གཅེས་སེམས་ནི་སློབ་ཁྲིད་སྤུས་ཚད་ཀྱི་སྔོན་འགྲོ་ཡིན།
གཅེས་སེམས་ནི་སློབ་གསོའི་བྱ་གཞག་ལ་དགའ་ཞེན་དང་། སློབ་ཕྲུག་ལ་དགའ་ཞེན་བྱེད་པར་ཟེར། དགེ་རྒན་གྱིས་ཐོག་མར་རང་གི་ལས་དོན་ལ་དགའ་ཞེན་བྱེད་ཐུབ་ན་ད་གཟོད་རང་ཉིད་ཀྱི་ལས་ཀར་འཛིན་པའི་ལྟ་སྟངས་དང་། བསླབ་གཞིར་ཞིབ་འཇུག་བྱེད་པའི་བསམ་བློ་འཛུགས་ཐུབ་པ་མ་ཟད། སློབ་ཕྲུག་ལའང་རྒྱུས་མངའ་གཏིང་ཟབ་ལོན་ནས་སློབ་ཕྲུག་ག་གེ་མོ་ཞིག་སློབ་གྲྭར་ཞུགས་ནས་ཉིན་ཤས་ལས་མ་སོང་ཡང་སློབ་ཐུན་འཚོགས་སྐབས་བསམ་བློ་སློབ་སྦྱོང་ཐོག་མི་གནས་པའི་སྣང་ཚུལ་རྟག་ཏུ་ཐོན་གྱི་ཡོད། ང་ཚོས་སློབ་ཕྲུག་དེ་དག་ཟུར་དུ་བཙལ་ཏེ་ཡང་སྙིང་རྒྱུ་མཚན་གང་ཡིན་མིན་སྐད་ཆ་འདྲི་སྐབས་སློབ་ཕྲུག་ཕལ་ཆེ་བ་ཞིག་སློབ་གྲྭར་སློབ་སྦྱོང་བྱེད་འདོད་མེད་པ་མ་ཟད། ལྷག་དོན་དུ་ལས་རིགས་སློབ་གྲྭར་དེ་བས་ཀྱང་བསྐྱོད་འདོད་མེད་པ་རེད། སློབ་ཕྲུག་དེ་ཚོའི་འདོད་ཚུལ་ལྟར་ན། ལས་རིགས་སློབ་གྲྭར་བསྐྱོད་ན་མདུན་ལམ་གང་ཡང་མེད་པ་དང་། མི་གཞན་གྱིས་མཐོང་ཆུང་དང་འཕྱ་སྨོད་བྱེད་པ་མ་ཟད། ལྷག་དོན་དུ་ལས་རིགས་སློབ་གྲྭར་དེ་བས་ཀྱང་བསྐྱོད་འདོད་མེད་པ་རེད། སློབ་ཕྲུག་དེ་ཚོའི་འདོད་ཚུལ་ལྟར་ན། ལས་རིགས་སློབ་གྲྭར་བསྐྱོད་ན་མདུན་ལམ་གང་ཡང་མེད་པ་དང་། མི་གཞན་གྱིས་མཐོང་ཆུང་དང་འཕྱ་སྨོད་བྱེད་པ་མ་ཟད། རང་མཉམ་ཁྲོད་དུ་མགོ་བོ་འདེགས་ཐབས་བྲལ་བ་ཞིག་ཡིན་པར་ངོས་འཛིན་བྱས་ཏེ། མཐར་སློབ་གྲྭ་ནས་ཕྱིར་འཐེན་བྱ་རྒྱུའི་བསམ་བློ་ཡང་འཁོར་འདུག
གོང་གསལ་དོན་དངོས་དེར་དམིགས་ཏེ་ཁོ་བོས་སློབ་ཕྲུག་དེ་ཚོའི་བསམ་བློ་རྙིང་པར་འགྱུར་ལྡོག་གཏོང་རྒྱུ་དང་། ཡང་དག་པའི་སྒོ་ནས་ལས་རིགས་སློབ་གྲྭར་སློབ་སྦྱོང་བྱེད་པའི་དམིགས་ཡུལ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ཤེས་རྟོགས་གལ་པོ་ཡོད་ཆེད། སློབ་མ་དེ་དག་ཐེངས་མང་ཟུར་དུ་བཙལ་ཏེ་ཕན་ཚུན་བསམ་བློ་བརྗེ་རེས་དང་། མེས་རྒྱལ་དང་ཕ་ཡུལ་འཛུགས་སྐྲུན། དེ་བཞིན་དབུལ་བཅོས་ཕྱུག་འགྱུར་བྱེད་པའི་ཤེས་བྱ་རིག་གནས་དང་ཚན་རིག་ལག་རྩལ་ལ་མཁས་པའི་མི་སྣ་མེད་ན་འགྲིག་ཐབས་མེད་པ་སོགས་བཤད་པ་མ་ཟད། དེང་སྐབས་ཞིང་གྲོང་སློབ་གསོ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་སྒོ་ཀུན་ནས་ལས་རིགས་ལག་རྩལ་སློབ་གསོ་རྒྱ་ཆེར་གཉེར་དགོས་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་བརྒྱུད་མཐར་སློབ་ཕྲུག་དེ་ཚོའི་བསམ་བློར་འགྱུར་ལྡོག་བྱུང་ནས་སློབ་སྦྱོང་བྱེད་འདོད་ཀྱི་བློ་སྐྱེ་ཐུབ་པ་བྱུང་ཁར་སློབ་ཁང་ནང་དུ་ནན་ཏན་གྱིས་སློབ་ཚན་ལ་ཉན་པ་དང་། ཤེས་བྱར་བསམ་གཞིགས་བྱེད་ཕོད་པ་མ་ཟད། སློབ་ཁང་ཕྱི་རོལ་དུ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མས་དོ་ཁུར་དང་བགྲོ་གླེང་བྱེད་པའི་གནད་དོན་ལ་དབྱེ་ཞིབ་བྱེད་ཕོད་མཁན་གྱི་མིང་དོན་མཚུངས་པའི་སློབ་ཕྲུག་བཟང་པོ་ཞིག་ཏུ་འགྱུར་ཐུབ་པ་བྱུང་ཡོད། དེས་ན་དགེ་རྒན་གྱིས་སློབ་མར་དགའ་ཞེན་བྱེད་པ་ནི་འཚོ་བའི་ཐོག་གི་ཐུགས་ཁུར་དང་སློབ་སྦྱོང་ཐོག་གི་བརྒྱུད་སྤྲོད་བྱས་པ་ཙམ་མ་ཟད། གཙོ་ཆེ་ཤོས་ནི་ཚན་རིག་དང་མཐུན་པའི་མི་ཚེའི་ལྟ་ཚུལ་འཛུགས་རྒྱུན་དང་། ཡང་དག་པའི་སྒོ་ནས་མི་སྒེར་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་ཤེས་རྟོགས་ཐུབ་རྒྱུ་དང་། ལས་རིགས་སློབ་གྲྭའི་སློབ་ཕྲུག་གིས་རང་ཉིད་ཀྱི་རིན་ཐང་ཤེས་རྟོགས་ཐུབ་རྒྱུར་མཐུན་རྐྱེན་བསྐྲུན་ཏེ་རང་གིས་རང་ལ་ཡིད་ཆེས་དང་རང་གི་འབད་འཐབ་ལ་བརྟེན་ནས་འགྲན་རྩོད་སྣ་ཚོགས་ནང་ཞུགས་སུ་འཇུག་དགོས།
ལྷག་དོན་དུ་སློབ་སྦྱོང་གི་སྦྱངས་འབྲས་ཞན་པའི་སློབ་ཕྲུག་ལ་དེ་བས་དེའི་ཐད་སློབ་གསོ་་དང་སྐུལ་ལྕགས་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱུན་གཏན་སློབ་གྲྭའམ་འཛིན་གྲྭའི་ནང་དུ་ཐོན་པའི་གནད་དོན་ཆུང་ཙག་ཅིག་བསམ་བློ་ཀུན་སྤྱོད་དང་སློབ་སྦྱོང་གི་སྦྱངས་འབྲང་ཅུང་ཞན་པའི་སློབ་མའི་ལུས་ཐོག་ནས་མངོན་གྱི་ཡོད། དེ་ན་གནད་དོན་ཆུང་ཙག་དེ་རིགས་ལ་དགེ་རྒན་གྱིས་ཇུས་གཏོགས་མི་བྱེད་པའམ་ཡང་ན་ཡན་དུ་གཏོང་མི་ཉན། དོན་དངོས་ཐོག་རྗེས་ལུས་ཅན་གྱི་སློབ་མའི་ལུས་ཐོག་ཏུའང་ལེགས་ཆ་མང་པོ་ལྡན་ཡོད་གཤིས། དགེ་རྒན་གྱིས་སློབ་ཕྲུག་དེ་ཚོར་དེ་བས་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་ལས་མཐོང་ཆུང་དང་། འཕྱ་སྨོད། ཟུར་ཟ་སོགས་ཡེ་ནས་བྱེད་རྒྱུ་མེད། དེ་ལས་ལྡོག་སྟེ་འོས་འཚམ་གྱི་ཁོར་ཡུག་ནང་ཁོ་ཚོའི་ལེགས་ཆ་འདོན་སྤེལ་དང་བསྟོད་བསྔགས་བཏང་ན་སློབ་ཕྲུག་དེ་ཚོའི་ཧུར་བརྩོན་རང་བཞིན་ལ་སྐུལ་ལྕག་ཐེབས་ནས་ཡར་རྒྱས་ཡོང་རྒྱུར་ཕན་འབྲས་ཆེན་པོ་ཐོན་སྲིད།