logo

མི་རིགས་སློབ་གསོ་བྱ་བའི་ཁྲོད་བོད་ཡིག་སློབ་གཞི་ལས་ཐོན་པའི་བྱེད་ནུས།

རྩོམ་པ་པོ།:བུམ་ཚེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-04-30 ཀློག་གྲངས།:

   གཅིག  མི་རིགས་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ཐད་ཀྱི་བྱེད་ནུས།

   གྲངས་ཉུང་མི་རིགས་སྐད་ཡིག་གི་སློབ་གཞི་འཛུགས་སྐྲུན་བྱ་བ་ལ་བོད་ཡིག་སློབ་གཞིའི་འཛུགས་སྐྲུན་བྱ་བ་ནི་ཏང་དང་སྲིད་གཞུང་གིས་བཀས་བཅད་མཛད་པའི་གྲངས་ཉུང་མི་རིགས་སྐད་ཡིག་སྲིད་ཇུས་ཀྱི་མཛུབ་སྟོན་དང་དབུ་ཁྲིད་འོག་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ།  ཀྲུང་གོ་གསར་བ་དབུ་བརྙེས་རྗེས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་སོ་སོའི་བར་དུ་འདྲ་མཉམ་དང་མཐུན་སྒྲིལ།  ཕན་ཚུན་རམ་འདེགས་ཀྱི་ངང་ནས་མཉམ་དུ་འཕེལ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་མི་རིགས་ཀྱི་འབྲེལ་བ་གསར་བ་ཞིག་ཆགས།  མི་རིགས་གྲངས་ཉུང་ས་ཁུལ་གྱི་རིག་གནས་འཕེལ་རྒྱས་དང་དཔལ་འབྱོར་འཛུགས་སྐྲུན།  སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཅས་ཀྱི་དགོས་མཁོར་འཚམ་པར་བྱེད་ཆེད།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་རབ་དང་རིམ་པ་ཞིག་གཏན་ལ་ཕབ་པ་དང་།  མི་རིགས་ས་ཁུལ་གྱི་མངའ་ཁོངས་སུ་མི་རིགས་སྐད་ཡིག་བཀོལ་སྤྱོད་དང་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་ནས་སློབ་ཁྲིད་བྱེད་པའི་སྐོར་གྱི་བཀས་བཅད་མཛད་ནས།  སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཐད་ནས་མི་རིགས་གྲངས་ཉུང་གིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བཀོལ་སྤྱོད།  འཕེལ་རྒྱས་སུ་གཏོང་བར་རང་དབང་ཡོད་པའི་སྲིད་ཇུས་གཏན་ཁེལ་མཛད་དེ་མི་རིགས་འདྲ་མཉམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་སུ་མི་རིགས་སོ་སོས་མཉམ་དུ་མི་རིགས་རང་གི་རིག་གནས་ཀྱི་སློབ་གསོ་ལས་དོན་དར་རྒྱས་སུ་གཏོང་བའི་རྩ་བའི་བྱེད་ཕྱོགས་མཚོན་པར་བྱས་ཤིང་།  མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་གཞིར་བཟུང་ནས་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་སློབ་ཁྲིད་ཀྱི་དགོས་མཁོ་དང་འཚམ་པར་བྱེད་ཆེད།  རྒྱལ་ཁབ་དབུ་བརྙེས་ནས་ཅུང་མ་འགོར་བར་གྲངས་ཉུང་མི་རིགས་ཡི་གེའི་སློབ་གཞི་རིགས་སོ་སོ་རྩོམ་སྒྱུར་དང་དཔར་སྐྲུན།  འགྲེམ་སྤེལ་བཅས་བྱས་ཏེ་སློབ་གྲྭའི་ཁྲོད་ནས་མི་རིགས་སྐད་ཡིག་གི་སློབ་སྦྱོང་དང་བཀོལ་སྤྱོད་ལ་སྐུལ་འདེད་ཆེན་པོ་ཐོབ།

   སྐད་དང་ཡི་གེ་ནི་མི་རིགས་ཤིག་ལ་མཚོན་ན་མི་རིགས་གཞན་དང་དབྱེ་བ་འབྱེད་པའི་ཁྱད་ཆོས་གཙོ་བོའི་ནང་གི་གཅིག་ཡིན་ལ།  སྐད་ཡིག་གྲུབ་པ་དང་འཕེལ་བ་ནི་མི་རིགས་ཤིག་བྱུང་བ་དང་འཕེལ་བའི་མཚོན་རྟགས་གཙོ་བོ་ཡིན།  གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ནི་ཁྱད་པར་ཅན་གྱི་ཁོར་ཡུག་དང་རིག་གནས་ཆ་རྐྱེན་འོག་ཡུན་རིང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རིམ་བཞིན་གྲུབ་ཅིང་འཕེལ་བ་ཞིག་ཡིན།  མི་རིགས་སོ་སོའི་སྐད་ཡིག་གིས་མི་རིགས་དེའི་ཐོན་སྐྱེད་དང་འཚོ་བའི་ཁྱབ་ཁོངས་སུ་སྐད་ཡིག་གཞན་པས་འཐུས་ཚབ་བྱེད་ཐབས་བྲལ་བའི་བྱེད་ནུས་ཁྱད་པར་ཅན་ཞིག་འདོན་བཞིན་མཆིས།

