«བརྩེ་བའི་སློབ་གསོ»ལས་བྱིས་པའི་ནང་སེམས་ཀྱི་དགོས་མཁོ་སྐོང་སྟངས་ལ་དཔྱད་པ།
རྩོམ་པ་པོ།:བོད་ཆགས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-12-11
ཀློག་གྲངས།:
གཅིག ཕ་མའི་བརྩེ་བས་བྱིས་པའི་ནང་སེམས་ཀྱི་དགོས་མཁོ་སྐོང་བ།
“ཕྲུ་གུ་ནི་ཕ་མ་གཉིས་ཀྱི་བརྩེ་དུང་གི་འབྲས་བུ་ཡིན་ལ། ཕ་མ་གཉིས་ཀྱི་འབྲེལ་བའི་ལེགས་ཉེས་ཀྱིས་ཕྲུ་གུའི་འཚར་ལོངས་དང་གཤིས་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། དེར་བརྟེན་ཕ་མ་གཉིས་ཀྱིས་ཕྲུ་གུའི་ཆེད་དུ་ཕན་ཚུན་གྱི་བརྩེ་བ་འདོར་མི་རུང་། དུས་རྒྱུན་གྱི་འཚོ་བའི་ནང་འགལ་བ་དང་བསམ་འཆར་གཅིག་མཐུན་མ་བྱུང་བའི་སྐབས་ཕན་ཚུན་ལ་ཡིད་ཆེས་དང་བསམ་ཤེས་བྱས་ན་ཕྲུ་གུར་མིག་ལྟོས་བྱེད་ས་བྱུང་ནས་ཕྱིས་འབྱུང་མི་དང་མིའི་བར་ལ་འབྲེལ་བ་ལེགས་པོ་འཛུགས་ཐུབ”ཅེས་པ་དང་། “གཅེས་སེམས་དང་ཁོག་ཡངས་ནི་མེད་དུ་མི་རུང་བའི་ཐབས་ཤིག་ཡིན། ཇི་ལྟར་ཞེ་ན་མཐུན་སྦྱོར་གྱིས་མི་རྣམས་ལ་བདེ་འཇགས་ཀྱི་སྣང་བ་སྟེར་ཐུབ”ཅེས་པ་བཞིན། «བརྩེ་བའི་སློབ་གསོ»རུ་ཨན་ལེའུ་ཁི་ཡི་ཕ་མ་གཉིས་ཀྱི་བར་འགལ་ཟླ་ཆེན་པོ་བྱུང་མྱོང་མེད་དེ། གཅིག་ནས་ཁོ་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་བསམ་ཤེས། གུ་ཡངས་བཅས་བྱས་པ་ཡིན་ལ། གཉིས་ནས“བརྩེ་དུང་སྣང་མེད་བཏང་ན་ཕྲུ་གུའི་གཤིས་ཀ་དང་སྤྱི་ཚོགས་རང་བཞིན་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་བཟོ་བ་ཡིན”ཞེས་པ་བཞིན་ཁོ་གཉིས་ཀྱིས་བརྩེ་བའི་སློབ་གསོའི་རང་བཞིན་རྟོགས་ཡོད་པར་འདོད། རྒྱུ་མཚན་ནི། ཨན་ལེའུ་ཁི་ཡི་ཨ་ཕ་ནི་བརྩེ་བ་ལྡན་པའི་སློབ་གསོ་པ་ཞིག་སྟེ། ཨན་ལེའུ་ཁིས་སྐྱོན་ཆ་བཟོས་རྗེས་ཐད་ཀར