logo

དགེ་རྒན་གྱིས་སློབ་མའི་ཀུན་སྤྱོད་སྐྱེད་སྲིང་བྱེད་པའི་ཐད་ཀྱི་ལྟ་ཚུལ་རགས་བསྡུས།

རྩོམ་པ་པོ།:འགྱུར་མེད། ཡོང་ཁུངས།:གཅན་ཚ་མི་རིགས་སློབ་འབྲིང་གི་དྲ་ཚིགས། དུས་ཚོད།:2009-03-13 ཀློག་གྲངས།:

   དགེ་རྒན་གྱི་ལས་འགན་ནི་སྤྱི་ཚོགས་ངེས་ཅན་ཞིག་དགོས་མཁོ་དང་ཚད་གཞི་ལྟར༌།  རིག་གནས་ཁྲིད་པ་དང༌། བསླབ་བྱ་གནང་བ། སྤྱི་ཚོགས་ལ་ཤེས་རིག་གི་དགོས་མཁོ་བསྐྲུན་པ། སློབ་གསོ་སྤེལ་བ་བཅས་བྱེད་དགོས་པ་མ་ཟད་སྤྱི་ཚོགས་ལ་འཚམ་པའི་ཚད་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་ཞིག་ཀྱང་ཡིན་པས། ངེས་པར་དུ་དེའི་ཆེད་དམིགས་ཀྱི་ངལ་རྩོལ་ཁྱད་ཆོས་དང་འཚམ་པའི་ལས་རིགས་ཀུན་སྤྱོད་ལྡན་པ་དང་སྙིང་སྟོབས་ཡོད་དགོས་པ་དང༌། སྤྱོད་ཡོན་གཉིས་ལྡན་གྱི་མི་སྣའམ་སྤྱི་ཚོགས་འཛུགས་སྐྲུན་གྱི་སྣེ་ཁྲིད་མཛད་མཁན་ཞིག་བྱེད་དགོས། དེའི་ཕྱིར། དེང་རབས་ཀྱི་སྤྱི་ཚོགས་དང་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་ན་དགེ་རྒན་གྱིས་སློབ་ཁྲིད་བྱ་རིམ་ཁྲོད་དུ་གཤམ་གྱི་སློབ་མའི་ཀུན་སྤྱོད་སྐྱེད་སྲིང་བྱེད་འོས།

  མིའི་རིགས་ཀྱི་རིག་གནས་ཁྱབ་སྤེལ་བྱེད་དགོས། རང་ཉིད་ཀྱི་ཉམས་མྱོང་དང་ཚན་རིག་ལག་རྩལ་གྱི་ཤེས་བྱ། འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་བསམ་བློའི་ལྟ་ཚུལ་དང་ཀུན་སྤྱོད་ཀྱི་ཚད་གཞི་སློབ་མར་ཁྲིད་སྟོན་བྱས་ནས། ཁོ་ཚོར་སྔོན་རབས་པས་བསགས་པའི་ཤེས་བྱ་དང་ཉམས་མྱོང་རྒྱུད་འཛིན་གྱི་སྤྲོ་བ་བསླངས་ཏེ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་ཁར་བསྙེག་པར་བྱེད་དགོས་སྟབས། དགེ་རྒན་གྱིས་མིའི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། འོན་ཀྱང༌། དེང་རབས་ཀྱི་དགེ་རྒན་ཞིག་ལ་མཚོན་ན། སྐབས་འདིའི་སྤྱི་ཚོགས་དང་མཐུན་པའི་ཤེས་བྱ་ཇི་ལྟར་ཁྱབ་སྤེལ་བྱེད་རྒྱུ་དེ་རངཉིད་ཀྱི་གནད་དོན་ལ་ཐུགས་ཡོད། སྔོན་ཆད་མི་རྣམས་ཀྱི་བསམ་པར་དགེ་རྒན་ནི་ཤེས་བྱའི་བང་མཛོད་དང་དཔེ་དེབ་གསོན་པོ་ཞིག་ཡིན་པར་འདོད། དགེ་རྒན་གྱི་ལས་འགན་ནི་རང་ཉིད་ཀྱིས་ཤེས་རྟོགས་བྱས་པའི་ཤེས་བྱ་སློབ་མ་ལ་ཤེས་སུ་འཇུག་རྒྱུ་དང༌། སློབ་མའི་རིག་སྟོབས་དང་རྒྱ་གསར་སྐྲུན་ནུས་པ་འཕེལ་བར་སྐུལ་མ་བཏང་ནས་སློབ་སྦྱོང་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་རྒྱུ་ཡིན།

