《སྐལ་བཟང་མེ་ཏོག》དཔར་དུ་བསྐྲུན་ནས་ལོ་འཁོར་སུམ་ཅུ་འགོར་བའི་ཆེད་བསྒྲིགས་དུས་དེབ་འགྲེམ་སྤེལ་བྱས་པ།
《སྐལ་བཟང་མེ་ཏོག》ཆེད་བསྒྲིགས་དུས་དེབ་ཀྱི་ནང་ངོས།
ཉེ་སྔོན། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་རྩོམ་བསྒྲིགས་བྱས་པའི《སྐལ་བཟང་མེ་ཏོག》ཅེས་པའི་དུས་དེབ་འགྲེམ་སྤེལ་གནང་ནས་ལོ་འཁོར་སུམ་ཅུ་འགོར་བའི་ཆེད་བསྒྲིགས་དུས་དེབ་འགྲེམས་སྤེལ་བྱས། སྐལ་བཟང་མེ་ཏོག་གི་རྩོམ་སྒྲིག་པ་དང་བོད་ཀྱི་སྙན་ངག་པ་གྲགས་ཅན་པདྨ་དབྱངས་ཅན་གྱིས་གླེང་གཞི་ནང་དུ“དུས་དེབ་འདི་ལ་ཁུལ་ཡོངས་ཀྱི་ཀློག་པ་པོ་རྣམས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཅིང་། ས་ཁུལ་ཡོངས་ལ་ཕྱོགས་ནས་རྩོམ་བསྒྲིགས་བྱས་པ་ཡིན་པས། མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་བརྒྱུད། ཞིང་ཆེན་ཕྱི་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་འདུག”ཅེས་བཀོད་ཡོད་པ་རེད།
ལོ་ངོ་སུམ་ཅུའི་ཡར་སྔོན་དུ། ཀན་ལྷོའི་མི་དམངས་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་བར་དམིགས་ནས། རྟ་མགྲིན་མགོན་པོ་དང་། ཨ་ཏིན། ཀྲའོ་ཧན་ཧའོ་སོགས་ཀྱིས་རྩ་འཛུགས་བྱས་ཏེ《སྐལ་བཟང་མེ་ཏོག》ཅེས་པའི་མང་ཚོགས་སྒྱུ་རྩལ་དུས་དེབ་ཀྱི་འདོན་ཐེངས་དང་པོ་འགྲེམ་སྤེལ་བྱས། དུས་དེབ་འདིའི་ནང་དོན་ཕུན་སུམ་ཚོགས་པ་དང་སྤུས་ཚད་ལེགས་ཐོན་གྱི་བརྗོད་བྱས་སྤྱི་ཚོགས་སྟེང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཕྱིས་སུ་ཀན་ལྷོ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་རྒྱུན་སྤེལ་བྱེད་པའི《སྐལ་བཟང་མེ་ཏོག》གིས་ཀན་ལྷོ་དང་བོད་ཁམས་སུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ལས་གཞན་ཀན་ལྷོ་མི་དམངས་མང་ཚོགས་ཀྱི་བསམ་བློའི་དཔལ་ཡོན་ཕུན་སུམ་ཚོགས་པར་གཏོང་བའི་འགན་འཁྲི་དང་ལེན་བྱས་ཏེ་ལོ་རེར་ཐེངས་བཞི་ལ་འདོན་སྤེལ་བྱེད་བཞིན་ཡོད་ཅིང་། དུས་དེབ་འདི་འཚར་ལོངས་བྱུང་བ་དང་བརྒྱུད། ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་སྙན་ངག་པ་སྟེ། པའེ་ཧྭ་ཡུན་དང་། སྐལ་བཟང་ཚེ་བརྟན། ལའེ་ཅན་ཀྲིན། ལིས་ཁྲིན། འ་ཞིན། ཁྲིན་ཐའོ། ཧྲིག་ཧྲུའེ། བཀྲ་ཤིས་ཚེ་རིང་། མིན་ཡན་ཝིན། ཝང་ཞའོ་ཀྲོན་སོགས་རབ་དང་རིམ་པ་བྱུང་དང་འབྱུང་བཞིན་མཆིས།
《སྐལ་བཟང་མེ་ཏོག》ཆེད་བསྒྲིགས་དུས་དེབ་ཀྱི་རྒྱབ་ཤོག
ལོ་ངོ་སུམ་ཅུའི་རིང་། ཆི་ཡོང་ཀྲོང་དང་། པདྨ་དབྱངས་ཅན། བཀྲ་ཤིས་དོན་འགྲུབ། ཙུན་ཝེ་ཆོན། ཚའེ་ལེ། རྡོ་རྗེ་རྒྱལ་མཚན་སོགས《སྐལ་བཟང་མེ་ཏོག》གི་རྩོམ་སྒྲིག་པ་རྣམས་ཀྱིས་ཉིན་མཚན་ཀུན་ཏུ་་རྩོམ་སྒྲིག་ལ་ཕྱོགས་པའི་བརྩོན་འགྲུས་ཀྱིས་རྩོམ་རིག་ལ་དགའ་ཞེན་ཆེ་བའི་ཀློག་པ་པོ་རྣམས་ལ་སེམས་འགུལ་དྲག་པོ་ཐེབས།
དེང་སྐབས། 《སྐལ་བཟང་མེ་ཏོག》གི་མཚན་སྙན་གྱི་བ་དན་ཕྱོགས་བཞིར་གཡོ་ལ། དུས་དེབ་འདིས་ཀན་ལྷོའི་རྩོམ་རིག་གསར་རྩོམ་གྱི་བྱ་གཞག་དང་། ཀན་ལྷོའི་སྤྱི་ཚོགས་ཀྱི་རིག་གནས་སྲོལ་བཟང་བསྐྲུན་པར་བྱས་རྗེས་མི་དམན་པ་བཞག་ཡོད། 20011ལོའི་ཟླ5བའི་ཚེས14ཉིན། “ནུབ་ཕྱོགས་རྩོམ་རིག་གླེང་སྟེགས‘ཀན་ལྷོའི་རྩོམ་རིག’གི་རིག་གཞུང་གྲོས་ཚོགས”ལན་གྲུ་རུ་ཚོགས་པས་ཞིང་ཆེན་ཕྱི་ནང་གི་སྨྱན་བྱེད་པ་རྣམས་ཀྱིས་འདིའི་ཕྱོགས་ལ་གསར་འགོད་མང་པོ་སྤེལ་ཡོད་པ་རེད།
《སྐལ་བཟང་མེ་ཏོག》གིས་བོད་ཁམས་ཀྱི་དཔལ་འབྱོར་དར་སྤེལ་དང་སྤྱི་ཚོགས་བདེ་འཇགས་ཡོང་བར་མཐུན་རྐྱེན་མི་དམན་པ་བསྐྲུན་བཞིན་ཡོད་ལ། དུས་མཚུངས་སུ་ཀན་ལྷོའི་རིག་གནས་དར་སྤེལ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་འགན་འཁྲི་ཆེན་པོ་དང་ལེན་བྱས་ཏེ། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད་ནུས་པ་ཆེན་པོ་འདོན་གྱིན་འདུག