་ཆད་པ་མི་གཅོད་པར་ཁོའི་འགན་འཁྲིའི་འདུ་ཤེས་དང་རང་སྐྱོན་ངོས་ལེན་གྱི་བློ་སྟོབས་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། བྱམས་བརྩེ་ཡིས་ཕྱུག་པའི་ཨ་མས་རྒྱུན་པར་ཨན་ལེའུ་ཁི་ལ་ཡ་རབས་སྤྱོད་བཟང་གི་ཕྱོགས་ལ་བརྩོན་པར་ཁ་ཏ་སློབ་གསོ་གཏོང་བ་དང་། དེ་མིན་ཨན་ལེའུ་ཁི་ཡི་ཨ་ཅེ་ཡིས་གང་ཅིའི་ཐད་ནས་ཁོ་ལ་གཅེས་སྐྱོང་གང་ལེགས་བྱེད་པ་སོགས་མདོར་ན་ཁོ་ཚང་ནི་བརྩེ་བས་ཕྱུག་པའི་ཁྱིམ་ཚང་ཞིག་ཡིན་ལ། བརྩེ་བའི་སློབ་གསོ་ནི་ནང་སེམས་བདེ་ཐང་ཅན་གྱི་བྱིས་པ་ཞིག་གསོ་སྐྱོང་བྱེད་པའི་སྔོན་འགྲོ་ཡིན།
གཉིས། ཕ་མས་རང་དཔེ་གཞན་སྟོན་གྱིས་བྱིས་པའི་ནང་སེམས་ཀྱི་དགོས་མཁོ་སྐོང་བ།
རང་དཔེ་གཞན་སྟོན་གྱི་སློབ་གསོ་ནི་བྱིས་པའི་མི་ཚེ་ལ་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་སློབ་གསོ་གཏོང་སྟངས་ཤིག་ཡིན་ཏེ། དེ་ནི་མི་གཤིས་བཟང་བའི་ཕྲུ་གུ་ཞིག་གསོ་སྐྱོང་བྱེད་པའི་ཐབས་དྲུག་གི་ཡ་གྱལ་ཏེ། “ཕྲུ་གུའི་ནང་སེམས་ཀྱི་འཇིག་རྟེན་ནི་རྙོག་འཛིང་མེད་ལ་བྱིས་དུས་ཀྱི་ལོ་འགའ་ཤས་ནང་གཙོ་བོ་མི་གཞན་ལ་ལད་ཟློས་བྱ་རྒྱུ་ཁོ་ན་ཡིན། དེར་བརྟེན་ཁྱེད་ཀྱིས་རང་ཉིད་ཀྱི་ཕྲུ་གུར་ཁྱད་ཆོས་སམ་ཡོན་ཏན་གང་རུང་ལྡན་ན་ཅི་མ་རུང་སྙམ་ཚེ་ཐོག་མར་ཁྱད་ཆོས་སམ་ཡོན་ཏན་དེ་དག་རང་ཉིད་ལ་ལྡན་པར་བྱེད་དགོས།”ཞེས་པ་དང་། “བྱིས་པ་དང་ཕ་མའི་བར་འབྲེལ་འདྲིས་བྱེད་སྐབས་བྱིས་པའི་སེམས་ཁམས་ཁྲོད་ཕ་མར་ཡིད་ཆེས་བྱེད་པའི་སྣང་ཚུལ་ཞིག་འབྱུང་སྲིད་དེ། སྣང་ཚུལ་དེར་བརྒྱུད་སྤྲོད་རང་བཞིན་ལྡན་ལ། དེ་ཡིས་བྱིས་པའི་འཚར་ལོངས་ཁྲོད་དཔེ་སྟོན་གྱི་ནུས་པ་ཐོན་ཡོད།” གཞན་ཡང་ཞིབ་འཇུག་མི་སྣས་ཕྲུ་གུ་ཚོ་ཚན་ཆུང་གཉིས་སུ་བགོས་ནས