མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་སློབ་
སློབ་གསོ་བྱ་ཡུལ་གྱི་མི་རྣམས་ཀུན་སྤྱོད་ལེགས་པ་དང་ཤེས་ཡོན་ལྡན་པ་ཞིག་ཡོང་བའི་སློབ་གསོ་བྱེད་དགོས་ན། སློབ་གསོའི་བྱ་ཐབས་ལ་མཁས་པའི་དགེ་རྒན་དགོས་ཤིང༌། དགེ་རྒན་དེ་ཡང་དཔེ་ཐོག་ཏུ་འཁོད་པའི་ཚིག་དོན་རྣམས་སློབ་མར་འཆད་ཤེས་ཤེས་པ་ཙམ་གྱིས་མི་འགྲིག་པར་སློབ་གསོའི་རིགས་པའི་གཞུང་ལུགས་ཆ་ཚང་ཞིང་གོ་རིམ་ཡོད་པ་ཞིག་གིས་མཛུབ་སྟོན་དགོས་པ་དང༌། སློབ་གསོའི་རིག་པའི་ནང་དུ་སློབ་གསོའི་ལས་ཀའི་ནང་གི་གལ་ཆེ་བའི་གནད་དོན་མང་པོ་ཞིག་རྒྱས་བཤད་བྱས་ཡོད་པ་དེས་དགེ་རྒན་གྱི་མཐོང་རྒྱ་ཆེ་རུ་བཏང་སྟེ་གནའ་རབས་དང་་་དེང་རབས། རང་རྒྱལ་དང་ཕྱི་རྒྱལ་བཅས་ཀྱི་སློབ་གསོའི་རིག་པ་རྣམས་ཕན་ཚུན་་་བསྡུར་བའི་སྒོ་ནས་དབྱེ་ཞིབ་བྱེད་ཐུབ་པ་དང༌། གནའ་བཟང་དེང་སྤྱོད། སྙིགས་འདོར་བཅུད་ལེན། སྔར་དྲན་དེང་བསྡུར། ཉམས་མྱོང་ཕྱོགས་བསྡོམས་བཅས་བྱས་ཏེ་ཏང་གི་སློབ་གསོའི་ལམ་ཕྱོགས་དང་བོད་ཀྱི་དངོས་ཡོད་གནས་ཚུལ་ཟུང་དུ་འབྲེལ་བའི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་ཐུབ་པ་ཡོང་གི་རེད།