ཡིག་རྨོངས་སེལ་བའི་བྱ་བ་དང་གན་རྒྱའི་འདུམ་གཅོད་སོགས།
རང་རྒྱལ་གྱི་བཅའ་ཁྲིམས་ཁག་ལས་ཁོལ་མར་ཕྱུང་བའི་མི་རིགས་སྐད་ཡིག་སྐོར།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་ཁེ་ལས། དོན་ལས་ལས་ཁུངས་ཀྱི་ཐམ་གའི་སྐོར་གྱི་ཆོད་དོན
ཐམ་གའི་མིང་དང་ཡི་གེ ཡིག་གཟུགས། རྒྱུ་ཆ། མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱི་ཐམ་ག་ལ་རྒྱ་ཡིག་དང་ས་དེའི་སྤྱི་སྤྱོད་ཀྱི་མི་རིགས་ཡིག་རིགས་གཉིས་འདྲ་མཉམ་བྱ་དགོས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་སྐོར་གྱི་གན་རྒྱ་འདུམ་གཅོད་ཀྱི་སྲོལ་ཡིག
དོན་ཚན་ལྔ་པ། མི་རིགས་གྲངས་ཉུང་བ་འདུས་སྡོད་དང་མི་རིགས་མང་པོ་མཉམ་སྡོད་ཀྱི་ས་ཁུལ་དུ། ས་དེའི་མི་རིགས་སྤྱི་སྤྱོད་ཀྱི་སྐད་ཆ་དང་ཡི་གེ་བཀོལ་ནས་བར་འདུམ་དང་འདུམ་གཅོད་བྱེད་པ་དང༌། འདུམ་ཕྲ་དང་འདུམ་གཅོད་བཅད་ཁྲ་བཟོ་འོས། ས་དེའི་མི་རིགས་སྤྱི་སྤྱོད་ཀྱི་སྐད་ཆ་དང་ཡི་གེ་མི་ཤེས་པའི་གྱོད་བདག་ལ་ལོ་ཙཱ་མཁོ་སྤྲོད་བྱ་འོས།
ཡིག་རྨོངས་སེལ་བའི་བྱ་བའི་སྲོལ་ཡིག
དོན་ཚན་དྲུག་པ། གྲངས་ཉུང་མི་རིགས་ས་ཁུལ་དུ་མི་རིགས་རང་གི་སྐད་ཆ་དང་ཡི་གེ་བཀོལ་ནས་སློབ་ཁྲིད་བྱ་ཆོག་ལ། ས་དེའི་མི་རིགས་སོ་སོ་སྤྱི་སྤྱོད་ཀྱི་སྐད་ཆ་དང་ཡི་གེ་བཀོལ་ནས་སློབ་ཁྲིད་བྱས་ཀྱང་ཆོག
དོན་ཚན་བདུན་པ། ས་དེ་གའི་སྐད་ཆ་དང་ཡི་གེ་ནས་ཡིག་རྨོངས་སེལ་བའི་ས་ཁུལ་དུ། ཡིག་རྨོངས་སེལ་བའི་ཚད་གཞི་ནི་ཞིང་ཆེན་དང་རང་སྐྱོང་ལྗོང་མི་དམངས་སྲིད་གཞུང་གི་དོན་ཚན་སྔོན་མའི་གཏན་འཁེལ་ལྟར་གཏན་འབེབས་བྱ་ཆོག
བྱིས་པ་ཁང་བདག་གཉེར་དོ་དམ་གྱི་སྲོལ་ཡིག
དོན་ཚན་བཅོ་ལྔ་པ། བྱིས་པ་ཁང་དུ་རྒྱལ་ཡོངས་སུ་སྤྱི་སྤྱོད་ཀྱི་སྤྱི་སྐད་བཀོལ་འོས། མི་རིགས་གྲངས་ཉུང་བའི་བྱིས་པ་གཙོ་བོ་ཡིན་པའི་བྱིས་པ་ཁང་དུ་རང་རིགས་སྤྱི་སྤྱོད་ཀྱི་སྐད་ཆ་བཀོལ་ཆོག