logo

《སྐར་མ་འོད་ཆེན》འདོན་ཐེངས་བཅུ་དྲུག་པའི་འགྲེམ་སྤེལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:བསོད་ནམས་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-05 ཀློག་གྲངས།:


《སྐར་མ་འོད་ཆེན》འདོན་ཐེངས་བཅུ་དྲུག་པ།

           《སྐར་མ་འོད་ཆེན》ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གིས་གཙོ་གཉེར་བྱས་པའི་རྩོམ་རིག་ལོ་དེབ་ཅིག་ཡིན་ལ།  1994ལོར་འདོན་ཐེངས་དང་པོ་སྤེལ་བ་ནས་བཟུང་དུས་ད་ལྟའི་བར་དུ་རྒྱུན་མཐུད་ཀྱིས་འདོན་ཐེངས16རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བཀྲམ་པ་རེད།


དགེ་རྒན་བཀྲ་བྷ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

           ཉེ་ལམ་སྐར་མ་འོད་ཆེན་འདོན་ཐེངས16པའི་རྩོམ་སྒྲིག་གི་བྱ་བ་ལེགས་འགྲུབ་བྱུང་སྟེ།   ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་དབུ་བརྙེས་ནས་ལོ་འཁོར60ལོན་པར་ལེགས་སྐྱེས་སུ་ཕུལ་བ་དང་ལྷན་དུ2011 ལོའི་ཟླ6པའི་ཚེས1ཉིན་འགྲེམ་སྤེལ་ཚོགས་འདུ་བསྡུས་པ་རེད།   ཚོགས་འདུར་གླིང་གཙོ་གཞོན་པ་དགེ་རྒན་བཀྲ་བྷ་ལགས་གཙོ་བྱས་པའི་རྩོམ་རིག་ལ་མོས་པའི་ཞིབ་འཇུག་སློབ་མ་དང་དངོས་གཞིའི་སློབ་མ་རྣམས་ཞུགས་པ་མ་ཟད་རྒན་ལགས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད་གནང་།


རྩོམ་སྒྲིག་པ་རྣམ་པ།

           ཚོགས་འདུར་རྩོམ་སྒྲིག་པ་རྣམས་ཀྱིས་དུས་དེབ་ཀྱི་རྩོམ་སྒྲིག་གི་བྱ་བ་དང་དེབ་ཀྱི་སྒྲིག་གཞི་སོགས་རེ་རེ་བཞིན་ངོ་སྤྲོད་གནང་ཞིང་།  ཞིབ་འཇུག་སློབ་མ་གཡག་བུ་དཔལ་རྩལ་ལགས་ཀྱིས་གྲོས་འགོ་བཏོན་པ་བཞིན་རྩོམ་པ་པོས་ཚོགས་དབུས་སུ་རང་ཉིད་ཀྱི་ལྗགས་རྩོམ་གྱེར་འདོན་བྱེད་པའི་རྣམ་པ་གསར་བ་ཞིག་ཏུ་བསྒྱུར། དེ་བས་སྔ་གཞུག་ཏུ་སློབ་གྲོགས་དཔལ་རྩལ་དང་བྱམས་ཕྲུག་བཅས་ནས་རང་གི་བརྩམས་ཆོས་གྱེར་འདོན་བྱས། ཚོགས་ཞུགས་སློབ་གྲོགས་རྣམས་ཀྱིས་བགྲོ་གླེང་གིས་ཚོགས་འདུ་དུས་ཚོད3ཙམ་ལ་འཚོགས་པ་རེད།


ཚོགས་རའི་ཡུལ་དངོས།


མཉམ་བསྐྱོན་འདྲ་པར།

            《སྐར་མ་འོད་ཆེན》འདོན་ཐེངས་འདིའང་དེབ་སྔོན་མ་བཞིན་རྩོམ་རིག་རྐྱང་བར་ཁ་ཕྱོགས་ཡོད་ལ།   སྒྲིག་གཞིའི་ཐད་ནས་སྒྲུང་གཏམ་དང་སྙན་ངག    ལྷུག་རྩོམ།   དཔྱད་བརྗོད་སོགས་ཀྱི་ལེ་ཚན་བཀོད་ཡོད། རྗེས་ཕྱོགས་སུ་འཁྲབ་གཞུང་ཁ་སྣོན་བྱེད་ཐུབ་ཚེ་གཞི་ནས་རྩོམ་རིག་རྐྱང་བའི་དེབ་ཞིག་ཏུ་འགྱུར་བར་གདོན་མི་ཟའོ།།    རྩོག་རིག་ལོ་དེབ་འདི་ཉིད་མི་འགྱངས་བར་བོད་ཀྱི་ཀློག་པ་པོ་ཀུན་གྱི་སྤྱན་ལམ་དུ་བསྟར་རྒྱུ་ཡིན་པས།   ཀུན་གྱིས་སྤྱན་གཟིགས་གནང་བར་དགའ་བསུ་ཞུ། 


འབྲེལ་ཡོད་འོས་སྦྱོར།