logo

ད་ལྟའི་བོད་སྐད་ཡིག་གི་དཀའ་གནད་དང་དེའི་འབྱུང་རྐྱེན།

རྩོམ་པ་པོ།:ཨ་ཚོགས•བློ་བཟང་མཁས་བཙུན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-04-16 ཀློག་གྲངས།:

སྤྱིར་བསྟན་པ།

    བློ་མཐུན་སི་ཏཱ་ལིན་གྱིསམི་དམངས་ཁྲི་སྟོང་མང་བོས་མི་རིགས་རང་གི་སྐད་ཡིག་དེ་ཉིད་བེད་སྤྱོད་བྱས་ན།ད་གཟོད་ཆབ་སྲིད་དང་དཔལ་འབྱོར་རིག་གནས་གོང་སྤེལ་བཅས་ཀྱི་ཐད་ལ་ཡར་རྒྱས་ཆེན་པོ་འབྱུང་ཐུབ་ཀྱི་རེད།ཅེས་གསུངས་པ་ལྟར།  ད་ལྟ་རང་རེ་ལ་མཁོ་བ་ནི་བེད་སྤྱོད་དང་ཡར་རྒྱས་དེ་ཡིན་ཞིང་ཡར་རྒྱས་ནས་སྟོབས་འབྱོར་ལྡན་པ་དེ་ཡིན། རང་རེ་མི་རིགས་ཡོངས་ཡར་རྒྱས་སྟོབས་འབྱོར་ཅན་དུ་འགྲོ་མིན་དེ་རང་རེའི་རྒྱལ་ཁབ་ཡར་རྒྱས་སུ་འགྲོ་མིན་ལ་ཐུག་ཡོད་པ་དང་། རང་རེའི་རྒྱལ་ཁབ་ཡར་རྒྱས་སུ་འགྲོ་མིན་དེ་མི་རིགས་ཡོངས་ཡར་རྒྱས་སུ་འགྲོ་མིན་ལ་རག་ལས་ཡོད་སྟབས། ང་ཚོས་ཡར་རྒྱས་ཀྱི་ཆེད་དུ་བེད་སྤྱོད་བྱ་དགོས་པ་ལས་བེད་སྤྱོད་ཀྱི་ཆེད་དུ་ཡར་རྒྱས་རྩོད་པ་དེ་མིན།རྒྱུ་མཚན་དེ་བས་ན།ང་ཚོས་བེད་སྤྱོད་བྱ་རྒྱུ་བོ་དེ་ཡང་མི་རིགས་སོ་སོ་རང་ཉིད་ཀྱི་སྲོག་དབང་དུ་གྱུར་བའི་སྐད་ཡིག་རིག་གཞུང་དེ་ཡིན་པ་ལས། ཁུ་ཚུར་གནམ་སྒྲེང་དེ་མིན་ཞིང་ཁ་གཡང་སྟོང་གཏམ་ཙམ་ནི་དེ་བས་ཀྱང་ག་ལ་ཡིན། རང་ཉིད་ལ་ཐུན་རྨོང་མ་ཡིན་པའི་སྐད་ཡིག་བེད་སྤྱོད་མེད་ན་རང་སོ་སོའི་ཐུན་མིན་རིག་གཞུང་ཞིག་ཡོང་ཐབས་མེད་ཅིང་། དེ་མེད་ཚེ་ཐུན་མིན་གྱི་ཁོངས་དང་དཔལ་འབྱོར་འཚོ་བ། བསམ་པའི་འདུ་ཤེས་བཅས་ག་ནས་ཡོད། དེ་མེད་པར་ད་དུང་མི་རིགས་ཤིག་གི་ངོ་བོ་སྲུང་འཛིན་དང་ཐུན་མིན་གྱི་འཚོ་གནས་ཤིག་བཙལ་རྒྱུ་ཟེར་ན། དེ་ནི་ད་གཟོད་ཁ་བྲལ་རིང་ལུགས་པ་ཡིན་ཞིང་གླེན་རྨོངས་ཀླ་ཀློའི་སྤྱི་ཚོགས་མདངས་མ་འགྱུར་མདོག་མ་ཡལ་པ་ཁོ་ན་དེའོ། 

