logo

དེ་སྔའི་བོད་ཀྱི་སློབ་གྲྭའི་སློབ་གསོའི་སྐོར་ཆེ་ལོང་ཙམ་གླེང་བ།

རྩོམ་པ་པོ།:ཆོས་འཕེལ་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-04-14 ཀློག་གྲངས།:

   སྔོན་དུས་བོད་ཀྱི་སློབ་གྲྭའི་སློབ་གསོ་ནི་རིགས་གསུམ་ལ་དབྱེ་ཆོག་པ་སྟེ་དགོན་པའི་སློབ་གསོ་དང་གཞུང་བཙུགས་སློབ་གྲྭའི་སློབ་གསོ།  སྒེར་བཙུགས་སློབ་གྲྭའི་སློབ་གསོ་བཅས་སོ།།

   དང་པོ།  དགོན་པའི་སློབ་གསོར་མཚོན་ན།  དེ་ནི་བོད་ཀྱི་མི་རིགས་སློབ་གསོའི་སྲོལ་རྒྱུན་གྱི་རྣམ་པ་གཙོ་བོ་ཞིག་རེད།  དུས་རབས་བདུན་པའི་ནང་ནས་འགོ་ཚུགས་ཏེ་རིམ་བཞིན་བོད་འདི་སངས་རྒྱས་ཆོས་ལུགས་དར་ཁྱད་ཧ་ཅང་ཆེ་བའི་ལྟེ་གནས་ལྟ་བུ་ཞིག་ཏུ་གྱུར་ཅིང་།  སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བའི་དགོན་སྡེ་ཆེ་ཆུང་བསྡོམས་ན་སྟོང་ཕྲག་འགའ་ཞིག་བྱུང་ཡོད་པ་དང་།  དགོན་སྡེ་དེ་རྣམས་ཀྱི་གྲྭ་བཙུན་གྱི་འབོར་གྲངས་ཀྱང་ཉུང་ཉུང་མིན།  དགོན་པའི་སློབ་སྲོལ་མཚོན་ན་ལོ་རྒྱུས་རིང་པོ་ཡོད་ཁར།  དུས་རབས་མང་པོའི་རིང་ལ་བརྒྱུད་རིམ་བཞིན་ཆགས་པའི་སློབ་གསོའི་སྒྲིག་སྲོལ་ཆ་ཚང་ཞིག་ཀྱང་ཡོད།

   ད་ཡོད་ཀྱི་ལོ་རྒྱུས་ཡིག་ཆར་བལྟས་ན།  དུས་རབས་བདུན་པའི་སྔོན་ལ་བོད་དུ་གཅིག་གྱུར་གྱི་ཡི་གེ་མེད་སྟབས་སྲོང་བཙན་སྒམ་པོའི་ཐུགས་ལ་ལུགས་ཟུང་སྐྱོང་བར་རང་གི་ཡི་གེ་མེད་ན་མི་འགྲིག་པར་དགོངས་ཏེ་ཐོན་མི་སམ་བྷོ་ཊ་སོགས་རྒྱ་གར་དུ་ཡིག་རིགས་གཞན་དག་སློབ་པར་མངགས་ཏེ་ཕྱིར་ལོག་ཕེབས་རྗེས་བོད་རང་སྐད་དང་མཐུན་པའི་ད་ལྟའི་སྒྲ་སྦྱོར་གྱི་ཡི་གེ་འདི་ཉིད་གསར་དུ་གཏོད་པ་མ་ཟད།  ཁོང་གིས་གཏན་འབེབས་གནང་བའིཁྲིམས་སྲོལ་ཚངས་བའི་ཐིག་ཤིང་ཞེས་པ་སོགས་ཀྱི་ནང་།  ཆོས་དང་ཡིག་གེར་བློ་འཇུག་འདོན་ཤེས་བྱཞེས་དང་།  མི་ལ་ཡི་གེ་བསླབ་དགོས་ཞེས་པའི་བཀའ་ཡི་དྲིལ་བསྒྲགས་པས་ན་བོད་འདིར་དུས་དེར་ཙམ་ནས་སློབ་སྲོལ་དར་འགོ་ཚུགས་ཟིན་པ་སྨོས་ཅི་དགོས།  ད་དུངབློན་འབངས་རྣམས་ཀྱིསཁྲིམས་ཡིག་ཏུ་གཏན་འབེབས་མཛད་པ་ལྟར་ཡི་གེ་འབྲི་ཀློག་དང་།  སྒྲ་རིག་པིའ་གནས་ལ་སྦྱངས་བ་རྒྱ་ཆེར་བྱས་ནས་བོད་ཡུལ་མུན་པའི་གླིང་དུ་རིག་གནས་ཀྱི་ཉི་མ་ཤར་བ་ཡིན་ནོ།།ཞེས་མཁས་པ་མང་པོས་གསུངས་པ་བཞིན་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཐོན་མིས་གཙུག་ལག་ཀུན་གྱི་ཕྱི་མོ་བོད་ཡིག་གསར་དུ་གཏོད་རྗེས་སྒྱུར་རྩོམ་གྱི་བྱ་བའི་འགོ་མ་བཙུགས་གོང་བོད་ལ་ཡི་གེ་དར་བར་བྱེད་ཆེད་བོད་ཡིག་སློབ་ཁྲིད་བྱ་རྒྱུ་གནད་ཆེ་བར་དགོངས་པ་ནི་ཤུགས་ལས་གོ་བར་ནུས།

