logo

འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་བདག་གཉེར་དོ་དམ་སྐོར་རགས་ཙམ་གླེང་བ། (དང་པོ)

རྩོམ་པ་པོ།:རྡོ་རྗེ་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ ། དུས་ཚོད།:2009-04-01 ཀློག་གྲངས།:

  འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནི་རང་ཞིང་གི་མི་རིགས་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་།  ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་བཏང་ནས་མི་རིགས་ཀྱི་སྤུས་ཚད་ཇེ་མཐོར་འདེགས་པའི་རྨང་གཞི་གལ་ཆེན་ཞིག་དང་།   དུས་མཚུངས་སུ་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན།   མ་འོངས་པའི་ཤེས་ལྡན་མི་སྣ་སྐྱེད་བསྲིང་བ་ཇེ་མགྱོགས་སུ་གཏོང་བའི་གཡུལ་ས་གཙོ་བོ་ཞིག་ཀྱང་ཡིན།   དེའི་ཕྱིར།   འབྲོག་ཁུལ་གྱི་བོད་རིགས་སློབ་གསོ་དངོས་ལ་གཞིགས་ནས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་སློབ་གྲྭ་ཆུང་འབྲིང་གི་བདག་གཉེར་དོ་དམ་ལ་ཤུགས་བསྣན་ཏེ།  བདག་གཉེར་དོ་དམ་ལས་སྤུས་ཚད་དང་ཕན་ནུས་ལེན་པ་འདི་ནི་སློབ་གྲྭའི་བྱ་བ་སྣ་ཚོགས་དང་སློབ་སྒྲུབ་ཀྱི་ཆུ་ཚད།   སློབ་གསོའི་སྤུས་ཚད་བཅས་མཐོ་རུ་འདེགས་པར་འབྲེལ་བ་ཡོད་པར་མ་ཟད།   རྒྱང་རིང་ལ་གཟིགས་ནས་གནས་དེ་གའི་དཔལ་འབྱོར་འཛུགས་སྐྲུན་དང་ཅན་བཞི་མངོན་འགྱུར་བྱེད་པའི་ཐད་མཁོ་བའི་ཤེས་ལྡན་མི་སྣ་སྐྱེད་བསྲིང་བར་འབྲེལ་བ་ཡོད།   དེའི་ཕྱིར།   མི་རིགས་སློབ་གྲྭའི་བདག་གཉེར་དོ་དམ་ལ་ཤུགས་སྣོན་པར་དོན་སྙིང་གལ་ཆེ་བ་དང་དམིགས་བསལ་གྱི་ནུས་པ་ཡོད།  འོ་ན།   འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་བདག་ཉེར་དོ་དམ་ལ་ཤུགས་ཇི་ལྟར་སྣོན་དགོས་ཟེར་ན།

  གཅིག   སློབ་གྲྭ་ནང་ཁུལ་གྱི་བདག་གཉེར་དོ་དམ་ལ་ཤུགས་སྣོན་པ།

  འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ལ་ཚན་རིག་དང་མཐུན་པའི་བདག་གཉེར་བྱེད་ན་ངེས་པར་དུ་ཀུན་སྤྱོད་སློབ་གསོ་ལེགས་བཅོས་དང་སློབ་ཁྲིད་ལེགས་བཅོས།   ཁོར་ཡུག་ལེགས་བཅོས།   དགེ་རྒན་དཔུང་ཁག་ལེགས་བཅོས་བཞི་བོ་འདིའི་ནང་གི་གནད་འགག་ནི་སློབ་གྲྭའི་བདག་གཉེར་དོ་དམ་ལེགས་བཅོས་བྱེད་པ་དེ་ཡིན།   བདག་གཉེར་དོ་དམ་ལེགས་བཅོས་བྱེད་པ་ནི་སློབ་གྲྭའི་མི་ཤུགས་དང་རྒྱུ་ཤུགས།   དངོས་ཤུགས་བཅས་ལ་བདག་གཉེར་དོ་དམ་ལེགས་པོ་བྱེད་པ་དེ་ཡིན།   བདག་གཉེར་གྱི་སྲོག་ཤིང་ནི་མི་ལ་བདག་གཉེར་དོ་དམ་ལེགས་པོ་བྱེད་པ་དང་།   དེའི་དམིགས་ཡུལ་ནི་མིའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ཏེ།   རིམ་བཞིན་བདག་གཉེར་དོ་དམ་ཚད་ལྡན་ཅན་དང་ལམ་ལུགས་ཅན།   ཚན་རིག་ཅན།   བྱེད་ཐབས་དེང་རབས་ཅན་བཅས་སུ་མངོན་འགྱུར་བྱེད་དགོས།