ཡང་བཤད་ན་སློབ་དཔོན་ལེ་ཉིན་ལགས་ཀྱིས་ཀྱངཡིག་རྨོངས་ཀྱིས་ཁེངས་པའི་མི་རིགས་ཤིག་ཡིན་ན་དེ་ལ་འཕེལ་རྒྱས་ཀྱི་རེ་བ་མེད།ཅེས་གསུངས་པ་འདིའི་ཡིག་རྨོངས་ཞེས་པ་དེ་ཡང་རང་མི་རིགས་ཀྱི་སྐད་ཡིག་ལ་རྨོངས་པ་དེ་ཡིན་དུས། རང་མིས་རང་སྐད་སྨྲ་བ་དང་། རང་མིས་རང་ཡིག་སློབ་པ།  རང་མིས་རང་སྐད་ཡིག་བེད་སྤྱོད་གཏོང་བ་ནི། གོང་དབུས་གཞུང་གིས་ང་ཚོ་ལ་བཅངས་པའི་རེ་བ་དང་།  མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱི་དགོངས་དོན་ཡང་ཡིན།  འདི་ལྟ་བུ་གོང་དབུས་གཞུང་གི་ཀུ་ཡངས་སྲིད་ཇུས་དང་། ཡང་དག་དབུ་ཁྲིད་མཛུབ་སྟོན་འོག་རང་རེས་ཁ་ནས་བེད་སྤྱོད་གླེང་བཞིན་ལག་ཏུ་མཁོ་མེད་དུ་གཏོང་བཞིན་པ་འདི་ངོས་འཛིན་ཐུབ་པའི་སྒོ་ནས། རང་རེ་ནི་ལག་པས་བེད་སྤྱོད་གཏོང་མཁན་ལས་ཁ་ནས་བེད་སྤྱོད་གཏོང་དགོས་ཀྱི་ཁ་གཡང་སྒྲོག་མཁན་དེ་མིན་པ་དང་། རང་རེ་ནི་རྐང་བཙུགས་དོན་དམ་པའི་གདོང་ལེན་དཔུང་འཇུག་པ་ལས་ཁ་སྣེའི་བཀོད་འདོམས་བཀའ་གཏོང་མཁན་དེ་མིན་པ་དང་། ཁྱད་པར་དུ་རང་ཉེས་རང་ཐོག་ལས་རང་ཁག་གཞན་འཁྲི་དེ་ནི་གཏན་མི་རུང་ངོ་། 

