logo

སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བར་ཆ་རྐྱེན་སྣ་མང་འཛོམས་དགོས།

རྩོམ་པ་པོ།:རྔ་བ་མེ་ལགས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ ། དུས་ཚོད།:2009-04-07 ཀློག་གྲངས།:

  དཔལ་འབྱོར་མ་གཞིར་འཛིན་པའི་དུས་རབས་ཉེར་གཅིག་པ་འདིར་རྒྱལ་ཁབ་ཕྱི་ནང་གི་སློབ་གསོ་ནི་རང་ཡུལ་སྤྱི་ཚོགས་ཀྱི་འགྱུར་ལྡོག་གི་དགོས་མཁོ་ལྟར་བཅོས་བསྒྱུར་དང་འཕེལ་རྒྱས་འགྲོ་བཞིན་ཡོད་ལ།  བོད་ཀྱི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་བྱ་བར།  ཐོག་མར་བསམ་བློ་བཅིངས་འགྲོལ་གཏོང་ནས།  འདུ་ཤེས་བཅོས་བསྒྱུར་བྱ་དགོས་པས།  རང་ཉིད་ཀྱིས་སློབ་གསོ་དང་སློབ་ཁྲིད་བྱས་པའི་ཉམས་མྱོང་ལས་འཕྲོས་ཏེ་དཔྱད་པ་བརྗོད་ཁུལ་ཙམ་བྱས་ན།

  ༡  གོང་རིམ་གྱིས་དོ་དམ་དམ་པོ་མིན་པ།

  གཞི་རིམ་དུ་སློབ་ཁྲིད་དང་སློབ་གསོའི་ལས་ཀ་བྱེད་མཁན་མང་ཤོས་ནི་ན་གཞོན་ཡིན་པས།  བསམ་བློ་ལ་འགྱུར་ལྡོག་ཆེ་བ། སེམས་རྣལ་དུ་གནས་མི་ཐུབ་པ།  ཁོར་ཡུག་གིས་བསྒྱུར་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཁར། བསམ་བློ་བཅིངས་འགྲོལ་མ་ཐུབ་པས་བསམ་པའི་འཛིན་སྟངས་གསར་བ་མིན་པ།  གོང་རིམ་སློབ་གསོ་ཅུས་དང་ཡུལ་ཚོའི་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ལྟ་རྟོགས་བྱས་པ་མི་འདང་བ་ནི་གཞི་རྩ་ཡིན།  སློབ་གསོ་ཅུས་དང་ཡུལ་ཚོ་ཁ་ཤས་བར་ཁ་ཐག་རིང་བ་དང༌།  མི་གྲངས་ཉུང་བས་སློབ་སྐབས་རེ་ལ་ཐེངས་རེ་གཉིས་ལས་ཐོན་མི་ཐུབ།  ཡུལ་ཚོའི་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་དང་དོ་དམ་བྱས་པའི་ཚད་མི་འདང་བ་དང་བྱ་དགའ་དང་ཁྲིམས་ཆད་ལག་བསྟར་མ་བྱས་པ།  ལྟེ་གནས་སློབ་གཙོ་དག་གིས་མི་ལ་ཕོག་ཐུག་གཏོང་མི་འདོད་པར་མི་བཟང་རང་ལུགས་ཀྱི་བསམ་བློ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སློབ་གྲྭ་སྒྲུབ་པ་དེ་ཉི་མ་འགྲོ་ཐབས།  ཐང་མ་སྐམ་ཐབས་བྱས་པས།  སློབ་མའི་བསམ་བློ་དང་ཀུན་སྤྱོད་ཞན་པས་ཡོན་ཚད་མཐོར་འདེགས་གཏོང་མི་ཐུབ་ལ།  སློབ་གསོའི་སྤུས་ཚད་མཐོར་འདེགས་ནི་བྱིས་པའི་གོམ་འགྲོས་བཞིན་ནོ། །