  ༡.སློབ་གྲྭའི་སྒྲིག་གཞི་ལེགས་སྒྲིག་བྱེད་པ།   ཉིན་ཧྲིལ་ལུགས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་གནས་བབ་འཕེལ་རྒྱས་ཀྱི་དགོས་མཁོ་རུ་བསྟུན་ཆེད་ཀུན་སྤྱོད་སློབ་གསོའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ།   དགེ་སློབ་རྣམས་ཀྱི་ཆབ་སྲིད་བསམ་བློའི་སློབ་གསོ་ལ་ཤུགས་སྣོན་པ་དང་།   སློབ་དཔྱོད་ཁང་བཙུགས་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་ཆོས་ཉིད་ལ་འཚོལ་ཞིབ་གང་ལེགས་བྱེད་དགོས།

  ༢.བདག་གཉེར་དོ་དམ་གྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།   འགན་ཁུར་ལམ་ལུགས་ལག་ཏུ་བསྟར་བ།   སློབ་གྲྭའི་བྱ་བའི་ཁྱད་ཆོས་གཞིར་བཟུང་ནས།   གཏན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་།   རྒྱུན་ལྡན་གྱི་སློབ་ཁྲིད་སྒྲིག་ལམ་ལ་ཁག་ཐེག་བྱེད་པར་མ་ཟད།   ད་དུང་བཅོས་སྒྱུར་རྒྱུན་འཁྱོངས་དང་མུ་མཐུད་དུ་གསར་གཏོད་བྱེད་པ་དང་།   ལག་ལེན་ལས་ར་སྤྲོད་བྱུང་བའི་ཉམས་མྱོང་བཟང་པོ་འཐུས་ཚང་དུ་བཏང་རྗེས་རྒྱུན་སྲོལ་གྱི་བདག་གཉེར་དོ་དམ་གྱི་ལམ་ལུགས་སུ་བཀོད་ནས།   མུ་མཐུད་དུ་བདག་གཉེར་དོ་དམ་གྱི་ཆུ་ཚད་མཐོ་རུ་འདེགས་དགོས།

  ༣.སློབ་གྲྭ་ནང་ཁུལ་གྱི་བདག་གཉེར་དོ་དམ་གྱི་ལམ་ལུགས་བཅོས་སྒྱུར་སྒོསགདན་བསྐོ་གཉིསདང ལམ་ལུགས་གསུམལག་ཏུ་བསྟར་བ།   སློབ་གྲྭ་ནང་ཁུལ་གྱི་བདག་གཉེར་དོ་དམ་གྱི་ལམ་ལུགས་བཅོས་སྒྱུར་སྒོས།   ཚོང་རའི་དཔལ་འབྱོར་འགྲན་རྩོད་ཀྱི་ནང་རྐྱེན་ནང་འདྲེན་བྱས་ཏེ།   སྔོན་ཆད་ཀྱི་འཆར་ལྡན་དཔལ་འབྱོར་སྐབས་བཞག་པའིགཞུང་ཟསདང ལྕགས་ཕོར།   ཆ་སྙོམས་རིང་ལུགས་ཀྱི་སྐྱོན་ཆ་བཅས་སེལ་བ་དང་།   མི་གཤིས་འདྲ་མཉམ་ཡིན་པ་ཁས་ལེན་པའི་རྨང་གཞིའི་སྟེང་།   ངལ་རྩོལ་རིན་ཐང་གི་ཁྱད་པར་ལ་དོ་སྣང་བྱས་ཏེ།   མང་ལས་མང་ཐོབ་དང་ལས་བཟང་ལ་ཕོག་མང་སྟེར་བའི་བྱེད་ཐབས་བཀོལ་ནས་སྔོན་ཐོན་ལ་ཡར་སྐུལ་དང་རྗེ་ལུས་ལ་སྐུལ་ལྕག་གཏོང་བའི་དམིགས་ཡུལ་དུ་བསླེབ་དགོས།

༤.ཁོར་ཡུག་གསར་སྐྲུན་བྱས་ཏེ།   རང་འགུལ་གྱིས་འཕེལ་རྒྱས་སུ་གཏོང་བའི་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོ


འབྲེལ་ཡོད་འོས་སྦྱོར།