སློབ་འབྲིང་སློབ་མའི་གནས་བབ་ཀྱི་སློབ་གསོ།
གཅིག སློབ་འབྲིང་སློབ་མའི་གནས་བབ་སློབ་གསོ།
མེ་ལོང་མ་དང་སུམ་ཅུ་བ་རྟགས་འཇུག་སོགས་ཀྱི་རྩ་ཚིག་ཁྲིད་བཞིན་པའི་སློབ་འབྲིང་སློབ་མ་མང་ཆེ་བས། ཐ་ན་སློབ་ཆུང་གི་བོད་སྐད་ཡིག་ཀློག་འདོན་བྱེད་རྒྱུའང་དཀའ་དཀའ་འདུག་པའི་གནས་ཚུལ་དང༌། བོད་སྐད་ཡིག་ལ་ཅུང་བསླབས་འབྲས་བཟང་བོའི་སློབ་མ་ཚོས་ཀྱང་མིག་ཅེར་ཅེར་ཁ་གདངས་གདངས་བྱས་ཏེ་དགེ་རྒན་གྱིས་ཅི་བཤད་ལྟ་བུར་ཉན་འདུག་པར་མཚོན་ན། སྔ་མ་གྲོང་བརྡལ་དང་ལས་བྱེད་པ་སོགས་ཀྱི་ཁྱིམ་ཚང་ནས་འཚར་ལོངས་བྱུང་བའི་བྱིས་པ་ཡིན་པས། རྒྱུན་སྤྱོད་འཚོ་བའི་ཁ་བརྡ་ནི་རྒྱ་སྐད་ཀྱི་ལམ་ནས་བྱེད་པ་དང༌། བོད་སྐད་ཀྱིས་ཕུ་བོ་ནུ་བོ་ལྟ་བུ་ཞིག་ལས་ལབ་མི་ཐུབ་པས་རྒྱུ་མཚན་གྱིས་ཁོའི་མདུན་ལམ་ལ་ཐད་ཀར་ཤུགས་རྐྱེན་ཕོགས་ཏེ་བོད་ཡིག་སློབ་རྒྱུར་ཡིད་ཆད་པ་དང༌། བོད་སྐད་ཡིག་སློབ་ཐུན་ནི་བཙན་ཤུགས་བཤུ་གཞོག་གི་སློབ་ཐུན་ཞིག་ཏུ་ངོས་འཛིན་བྱེད་བཞིན་འདུག དགེ་རྒན་གྱིས་ཀྱང་སློབ་མའི་འདུ་ཤེས་དོ་ཁུར། སློབ་མའི་སྤྱི་ཚོགས་ཁ་ཕྱོགས། སློབ་མའི་གསར་བཏོད་ཕྱོགས་ལ་དོ་སྣང་མ་བྱས་པར་རང་ལྟ་མཆོག་འཛིན་གྱིས་དུད་འགྲོ་ལ་སོགས་པ་ལྟ་བུའི་ངན་འཚང་འབྱིན་པ་དང་ལན་རེར་སྙན་ངག་སྡོམ་ཚིག་སོགས་བློར་བསྐྱོར་དུ་བཅུག་པས། བློར་མ་ཟིན་པ་དག་ནངས་ཇ་འཐུང་དུ་འགྲོ་རུ་མི་འཇུག་པ་དང་དྲོས་ཇ་འཐུང་དུ་འགྲོ་རུ་མི་འཇུག་པ། སློབ་བུ་ཚོས་དགེ་རྒན་ནི་ཐམས་ཅད་མཁྱེན་པ་ཡིན་པ་དང་རང་ཉིད་ནི་དུད་འགྲོ་ལྟ་བུར་སྙམ་བཞིན་ཡོད། འདི་དག་གིས་སློབ་གྲྭའི་ཁོར་ཡུག་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པས། ངས་བོད་ཡིག་མི་ཤེས་ལྟ་བུའི་བྱ་སྤྱོད་ཅིག་ཁྱིམ་ཚང་གཅིག་གི་བཟའ་མི་ལྟ་བུའི་སློབ་ཁང་གཅིག་གི་ནང་དུ་སློབ་གྲོགས་ཕན་ཚུན་བར་མཐུན་སྒྲིལ་དང་འདྲ་མཉམ། ད་དུང་སློབ་མ་རེ་རེའི་དགའ་ཕྱོགས་ཕུགས་བསམ་སོགས་ཀྱི་འདུ་ཤེས་དོ་ཁུར་གྱི་ཆ་རྐྱེན་ཅི་ཡང་མེད་པ་རེད། དཔེར་ན་ཁྱིམ་ཚང་གི་བཟའ་དཔོན་གྱིས་ཁྱིམ་ཚང་གི་ཡོད་ཚད་ཐག་གཅོད་པའི་དབང་དུ་བཏང་ན། ཁོས་རང་གི་བུ་ཆེར་བསྐྱེད་བཞིན་དུ་གྱོན་པ་ཉོ་ཤེས་པ་དང་དེ་བཞིན་དུ་བུའི་བློར་འབབ་མིན་ཡང་ཤེས་དགོས། དེ་བས་བཟའ་དཔོན་གྱིས་ཁྱིམ་མི་དང་གྲོས་བསྡུར་བྱས་ཏེ་ཁྱིམ་ཚང་ལ་མཁོ་བའི་དངོས་པོ་ཉོ་བ། བྱིས་པ་དང་རྒན་པ་རྣམས་ལ་འཚམས་པའི་ཞྭ་ཉོ་བ། བཟའ་དཔོན་ལྟ་བུའི་དགེ་རྒན་གྱིས་ཁྱིམ་ཚང་རྙིང་བའི་ལུགས་སྲོལ་ལྟར་ཡོད་ཚད་ཐག་བཅད་ན། *དགེ་རྒན་གྱིས་ཁྲིད་འགན་ཁོ་ན་འཁུར། སློབ་མའི་སློབ་འགན་ཁོ་ན་ཁུར་*བ་ལས་སློབ་མ་རང་ཉིད་ཀྱིས་རང་ལྕགས་རྒྱག་པའི་འདུ་ཤེས་ལ་བཀག་རྒྱ་བཟོས་པ་རེད། དེ་བས་དགེ་རྒན་ནི་རྒྱལ་བོ་ལྟ་བུ་དང་སློབ་མ་ནི་འབངས་མི་ལྟ་བུར་གྱུར་ཟིན་པས། སློབ་མའི་རང་རྟོགས་འདུ་ཤེས་ཀྱི་སྤོབས་པ་ཉམས་པ་དང༌། ད་བཟོད་སློབ་མས་ཕྱིར་དགེ་རྒན་ལ་ལན་འདེབས་མི་ཐུབ་པ་ལྟ་བུའི་གནད་དོན་བྱུང་བ་རེད། ཁྱིམ་ཚང་གི་བཟའ་དཔོན་དེས་ཁྱིམ་མི་རེ་རེར་འབྲེལ་འདྲིས་ཀྱིས་གང་ལ་གང་འཚམས་ཀྱིས་ཞྭ་སོགས་ཉོ་བའི་དབང་དུ་བཏང་ན། དགེ་རྒན་གྱིས་ངེས་པར་དུ་སློབ་མ་རེ་རེའི་འཚོ་བའི་ཕྱོགས་ལ་ཤེས་རྟོགས་བྱེད་དགོས་པ་མ་ཟད། *མིའི་ཡོན་ཏན་ལ་བཅོས་ཐབས་ཡོད་ཀྱང་མིའི་སྤྱོད་ལམ་ལ་བཅོས་ཐབས་མེད་*ཟེར་བ་འང་གནས་ལུགས་ངེས་ཅན་ཞིག་ཡོད་དེ། མི་རེ་རེའི་དགའ་ཕྱོགས་དང་སྤྱོད་ལམ་སོགས་ལ་ཞིབ་འཇུག་བྱས་པ་དེ་དང་འཚམ་པའི་སློབ་གསོ་གཏོང་རྒྱུ་ནི་ཡོན་ཏན་སློབ་རྒྱུ་ལས་གལ་ཆེ་བ་བསྟན་པ་རེད། སྤྱི་ཚོགས་དང་མཐུན་པའི་མི་སྣ་སྐྱེད་བསྲིང་བྱེད་རྒྱུ་ཡང་དེང་རབས་འགྱུར་ལྡོག་དང་བསྟུན་ནས་སློབ་ཁྲིད་བྱེད་དགོས་པ་ལས། རྙིང་བའི་ཁྲིད་ཐབས་ཀྱིས་སློབ་མའི་དུས་སྐབས་ཀྱི་ཚབ་བྱེད་མི་ཐུབ་པས། དེ་དང་མཐུན་པའི་སློབ་ཁྲིད་དམ་ཉམས་མྱོང་བརྗེ་རེས་བྱེད་རྒྱུ་གལ་ཆེ་བར་སྙམ།
དེ་ཇི་ལྟར་སློབ་ཁྲིད་བྱེད་དགོས་ཟེར་ན། དབྱུག་པ་ཐོགས་ཏེ་གཅར་རྡུང་བྱེད་པའི་གོམས་སྲོལ་དང་སྡིགས་དམོད་བྱེད་པ་སོགས་བསྒྱུར་དགོས་ཤིང་དེ་ལས་ལྡོག་སྟེ་སྐབས་འགར་སློབ་ཁྲིད་བྱེད་པ་དང༌། སློབ་མར་སྐབས་འགར་ཁ་བརྡ་བྱེད་པ། སྐབས་འགར་ཁྲིད་བྱ་དེའི་ཐོག་ཏུ་བགྲོ་གླེང་བྱེད་པ། སྤྱི་ཚོགས་ཀྱི་འགྱུར་ལྡོག་བཤད་པ་སོགས་ཀྱིས་སློབ་མ་དང་དགེ་རྒན་གཉིས་ཀྱི་བར་དུ་གྲོགས་པོ་ཞེས་པའི་འབྲེལ་བ་ཞིག་ཆགས་ཐབས་བྱེད་དགོས། དགེ་རྒན་གྱིས་རང་ཉིད་ཆུང་དུས་སུ་ཇི་ལྟར་སློབ་སྦྱོང་བྱས་ཚུལ་སོགས་བཤད་ན། སློབ་མ་ཚོའི་མདུན་ལམ་གསར་བར་བསྐྱུགས་བྲོ་བའི་རྙིང་བ་དག་གི་ཤུགས་རྐྱེན་ཐེབས་སྲིད། དགེ་རྒན་གྱིས་བཤད་པ་མང་བ་ལས་མི་ཉན་པ་མང་བས། དགེ་རྒན་སློབ་མའི་རྒྱུད་ཚོད་དང་བསྟུན་མི་ཤེས་བ་དག་ལ་ཡོན་ཏན་གྱིས་ཇི་འདྲ་ཕྱུག་ཀྱང་ཆུའི་ཝུ་བ་ལས་སྤྱོད་སྒོ་ཅི་ཡང་མི་འདུག་པ་ལྟ་བུ་རེད།
དེང་སྐབས་དགེ་རྒན་གྱིས་སློབ་མར་བོད་ཡིག་ཇི་ལྟར་ཁྲིད་པ་དཔེར་ན། སློབ་སྐབས་གསར་བ་ཞིག་གི་འགོ་བརྩམས་པ་དང༌། སློབ་ཐུན་གསར་བ་ཞིག་གི་འགོ་ཚུགས་དུས། ཁོས་དཔེ་དེབ་ཁྱེར་ཡོང་སྟེ་ས་བཅད་དང་རབ་བཤད་ཅི་ཡང་མེད་པར། ཉམས་ལྡན་གྱི་རྒྱན་ལ་ཚིག་འགྲེལ་ཞིག་བྱས་རྗེས། ཡོངས་སུ་ཁྲིད་ཚར་སོང་སྙམ་པའི་ང་རྒྱལ་གྱིས་