རང་ཞིང་ནི་མི་རིགས་དང་སྐད་རིགས་མང་བའི་ཞིང་ཆེན་ཞིག་དང་།  མངའ་ཁོངས་སུ་གནས་སྡོད་ཀྱི་མི་རིགས་གྲངས་ཉུང་ལྔ་དང་།  དེ་ལས་བོད་རིགས་ཀྱིས་གྲངས་ཉུང་མི་རིགས་སྤྱིའི༤༨%ལྷག་ཟིན།  རང་སྐྱོང་ཁུལ་དྲུག་དང་མཚོ་ཤར་རྫོང་དྲུག་གི་བོད་རིགས་ས་ཁུལ་གྱི་ནང་ནས་རྫོང་དྲུག་གི་ས་ཁུལ་མ་གཏོགས་ས་ཁུལ་ཕལ་ཆེ་བས་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་བཞིན་ཡོད་ལ།  དེ་ནང་ནས་ས་ཆ་ཁ་ཤས་ཀྱིས་བོད་ཀྱི་སྐད་ཡིག་གཙོར་བཟུང་ནས་སློབ་གྲྭ་ཆུང་འབྲིང་དུ་བོད་ཡིག་སློབ་གཞི་སྤྱད་ནས་སློབ་ཁྲིད་བྱེད་བཞིན་ཡོད།  ༡༩༨༡ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧྥ་རན་སེ་རུ་བསྡུས་པའི་སློབ་གསོའི་ཆེད་མཁས་ཀྱི་གྲོས་ཚོགས་སྟེང་ནས་ཀྱང“རང་སྐད་ནི་སློབ་གསོའི་འཇུག་སྒོ་དང་གྲུབ་འབྲས་ཐོབ་པའི་གནད་འགག་ཡིན”ཞེས་བསྟན་པ་རེད།  ༢༠༠༠ལོ་ཡི་ཆ་མི་ཚང་བའི་སྡོམ་རྩིས་བྱས་པ་ལྟར་ན་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་དུ་བོད་ཡིག་གི་སློབ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཧ་ལམ༦༠༠༠ལྷག་ཡོད་པ་དང་།  སློབ་གྲྭའི་སློབ་མ་བསྡོམས་པས་ཧ་ལམ་ཁྲི༤༨ལྷག་ཡོད་པ་ཚང་མས་བོད་ཡིག་གི་སློབ་གཞི་སྤྱད་ནས་སློབ་ཁྲིད་དང་སློབ་སྦྱོང་བྱེད་བཞིན་ཡོད།  རང་ཞིང་ལ་མཚོན་ནའང་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་པའི་སློབ་གྲྭ་ཆུང་འབྲིང་ཧ་ལམ༨༦༨ལྷག་ཡོད་པ་དང་སློབ་ཁྲིད་བྱེད་པའི་སློབ་གྲྭ་ཆུང་འབྲིང་ཧ་ལམ་ཁྲི༡༠ལྷག་ཡོད་པ་དེས་མི་རིགས་སློབ་གྲྭ་ཆུང་འབྲིང་གི་སྤྱི་གྲངས་ཀྱི༤༢%ཟིན།  དེས་མི་ཚད་བོད་ཡིག་སློབ་གཞིའི་ཐད་ནས་མིང་བརྡ་ཚད་ལྡན་ཅན་དུ་བསྒྱུར་བའི་བྱ་བར་ཡང་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ནས་མི་རིགས་སློབ་གསོ་དང་ལྷག་པར་དུ་སྐད་གཉིས་སློབ་ཁྲིད་ལ་ཞབས་ཞུ་སྒྲུབ་པ་དང་།  རྒྱལ་ཡོངས་དང་ཁྱད་པར་དུ་རང་ཞིང་གི་བོད་རིགས་ས་ཁུལ་གྱི་རིག་གནས་དང་དཔལ་འབྱོར་ཀྱི་སྐུལ་འདེད་ལ་བྱེད་ནུས་གལ་ཆེན་འདོན་བཞིན་མཆིས།  ཕྱོགས་གཞན་ཞིག་ནས་བོད་ཡིག་གི་སློབ་གཞི་རྩོམ་སྒྱུར་དང་འགྲེམ་སྤེལ་བྱས་པ་དེས་མི་རིགས་སྐད་ཡིག་གི་སློ་གསོ་མུ་མཐུད་དུ་དར་རྒྱས་དང་སྐད་གཉིས་སློབ་ཁྲིད་རིམ་བཞིན་འཐུས་ཚང་དུ་སོང་ལ།  མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་སྐད་གཉིས་སློབ་གསོའི་མ་ལག་ཞིག་ག


འབྲེལ་ཡོད་འོས་སྦྱོར།