  ༢  དགེ་རྒན་གྱི་བསམ་བློ་དང་ཀུན་སྤྱོད་ཚད་ལྡན་མིན་པ།

  སློབ་གྲྭ་ཞིག་གི་བཟང་ངན་དང་འཕེལ་རྒྱས་ཀྱི་གཞི་རྩ་ནི་དགེ་རྒན་ཡིན་ལ།  དགེ་རྒན་གྱི་བསམ་བློ་དང་ཀུན་སྤྱོད་ནི་སློབ་མ་ཚོས་མིག་དཔེ་བལྟ་ས་དང་ལད་མོ་བྱེད་ས་ཡིན་པ་མ་ཟད་ཡིད་སྨོན་བྱེད་སའང་ཡིན།  དགེ་རྒན་ཞིག་ལ་རང་ཡུལ་འཕེལ་རྒྱས་དང་མི་རབས་རྗེས་མ་གསོ་སྐྱོང༌།  ཐ་ན་རང་ཉིད་ཀྱི་ཟླ་ཕོག་གི་ཆེད་དུ་སྙམ་ནས་སློབ་གསོ་དང་སློབ་ཁྲིད་བྱ་ཡུལ་སློབ་མ་དག་ལ་རྣམ་དཀར་གྱི་སེམས་པ་ཞིག་མེད་ན།  རྒྱལ་ཁབ་ཀྱིས་གནང་བའི་ཟླ་ཕོག་གིས་ཁྱི་ཞིག་གསོས་པ་དང་གཉིས་སུ་མེད།  གཞི་རིམ་གྱི་དགེ་རྒན་མང་ཤོས་ཀྱིས་ཉིན་གཅིག་གི་ཉི་མ་དང་ཟླ་གཅིག་གི་ཟླ་བ།  སློབ་སྐབས་རེ་རེ་འགྲོ་ཐབས་ཁོ་ན་བྱས་ནས་བསྡད་འདུག་ལ།  སྔ་དྲོ་དུས་ཚོད་བཅུ་ཡས་མས་སུ་ལམ་ལ་ཆས་ཤིང༌།  ཕྱི་དྲོའི་དུས་ཚོད་བཞི་ཡས་མས་སུ་ཕྱིར་ཁྱིམ་ལ་ལོག་འདུག ད་རུང་གུང་ཟས་ཟ་ལོས་དགོས། འདི་ལྟར་སློབ་ཁྲིད་རེ་བྱས་ན་སློབ་མའི་ཡོན་ཚད་ལ་མཐོར་འདེགས་ཐུབ་བམ།  དགེ་རྒན་ལ་ལ་སློབ་གྲྭ་རུ་ཐོན་ཀྱང་སློབ་མ་ཚོ་ལ་དེ་རིང་ཀ་ཁ་ག་ང་དང་སང་ཉིན་༡ ༢ ༣ ༤ ཡིས་དུས་འདས་ལ།  རང་སྦྱོང་གི་དུས་ཚོད་སུམ་ཆ་གཉིས་སུ་གྱུར་འདུག  སྤྱིར་རྒྱ་ཡུལ་གྱི་སློབ་གསོའི་ཁོར་ཡུག་དང་བསྡུར་ན་ང་ཚོ་རྗེས་ལུས་མངོན་སུམ་ཡིན་ལ།  དེའི་ཁར་དུས་ཚོད་ཚད་ཡོད་དེ་དམ་འཛིན་མ་བྱས་ན་ང་ཚོའི་མི་རིགས་ལ་མདུན་དུ་བསྐྱོད་པའི་གོ་སྐབས་ཡོད་དམ། ལོ་བརྒྱའི་ཇུས་ཆེན། །  སློབ་གསོ་གཞི་རྩ། ། ཞེས་པའི་ཡིག་འབྲུ་འཐར་འཐོར་རེ་སློབ་གྲྭ་ཀུན་གྱི་ཁོར་ཡུག་ཏུ་བྲིས་ཡོད་ཀྱང་ནང་དོན་རྟོགས་མཁན་དང་ལག་ལེན་བྱེད་མཁན་གྱི་གྲངས་ཀ་ནི་ཉིན་མོའི་སྐར་མ་ཡིན་ནོ།། བོད་ཁུལ་གྱི་སློབ་གསོ་དར་རྒྱས་སུ་འགྲོ་དགོས་ན་རྩ་བ་ནི་གཞི་རིམ་སློབ་གསོ་དང་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་མགོ་ཁྲིད་དང་དགེ་རྒན་རྣམ་པ་ལ་རག་ལས་པ་ཀུན་གྱིས་མཁྱེན་ངེས།  ང་ཚོའི་ཕྲག་ཏུ་བབ་པ་ནི་དུས་རབས་ཀྱི་འགན་དབང་དང་ལོ་རྒྱུས་ཀྱི་ཁུར་བོ།  མ་འོངས་བའི་ལམ་སྟོན་སོགས་མ་ཡིན་ནམ།  མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་དགོས་ན་ཐོག་མར་དེའི་སྐད་དང་ཡི་གེ་འཕེལ་རྒྱས་སུ་གཏོང་དགོས་ཞེས་པ་ཁ་འབོད་ཙམ་དུ་གྱུར་ན་ང་ཚོའི་མི་རིགས་འདིའང་མ་འོངས་བར་ཁ་འབོད་ཙམ་དུ་འགྱུར་ཉེན་ཡོད་དོ། །

  ༣  ཁྱིམ་བདག་དང་སློབ་མའི་བསམ་བློ་རྗེས་ལུས་ཡིན་པ།

  བོད་རོང་འབྲོག་ཁུལ་ནས་ནར་སོན་པའི་སློབ་མ་རྣམས་ལ་མ་འོངས་བར་ཕུགས་འདུན་མེད་ལ་དུས་ཚོད་ཀྱི་འཆར་གཞི་ནི་དེ་ལས་ཀྱང༌། སློབ་གྲྭ་ལ་འགྲོ་བ་ནི་རྩེད་མོ་ཁོ་ནའི་ཆེད་དུ་ཡིན་པ་ལས་ཤེས་བྱ་དང་རིག་གཞུང་ཞིག་ཤེས་སུ་འཇུག་དགོས་པའི་ངེས་ཤེས་སྐྱེ་མཁན་ནི་རི་བོང་གི་ར་དང་རུས་སྦལ་གྱི་སྤུ་ལྟ་བུ་ཡིན།  བོད་ཀྱི་སྤྱི་ཚོགས་སུ་རྙིང་ཞེན་གྱི་བསམ་པ་རྡོ་བརྐོས་རི་མོ་དང་བསམ་བློ་གསར་བ་ནི་མིག་ནང་གི་ལང་ཏོག་ཏུ་གྱུར་འདུག  དེ་ལྟར་དུ་རང་གི་བུ་རྒྱུད་ལ་སློབ་གསོ་གཏོང་སྟངས་ཀྱང་རང་གི་ཁོར་ཡུག་ཆུང་ཆུང་ཁོ་ནའི་ཆེད་དེ་ཞིང་ཕྱུགས་འཚོ་སྐྱོང་ཙམ་ལས་རང་མི་རིགས་སྔོན་ཐོན་ལ་འབྲེལ་འད


འབྲེལ་ཡོད་འོས་སྦྱོར།