ད་ལྟའི་དཀའ་གནད།

    ད་ནས་རང་རེས་བེད་སྤྱོད་གཏོང་ཕྱོགས་དང་བེད་སྤྱོད་གཏོང་ཚུལ་ཡོད་མེད་ཀྱི་ཕྱོགས་སུ་རྟོག་ཞིབ་དང་ཕྱོགས་ཡོངས་ལ་རྩད་ཞིབ་ཅིག་བྱས་ཚེ། གཞི་རིམ་ཞིང་ཁ་རི་འདབས་སློབ་མ་གྲྭ་བ་ནས་བཟུང་གོང་རིམ་འགོ་ཁྲིད་ལས་བྱེད་དང་། བླ་མ་དགེ་རྒན་བར་དང་། ཤེས་ལྡན་མི་སྣ་ང་ཡིན་ཁོ་ཡིན་ཟེར་མཁན་བཅས་ཀྱི་ཁྲོད་དུ་ཁ་ལག་སྤྱོད་གསུམ་གང་ནས་ཀྱང་དོན་དངོས་ཀྱི་ལག་ལེན་བཀོལ་སྤྱོད་བྱེད་པ་གང་ཡང་མེད། ཡོད་ཚད་ཁ་འདྲེས་མ། ལག་བཅིངས་མ། སྤྱོད་པ་རྫུན་མ། ཁྱད་པར་དུ་དེང་གི་འཕྲུལ་རིགས་འདྲ་མིན་དང་། དངོས་ཟོང་སྣེ་མང་། སྤྱོད་སྟངས་ཚུལ་མཐུན་མིན་གཉིས་དང་། དེ་དག་དང་ལྷན་ཅིག་ཏུ་མིང་བརྡ་ཐ་སྙད་གསར་བ་དང་བཀོལ་སྤྱོད་ལག་ལེན་དངོས་མ་དེ་ཆུ་རགས་ཤོར་བ་བཞིན་རང་རེ་སྤྱི་ཚོགས་ཁྲོད་འཕྱུར་ཡོང་བའི་སྐབས། ཡོད་ཚད་ཁ་རྒྱ་བོད་སྐད་ཡིག་འདྲེས་མ། ལག་དངོས་ཐོག་བེད་སྤྱོད་བཅིངས་མ། སྤྱོད་པ་ཚུལ་འཆོས་བཅོས་རྫུན་དངོས་མ་བཅས་ཀྱིས་བོད་མིའི་སྤྱི་ཚོགས་ཡོངས་ཟང་ཟིང་མགོ་ཉོག་ཅན་དུ་ཅི་ཆ་འདི་ཆ་མེད་པའི་ངང་ཚུལ་ལ་གཏུགས་འདུག་པ་དེ་ནི་ཉི་ཤར་སྦར་མོས་མི་ཁེབས་པ་འདིའོ༎ རང་སྐད་ཡིག་སྟེང་གི་དངོས་མི་འཕྲུལ་མིང་ལ་གཞན་སྐད་ཡིག་གི་ཟུར་མཆན་འགྲེལ་བཤད་དགོས་པའི་ཚོད་དང་། རང་སྐད་ཀྱི་མིང་བརྡའི་ལམ་ལས་གཞན་སྐད་ཀྱི་མིང་བརྡ་ཐ་སྙད་བརྡ་འཕྲོད། གོ་དོན་རྟོགས་བདེ་བར་ཁ་བྱང་རྒྱུགས་ཆེ་བའི་ཐབས་སྐྱོའི་གནས་ཚུལ་དང་། རང་སྐད་ཡིག་གི་ལམ་ནས་གཅུས་གཟེར་གཅིག་གི་མིང་དང་ཐ་སྙད་ཤེས་མཁན་དང་། ལྷུ་ལག་གཅིག་གི་དགོས་དོན་གོ་ས་གར་ཡོད་ཅི་ཡིན་གྱི་ཁ་སྒོར་ལག་སྣེར་ཐོན་པ་གཅིག་ཀྱང་མེད་པའི་བྱས་ཉེས་འདི་དག་སུས་ཁུར། མཁར་གྲོང་ལས་ཁུངས་ཁག་ཏུ་སྒོ་བྱང་མང་བ་དང་། མང་བོའི་སྟེང་དུ་རང་སྐད་ཡིག་གི་གྲུབ་གཟུགས་རེ་མཐོང་རྒྱུ་འདུག་ཅིང་། ད་ལྟ་དེ་ཡང་ཇེ་ཆུང་ནས་ཇེ་ཕྲར་འགྲོ་བཞིན་འདུག  གཏན་དུ་འགྱུར་བ་དར་རྒུད་མེད་པ་རང་ཡོད་པ་དེ་ནི་གསང་སྤྱོད་ཁང་གི་ཕོ་མོ་ཞེས་ཡི་གེ་དེ་གཉིས་ཡིན། དེ་གཉིས་ནི་མངོན་གསལ་དོད་པོ་རང་འདུག  དེ་མ་གཏོགས་བཟོ་གྲྭ་འདྲ་མིན་དང་ལག་རྩལ་ལས་རིགས་ཁག་དང་། དངུལ་ཁང་དང་དཔལ་འབྱོར་དོ་དམ་ཁང་། ཆུ་བེད་དང་གློག་ཤུགས་ལས་ཁུངས། སྨན་ཁང་ཆེ་ས་དང་འགྲིམ་འགྲུལ


འབྲེལ་ཡོད་འོས་སྦྱོར།