  སློབ་མའི་ཡིད་ཆེས་འཛུགས་དགོས།    དགེ་རྒན་གྱིས་དཔེ་ཁྲིད་བྱེད་དགོས་པ་མ་ཟད།  ད་དུང་མི་སྣ་སྐྱེད་སྲིང་བྱས་ཏེ། སློབ་མ་ཚུལ་ལྡན་ཞིག་བྱེད་ཤེས་པར་རོགས་རམ་བྱེད་དགོས། འདི་ནི་དཔེ་ཁྲིད་བྱེད་པ་ལས་ཀྱང་གལ་ཆེ་བའི་ལས་འགན་ཞིག་ཡིན།  སྤྱི་ཚོགས་ཀྱི་ཐད་ནས་བལྟས་ན། མིའི་བསམ་བློ་དང་ཀུན་སྤྱོད་བཟང་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ། གལ་ཏེ་བསམ་བློའི་ཀུན་སྤྱོད་ལེགས་པོ་ཞིག་ལོབས་བྱས་མེད་པ་དང༌། འཚོ་བའི་གོམས་སྲོལ་ལེགས་པོ་ཞིག་གསོ་སྦྱོང་མ་བྱས་ན་རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་དུ་ཁ་གསབ་བྱེད་རྒྱུ་ཧ་ཅང་དཀའ། ལས་འགན་འདི་ལེགས་འགྲུབ་བྱེད་ཆེད། དགེ་རྒན་གྱིས་ཕྱོགས་ཡོངས་ནས་སློབ་མར་རྒྱུས་ལོན་ཟབ་མོ་བྱེད་དགོས་པ་དང༌། སློབ་གསོའི་གཞི་རྩའི་གཞུང་ལུགས་མང་པོ་ཁོང་དུ་ཆུད་པ་བྱ་དགོས།  ཕྱོགས་གཅིག་ནས་རང་ཉིད་ལ་ཀུན་སྤྱོད་ཚུལ་མཐུན་ལྡན་དགོས་པ་མ་ཟད། ཕྱོགས་གང་ཐད་ནས་རང་དཔེ་གཞན་སྟོན་གྱི་ནུས་པ་འདོན་གང་ཐུབ་བྱེད་དགོས། ཕྱོགས་གཞན་ཞིག་ནས་ད་དུང་ཀུན་སྤྱོད་སློབ་གསོའི་བྱ་བའི་ནུས་པ་ཆེན་པོ་དང་སློབ་གསོའི་སྒྱུ་རྩལ་གྱི་ཆུ་ཚད་ངེས་ཅན་ཞིག་འཛོམས་དགོས་ལ།   སློབ་མའི་བསམ་བློ་ཡར་རྒྱས་དང་གཤིས་སྤྱོད་བཟང་པོ་གསོ་སྐྱོང་བྱེད་པའི་བྱ་རིམ་ཁྲོད་ཕྱོགས་སྟོན་གྱི་ནུས་པ་གལ་ཆེན་འདོན་ཐུབ་དགོས།  འོ་ན་སློབ་མའི་ཡིད་ཆེས་འཛུགས་པའི་བྱ་བ་ཇི་ལྟར་ལེགས་པོར་བསྒྲུབ་འོས་པར་འདོད་དེ།  གཅིག  སློབ་མའི་ཡིད་ཤེས་བཟོ་བཀོད་བྱེད་པའི་ནུས་པ་མཐོར་འདེགས་བྱེད་པ། གཉིས། ཕྱོགས་ཡོངས་ནས་སློབ་མའི་བསམ་བློའི་རྣམ་པ་རྒྱུས་ལོན་གཏིང་ཟབ་བྱེད་པ། གསུམ། ཀུན་སྤྱོད་སློབ་གསོའི་ནང་དོན་གྱི་ཡིད་འགུག་ནུས་པ་དང་གོ་སྐོན་ནུས་པ་ཇེ་ཆེར་གཏོང་བ། བཞི། ཀུན་སྤྱོད་སློབ་གསོའི་བྱ་རིམ་དགེ་མཚན་ཅན་དུ་བསྒྱུར་བ། ལྔ། ཀུན་སྤྱོད་སློབ་གསོའི་སྤྱི་ཁོག་ཕན་ནུས་ལེགས་སྒྲིག་དང་དར་སྤེལ་བྱེད་པ། དྲུག རང་དཔེ་གཞན་སྟོན་དང་བརྩེ་སེམས་ཀྱི་སློབ་གསོ་གཏོང་བ།

  ཐུན་མོང་བྱ་འགུལ་གྱི་མགོ་ཁྲིད་པ།   རྩ་འཛུགས་ཅན་ནི་དེང་རབས་སློབ་གསོའི་ལམ་ལུགས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན་པ་དང༌། འཛིན་གྲྭ་ནི་སློབ་གསོ་གཞི་རྩའི་སྡེ་ཚན་དང་རྩ་བའི་རྣམ་པ་ཡིན། སློབ་མའི་བྱ་འགུལ་སློབ་ཁྲིད་བྱ་འགུལ་དང་སློབ་གསོའི་བྱ་འགུལ་སོགསམང་ཆེ་བ་ནི་ཐུན་མོང་བའི་རྣམ་པ་ལྟར་སྤེལ་བ་རེད། ཐུན་མོང་བ་གང་ཡིན་རུང་ཚང་མར་མགོ་ཁྲིད་པ་ཡོད་ལ། དགེ་རྒན་གྱི་གོ་གནས་དང་ལོ་ཚོད། ཤེས་ཡོན། ཉམས་མྱོང༌། དབང་ཆ་བཅས་ཚང་མས་དགེ་རྒན་ནི་སློབ་མའི་མགོ་ཁྲིད་པར་ཐག་བཅད་པ་རེད།  དགེ་རྒན་གྱིས་མགོ་ཁྲིད་བྱེད་པ་ནི་སློབ་གསོ་དང་སློབ་ཁྲིད་བྱ་འགུལ་ཕན་ནུས་ལྡན་ཞིང་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་ཆེད་ཡིན། འཛིན་གྲྭ་ཐུན་མོང་གི་བྱ་འགུལ་ཁྲོད་དགེ་རྒན་གྱིས་རྩ་འཛུགས་དང་མགོ་ཁྲིད་ཀྱི་ལས་འགན་ཁུར་ཡོད་ཅིང༌། རྒྱལ་ཁབ་ཀྱིས་གཏན་ཕབ་བྱས་པའི་སློབ་གསོའི་བྱེད་


འབྲེལ་ཡོད་འོས་སྦྱོར།