བོད་གནའ་རབས་ཀྱི་སློབ་གསོའི་སྐོར་གྱི་འཆར་སྒོ།
གནའ་སྔ་མོའི་དུས་སུ། རང་རེ་གངས་ཅན་པ་རྣམས་ལ་སློབ་གྲྭ་ཞེས་པའི་ཐ་སྙད་འདི་མེད་ན་ཡང༌། ཆོས་དང་སྲིད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པའི་རིང་ནས་བཟུང༌། ཐོན་མི་ལ་སོགས་པའི་བོད་གངས་ཅན་གྱི་བློ་རྣོ་ཞིང་རིག་ལམ་ཤིན་ཏུ་མྱུར་བའི་སློབ་མ་མང་པོ་སྔ་གཞུག་ཏུ་རྒྱ་གར་དང༌། བལ་བོ། ཁ་ཆེ། རྒྱ་ནག་བཅས་སུ་རིམ་པར་བརྫངས་ནས་མི་རིགས་གཞན་གྱི་སྐད་དང་ཡི་གེར་སློབ་སྦྱོང་བྱས་པར་མ་ཟད། མི་རིགས་དེ་དག་གི་སྐད་ཡིག་དང་བརྡ་སྤྲོད་ཀྱི་ལེགས་ཆ་ཚུར་བླངས་ཏེ་བོད་རང་གི་སྐད་ཀྱི་རྨང་གཞིའི་སྟེང་གངས་ཅན་བོད་ཀྱི་བརྡ་སྤྲོད་རིག་པ་ཆ་ཚང་ཞིང་ཟོར་ཡང་བ། སློབ་བདེ་ཞིང་ཚན་རིག་དང་མཐུན་པ་འདི་ལྟ་བུ་ཞིག་གསར་དུ་བསྐྲུན་པ་རེད། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ། རིམ་བྱོན་གྱི་མཁས་དབང་དམ་པ་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་རང་རེའི་བོད་ཀྱི་བརྡ་སྤྲོད་རིག་པ་ཆ་ཚང་ཞིང་ཟོར་ཡང་བ། སློབ་བདེ་ཞིང་ཚན་རིག་དང་མཐུན་པ་འདི་ལྟ་བུ་ཞིག་གསར་དུ་བསྐྲུན་པ་རེད། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ། རིམ་བྱོན་གྱི་མཁས་དབང་དམ་པ་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་རང་རེའི་བོད་ཀྱི་བརྡ་སྤྲོད་རིག་པ་འདི་ཆ་ཇེ་ཚང་དང༌། གོ་ཇེ་བདེ། ཟོར་ཇེ་ཡང༌། འཐུས་ཇེ་ཚང་དུ་གྱུར་ཏེ། འཛམ་གླིང་ཐོག་སྔོན་ཐོན་ཡིག་རིགས་ཀྱི་གྲས་སུ་ཆུད་པ་རེད། ཡིན་ན་ཡང༌། ང་ཚོས་རང་གི་ཡིག་རིགས་འཕེལ་བའི་ལོ་རྒྱུས་ལ་ཕྱིར་འདང་རེ་བརྒྱབ་ན། བོད་གངས་ཅན་གྱི་ཡུལ་དུ་རང་གི་སྐད་དང་མཐུན་པའི་ཡི་གེ་བྱུང་བ་དང༌། ལྷག་པར་དུ། བོད་གངས་ཅན་གྱི་སྐད་དང་མཐུན་པའི་ཡི་གེའི་འཆད་ཉན་གྱི་སྲོལ་ཐོག་མར་བཏོད་པའི་རྗེས་སུ། སློབ་གྲྭ་ཞེས་པའི་མིང་མ་བཏགས་ཀྱང༌། དོནགྱིས་གནས་པ་ཡིན། དཔེར་ན། རང་རེའི་ལོ་རྒྱུས་དེབ་ཐེར་དུ། བོད་ཀྱི་ཡི་གེ་གསར་གཏོད་མཛད་པའི་མཁན་པོར་གྲགས་པའི་ཐོན་མིས་ཡི་གེ་གསར་གཏོད་མཛད་པའི་རྗེས་སུ། ལྷ་སའི་སྐུ་མཁར་མ་རུར་བོད་གངས་ཅན་གྱི་རྒྱལ་ཁམས་གཅིག་གྱུར་གནང་མཁན་ཆོས་སྲིད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་ཐོན་མི་རང་སློབ་དཔོན་དུ་བསྟེན་ནས་སློབ་གཉེར་གནང་མྱོང་བ་དང༌། དེས་ཀྱང་ཐུགས་ཡིད་ཚིམས་ཤིང་ཕྱིན་ཆད་བོད་ཀྱི་ཆོས་སྐད་ཐུན་མོང་མ་ཡིན་པ་སུམ་རྟགས་ཀྱི་བསྟན་བཅོས་འདི་ལས་གཞན་དུ་ཡུལ་སྐད་སྣ་ཚོགས་ཀྱིས་བཀའ་བསྟན་བསྒྱུར་ཏུ་མི་རུང་བར་བཀར་བཏགས་ཀྱི་ཕྱག་རྒྱས་བཏབ་པ་ཡིན། འོན་ཀྱང་སྐབས་དེ་དུས་སུ། ད་དུང་སློབ་གྲྭ་ཞེས་པའི་མིང་ཡང་མེད་ལ། དོན་ལ་ཡང་གནས་པ་མ་ཡིན་མོད་ཀྱང༌། ཡི་གེའི་འཆད་ཉན་གྱི་ལུགས་སྲོལ་ནི་སྐབས་འདི་ནས་བཟུང་ད་གཟོད་ཐོག་མར་བྱུང་བ་ལགས་སོ།