   སྔོན་བོད་ཀྱི་ལོ་རྒྱུས་བལྟས་ན་དགོན་པ་ནི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་ལྟེ་གནས་ཤིག་ཡིན་པ་ཙམ་དུ་མ་ཟད།  བོད་ཡིག་གིས་མཚོན་བོད་ཀྱི་རིག་གནས་ཁག་སྦྱོང་སའི་སློབ་གྲྭ་ཞིག་དང་།  གྲུབ་མཐའ་ཞིབ་འཇུག་བྱེད་སའི་ལས་ཁུངས་ལྟ་བུ་ཞིག་ཀྱང་ཡིན།  སྔོན་བྱོན་བོད་ཀྱི་མཁས་གྲུབ་དུ་མས་དཀའ་སྤྱད་ཀྱིས་བསྒྱུར་རྩོམ་དང་།  རང་རྩོམ་གནང་བའི་ཕྱག་རྗེས་ཀྱི་དཔེ་རིགས་གྲངས་ལས་འདས་པ་དང་།  གཞན་ཡང་བོད་ཀྱི་བརྡ་སྤྲོད་རིག་པ་དང་།  གཏན་ཚིགས་རིག་པ།  སྨན་རྩིས་གཞུང་ལུགས།  རྩོམ་རིག་གཞུང་ལུགས།  ཆོས་འབྱུང་།  རྣམ་ཐར།  རྟོགས་བརྗོད།  ལེགས་བཤད་ཀྱིས་མཚོན་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ནང་དོན་ལྡན་པིའ་བོད་ཡིག་ཐིག་གི་པར་ཤིང་དང་།  དཔེ་དེབ་མང་ཆེ་བ་དགོན་པའི་ནང་དུ་ཡོད་ལ།  བོད་རང་དུ་དར་བའི་རྩོམ་རིག་སྒྱུ་རྩལ་འཚེམ་འདྲུབ་དང་།  འཇུམ་བཟོ་སྐུ་བརྙན།  ཐང་ག  རྡུལ་ཚོན་རི་མོ་སོགས་དང་།  དུང་ཆེན་དང་།  རྫ་རྔ་སོགས་རོལ་ཆས་རིགས་ཀྱི་བེད་སྤྱོད་དང་།  དེ་མིན་དེ་མོ་དགུ་འཆམ་ཞེས་པ་དང་།  བཀྲ་ཤིས་ལྷུན་པོའི་འཆམ་ཆེན།  རྨེ་རུ་དགོན་པའི་སྤོས་བསང་སོགས་ཀྱིས་མཚོན་པའི་འཆམ་ཚན་ཁག་དང་།  ལུས་རྩལ་ཀྱི་ཁོངས་སུ་གཏོགས་པ་རྒྱང་མཆོང་དང་།  གནམ་རྡོ།  རྒྱབ་རྡོ།  འོག་རྡོ་ཟེར་བ་སོགས་སྒྱུ་རྩལ་གྱི་རྣམ་གྲངས་མང་པོ་ཞིག་ཐོག་མར་དགོན་པའི་ནང་ནས་བརྒྱུད་དར་བྱུང་འདུག  དགོན་པའི་སློབ་གསོར་མཚོན་ན་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྒྲིག་སྲོལ་ཆ་ཚང་ཞིག་ཡོད་ལ་ཚོགས་ཆེན་དང་།  གྲྭ་ཚང་།  ཁམས་ཚན།  མི་ཚན་སོགས་ཚང་མའི་སྒྲིག་ལམ་དམ་པོ་ཡོད་པ་རེད།  དགོན་པའི་སློབ་གསོས་ཆོས་ལུགས་བརྒྱུད་སྤེལ་གྱི་བྱ་གཞག་དང་།  དཔེ་རིགས་བདག་ཚགས་བྱེད་རྒྱུ།  ཡིག་རྨོངས་སེལ་བའི་བྱ་གཞག་བཅས་ལ་ལོ་རྒྱུས་ཐོག་ཧུར་བརྩོན་གྱི་ནུས་པ་ཆེན་པོ་ཐོན་ཡོད།

   གཉིས་པ།  གཞུང་བཙུགས་ཀྱི་སློབ་སྲོལ་ལ་མཚོན་ན།  སློབ་གྲྭར་རང་གི་རྣམ་པ་ལྡན་པའི་སློབ་སྲོལ་དང་།  ལས་ཁུངས་ཀྱི་རྣམ་པའི་སློབ་སྲོལ་ཁག་གཉིས་ཡོད།  དུས་རབས་བཅོ་བརྒྱད་པའི་ནང་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོས་བོད་ཀྱི་རིག་གནས་སློབ་གྲྭ་ཞེས་པ་ཞིག་བཙུགས་པ་གན


འབྲེལ་ཡོད་འོས་སྦྱོར།