500། ལོ་རིམ་གསུམ་པར800བཅས་ཡོད། ཞིང་ཆེན་ནང་ཁུལ་དང་ཕྱི་ཡི་སློབ་གྲྭར་སོང་བའི་སློབ་མར་སློབ་ཡོན་ལོ་རིམ་དང་པོར3300དང་། ལོ་རིམ་གཉིས་པར3300། ལོ་རིམ་གསུམ་པར3300བཅས་ཡོད་ལ། འཚོ་བའི་ཁ་གསབ་ལ་ལོ་རིམ་དང་པོར3200དང་། ལོ་རིམ་གཉིས་པ་ལ3200། ལོ་རིམ་གསུམ་པ་ལ2200བཅས་ཡོད།
2012ལོ་ནས་བཟུང་རྫོང་ལྔའི་དབུལ་སྐྱོར་ཅུའུ་ནས་ཀྱང་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་ལ་གཞིགས་ནས་ལས་རིགས་སློབ་གྲྭ་འགྲིམས་པའི་ཞིང་ཆེན་ཕྱི་ནང་གི་སློབ་མ་ལ་རིམ་པ་མི་འདྲ་བའི་འཚོ་བའི་ཁ་གསབ700—5000ལོ་རེར་གནང་བཞིན་ཡོད།
2014ལོ་ནས་བཟུང་མཐར་ཕྱིན་སློབ་མ་རྣམས་རང་ཡུལ་དུ་ལོག་ནས་ལས་སྒོ་གསར་བ་བཏོད་ན་སློབ་ཆེན་སློབ་མའི་ལས་སྒོ་ཐེབས་རྩའི་མ་དངུལ་ལས་སྒོར100000ཡས་མས་ཀྱི་མ་དངུལ་བསྐྱིས་གཏོང་བྱེད་རྒྱུར་རམ་འདེགས་བྱེད་བཞིན་ཡོད།

འབྲེལ་ཡོད་འོས་སྦྱོར།