འོ་ན། བོད་གངས་ཅན་གྱི་ཡུལ་དུ་སློབ་གྲྭའི་ཐོག་མ་ག་ནས་བྱུང་བ་ཡིན་ཞེ་ན། དེ་ནི་ལན་འདེབས་དཀའ་བའི་གནད་དོན་ཞིག་ཡིན་རུང༌། ང་ཚོས་ལོ་རྒྱུས་ཀྱི་བྱུང་བ་ལ་ཕྱིར་འདང་རེ་བརྒྱབ་ཚེ། ཧ་ཅང་དཀའ་བའི་གནས་ཤིག་ཀྱང་མ་ཡིན་ཏེ། རང་རེའི་ལོ་རྒྱུས་སུ། བོད་ཀྱི་སད་མི་བདུན་ནམ་རབ་བྱུང་གི་ཐོག་མ་བདུན་དུ་གྲགས་པའི་དམ་པ་བདུན་པོ་ནི་ཆོས་སྲིད་ཀྱི་རྗེ་བོ་སྲོང་བཙན་སྒམ་པོའི་རྗེས་སུ་བྱུང་བའི་སློབ་གཉེར་བ་མི་བདུན་རེད། སྔོན་ཆད་ང་ཚོས་ཆོས་ལུགས་ནན་བཤད་བྱས་པའི་རྐྱེན་གྱིས་ཁོང་ཏ་ཚོ་ནི་ཆོས་སློབ་མཁན་གྱི་རབ་བྱུང་བདུན་དུ་བརྩིས་པ་ལས།རིག་གནས་སློབ་མཁན་གྱི་སློབ་མ་བདུན་དུ་མ་བརྩིས་པ་རེད། དོན་དམ་དུ་སངས་རྒྱས་ཀྱི་ཆོས་ལུགས་འདི་ཡང་རིག་པའི་གནས་ཤིག་ཡིན་པས། རིག་གནས་གཞན་དག་བསླབས་པ་ལ་སློབ་མ་དང༌། སངས་རྒྱས་ཆོས་ལུགས་བསླབས་པ་ལ་སློབ་མ་ཞེས་མིང་གདགས་མི་ཆོག་པ་ག་རེ་ཡོད། དེ་ཡང་ཡིན་ཏེ། གལ་སྲིད་བོད་རང་གི་སྐད་དང་བརྡ་སྤྲོད་ལ་སྦྱང་བ་སྔོན་དུ་མ་ཐོན་པ་ཞིག་ཡིན་ཚེ། བོད་རང་གི་སྐད་དང་ཡིག་ཐོག་ནས་བྲིས་པའི་སངས་རྒྱས་ཀྱི་ཆོས་ལུགས་དེ་ཚུལ་ཇི་ལྟ་བུའི་སྒོ་ནས་སློབ་སྦྱོང་བྱེད་རྒྱུ། འདི་ལ་ད་དུང་གནས་ལུགས་མང་པོ་བཤད་རྒྱུ་ཡོད་ཀྱང་འདི་ཙམ་གྱིས་ཆོག་པར་བྱ་ལ། མདོར་ན། སློབ་གྲྭའི་ཐོག་མ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བྱུང་བ་དང༌། རང་རེའི་བོད་ཀྱི་སློབ་གྲྭའི་སློབ་མ་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བྱུང་པ་ཡིན་ནོ། དེས་ན། ཁྱོད་ལ་ལུང་དང་རིགས་པའི་སྒྲུབ་བྱེད་ཇི་ལྟ་བུ་ཡོད་དམ་ཟེར་ན་ལོས་ཀྱང་ཡོད་དེ། གལ་སྲིད་ཁྱོད་ར་བོད་ཀྱི་ལོ་རྒྱུས་ལ་ཞིབ་ཆ་ཅུང་ཆེ་བ་དང༌། ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་མཉམ་དུ་བརྩམས་པར་གྲགས་པའི《 རྦ་བཞེད》ལ་གཟིགས་མྱོང་མཁན་ཞིག་ཡིན་ན། སྐབས་དེ་དུས་ཀྱི་གནས་ཚུལ་རྣམས་གསལ་པོར་མཁྱེན་ངེས་རེད། འདིར་དོགས་པ་ཁོང་སློང་གི་ཚུལ་གྱིས་དྲི་བ་འདི་འདོན་པར་བྱ་སྟེ། འོ་ན། ཆོས་སྲིད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྗེས་སུ་བོད་ཀྱི་ཡི་གེ་ལ་འཆད་མཉན་བྱེད་པའི་སྲོལ་ཉམས་པ་ཡིན་ནམ། ཡང་ན་སྲོལ་དེ་ཇི་བཞིན་དུ་འཛིན་མ་ཐུབ་པར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་སླར་གསོ་མཛད་པ་ཡིན་ནམ་ཟེར་ན། དེ་གཉིས་ཀ་མ་ཡིན་ཏེ།སློབ་གྲྭ་ཞེས་པ་ནི་གཅིག་ཚིག་གམ་ཉིས་ཚིག་ཙམ་མ་ཡིན་པར་ཐུན་མོང་གི་ཚོགས་པ་ཞིག་གི་དོན་ཡིན་པས། སྲོང་བཙན་གྱི་རྗེས་སུ་དེ་འདྲའི་ཐུན་མོང་གི་ཚོགས་པ་ཞིག་མ་གྲུབ་པ་དང། བརྒྱ་ལ་གྲུབ་པའི་དབང་དུ་བཏང་ན་ཡང་རྒྱུན་ལྡན་གྱི་སློབགསོའི་