་ཚོད་ལྟ་བྱས་པ་ལྟར་ན། ཕྲུ་གུ་རྣམས་ལ་མིག་བཙུམ་དུ་བཅུག་ནས་རྩེད་ཆས་ཀྱི་སྒྲར་བརྟེན་ནས་རྩེད་ཆས་གང་ཡིན་པ་ངོས་འཛིན་དུ་བཅུག་པ་དང་། རྩེད་ཆས་ཀྱི་སྒྲ་གློད་སྐབས་ཞིབ་འཇུག་པ་ཁང་པའི་ཕྱི་ལ་སོང་ནས་ཕྲུ་གུ་ཚོར་རྩེད་ཆས་ལ་ལྐོག་ལྟ་བྱེད་པའི་གོ་སྐབས་བསྐྲུན། དེ་རྗེས་ཡང་བསྐྱར་ཁང་པའི་ནང་སོང་ནས་ཕྲུ་གུ་རྣམས་ལ་གནས་ཚུལ་དྲིས། ཕྲུ་གུ་ལོ5ནས7བར་ལ་བསྡོམས་རྩིས་བྱས་པ་ལྟར་ན། ཕྲུ་གུ་ཚོ་ཆུང་དང་པོའི་ཁྲོད་ཀྱི་ཕྲུ་གུ80%ཡིས་རྩེད་ཆས་ལ་ལྐོག་ལྟ་བྱས་པ་དང་། སྐད་ཆ་འདྲི་སྐབས་ཕྲུ་གུ90%ཡིས་རྫུན་བཤད། ཚོ་ཆུང་གཉིས་པའི་ཕྲུ་གུའི་ཁྲོད། ཕྲུ་གུ60%ཡིས་རྩེད་ཆས་ལ་ལྐོག་ལྟ་བྱས་པ་དང་ཕྲུ་གུ60%ཡིས་རྫུན་བཤད་ཡོད། ཞིབ་འཇུག་མི་སྣས་ལོ5ནས7བར་གྱི་ཕྲུ་གུས་རྫུན་བཤད་དོན་ནི་མི་རྒན་པའི་བྱ་སྤྱོད་ལ་ལད་མོ་བྱས་པ་ཡིན་ལ། ལོ3ནས4བར་གྱི་ཕྲུ་གུར་རྙོག་འཛིང་ཆེ་བའི་བསམ་གཞིག་གི་ནུས་པ་མི་ལྡན་པས་ཧ་ལམ་རྫུན་མི་བཤད། དེ་བས་ཕ་མས་ཕྲུ་གུར་སྐད་ཆ་བཤད་སྐབས་བསམ་བློ་ནན་ཏན་གཏོང་དགོས་པ་ལས་རྫུན་རྩ་བ་ཉིད་ནས་བཤད་མི་རུང་བའི་སྡོམ་ཚིག་བཀོད་ཡོད། «བརྩེ་བའི་སློབ་གསོ»ཁྲོད་ཀྱི་ཞིབ་འབྲི་ལས་ཨ་ཕ་པའོ་ཏེ་ཉུས་ནི་སློབ་གསོ་བཟང་པོ་ཐོབ་ཅིང་། ཞི་དུལ་སྙིང་རྗེ་ལྡན་པའི་ཤེས་ལྡན་མི་སྣ་ཞིག་ཏུ་མཐོང་ལ། ཁྱད་པར་ཁོང་གི་རང་དཔེ་གཞན་སྟོན་དང་། བབ་ཆགས་རྒྱུད་འཇམ་གྱི་སློབ་གསོས་ཨན་ལེའུ་ཁི་གཅེན་གཅུང་གཉིས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པས་གནས་ཚུལ་མང་པོ་ཞིབ་འབྲི་བྱས་པའི་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། ཁོ་དང་བསྡུར་ན་ཨན་ལེའུ་ཁི་ཡི་ཨ་མ་ཞིབ་འབྲི་བྱས་པ་བལྟོས་བཅས་ཀྱིས་ཉུང་མོད། འོན་ཀྱང་ཚིག་ཉུང་ལ་དོན་འདུས་པའི་རྗོད་བྱེད་དག་ལས་མོ་ནི་མཛངས་མའི་ཡོན་ཏན་གྱིས་ཕྱུག་པའི་ཨ་མ་ཞིག་ཡིན་པས། ཨན་ལེའུ་ཁི་ཡི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ཡང་དག་པའི་སློབ་སྟོན་གྱི་ནུས་པ་བླ་ལྷག་ཐོན་ཡོད་པ་དངོས་ཤུགས་གང་རུང་ནས་ཤེས་ཐུབ། དེ་འདྲའི་ཕ་མའི་སློབ་གསོ་ཡི་ཤུགས་རྐྱེན་འོག་ཨན་ལེའུ་ཁི་གཅེན་གཅུང་གཉིས་ནི་ཕ་མའི་དཀའ་སྡུག་ཤེས་ཤིང་། རྒན་བཀུར་ཆུང་བྱམས་དང་བདེན་པ་དོན་གཉེར་སོགས་ཡ་རབས་སྤྱོད་བཟང་ལྡན་པའི་མི་བུ་ཞིག་ཏུ་ཆགས། “ཁྱིམ་ཚང་ནི་བྱིས་པའི་སྤྱི་ཚོགས་ཁོར་ཡུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། སྤྱི་ཚོགས་སློབ་གསོར་བབ་ཆགས་རྒྱུད་འཇམ་གྱི་ཁྱད་ཆོས་ཡོད་པ་རེད།”ཞེས་པ་དང་། “ཕ་མས་བྱིས་པའི་སྟེང་དུ་སྐྱོན་ཆ་ཞིག་ཡོད་པ་མཐོང་ཙ་ན། འཕྲལ་མར་རང་ཉིད་ཀྱི་འགྲོ་ལུགས་དང་སྤྱོད་སྟངས་ལ་ཕྱིར་རྟོག་བྱེད་འོས། རྒྱུ་མཚན་ནི་བྱིས་པའི་བཤད་ལུགས་དང་སྤྱོད་སྟངས་ནི་ཕ་མ་གཉིས་ཀས་མིག་དཔེ་བསྟན་པའི་འབྲས་བུ་ཡིན་པར་ངེས”ཞེས་པ་ལྟར། ཕ་མའི་སྤྱོད་ལམ་ནི་བྱིས་པའི་སྤྱོད་ལམ་གྱི་མ་དཔེ་ཡིན་པས་རང་དཔེ་གཞན་སྟོན་གྱི་སློབ་གསོའི་བྱེད་ཐབས་འདི་ཧ་ཅང་གལ་ཆེ།
གསུམ། ཕ་མས་བྱིས་པའི་ནང་སེམས་ཀྱི་དགོས་མཁོ་སྐོང་བ་དང་འོས་འཚམ་གྱིས་རྒྱུས་ལོན་བྱེད་པ།
«བརྩེ་བའི་སློབ་གསོ»རུ་ཨན་ལེའུ་ཁི་མིང་སྲིང་གཉིས་དང་ཁོ་ཚོའི་ཕ་མའི་བར་ནང་འགལ་བྱུང་མྱོང་མེད་པ་དང་། རྒྱུ་མཚན་ནི་ཁོ་གཉིས་ཀྱིས་ཕན་ཚུན་བར་རྒྱུས་ལོན་དང་འབྲེལ་འདྲིས་འོས་འཚམ་བྱེད་བཞིན་ཡོད། ཨན་ལེའུ་ཁིར་མ་ཉེས་ཁ་གཡོག་ཐེབས་པའམ་བསམ་ཚུལ་གང་རུང་ཡོད་པའི་སྐབས་སུ། ཁོས་ཐོག་མར་ཡིད་ལ་དྲན་པ་ནི་ཕ་མ་གཉིས་ཡིན། “བྱིས་པར་སློབ་གསོ་ཡག་པོ་ཞིག་གཏོང་དགོས་ན་ཐོག་མར་བྱིས་པར་འཚམ་པའི་ཐབས་ལམ་རྙེད་དགོས་ལ། དེའི་སྔོན་འགྲོའི་ཆ་རྐྱེན་ནི་བྱིས་པར་རྒྱུས་ལོན་ཡག་པོ་བྱས་ནས་ནང་སེམས་ཀྱི་དགོས་མཁོ་ལ་རྒྱུས་ལོན་བྱེད་པ་དེ་ཡིན”ཞེས་པ་བཞིན། «བརྩེ་བའི་སློབ་གསོ»ཡི་ཁྲོད་ཁོ་ཚོས་ཕན་ཚུན་བར་འཕྲིན་ཡིག་སྐུར་རེས་བྱེད་པ་ནི་ཁྱིམ་མི་ཡོངས་ཀྱི་རྒྱུན་ལྡན་གྱི་འབྲེལ་འདྲིས་ཀྱི་ཁ་གསབ་ཅིག་ཡིན་ལ། འཕྲིན་ཡིག་བརྒྱུད་ནས་ནམ་རྒྱུན་ངག་ཐོག་ནས་བརྗོད་མི་ཐུབ་པའི་སྐད་ཆ་མང་པོ་ཞིག་བརྗོད་ཐུབ་ཀྱིན་ཡོད་པ་རེད། འདི་ནི་ཁྱིམ་ཚང་གཞན་པར་མེད་པའི་འཚོ་བའི་རྣམ་པ་ཞིག་ཡིན་ལ། ལྷག་པར་འཕྲིན་ཡིག་ཁྲོད་ཀྱི་ཡིག་འབྲུ་རེ་རེ་ཡི་གསེང་ན་སྨྲ་བསམ་བརྗོད་འདས་ཀྱི་སྙིང་གཏམ་རེ་རེ་དང་གཟུགས་མེད་ཀྱི་བརྩེ་བས་ཁེངས་ཡོད་པས། འཕྲིན་ཡིག་ཀློག་པ་ནི་དོན་གྱིས་ཕན་ཚུན་གྱི་ནང་སེམས་ཀློག་པ་ཡིན་པས་ཕ་མས་བྱིས་པའི་ནང་སེམས་ཀློག་པའི་སློབ་གསོའི་བྱེད་ཐབས་འདི་ལ་སྐུ་ཞབས་ཡེད་ཧྲིན་ཐའོ་ཡིས་བསྟོད་བསྔགས་ཆེན་པོ་གནང་ཡོད།
མཇུག་བསྡུ་བ།
མདོར་བསྡུས་ན། «བརྩེ་བའི་སློབ་གསོ»ནི་བྱིས་པའི་མཐོང་ལམ་ནས་འཇིག་རྟེན་ལ་བལྟས་ཤིང་། བྱིས་པའི་ནང་སེམས་ཀྱི་ཐུན་མིན་དང་དོན་དངོས་ཀྱི་མྱོང་ཚོར་གཞིར་བཟུང་ནས་བྲིས་པའི་བྱིས་པའི་རྩོམ་རིག་བརྩམས་ཆོས་ཤིག་རེད། དེ་བས་ཉིད་ཀྱིས«བརྩེ་བའི་སློབ་གསོ»ཞེས་པར་བལྟ་ཀློག་བྱས་པ་བརྒྱུད། དམིགས་བསལ«བརྩེ་བའི་སློབ་གསོ»ལས་ཁྱིམ་ཚང་གི་སློབ་གསོས་བྱིས་པའི་ནང་སེམས་ཀྱི་དགོས་མཁོ་སྐོང་སྟངས་ལ་ཐེབས་པའི་ཤུགས་རྐྱེན་ལ་རགས་ཙམ་དཔྱད་ནས། ཕ་མར་གྱུར་ཟིན་པ་དང་འགྱུར་བྱ་སུ་ཞིག་ཡིན་རུང་ཡ་རབས་ཚུལ་མཐུན་དང་ལུས་སེམས་བདེ་ཐང་གི་བྱིས་པ་ཞིག་གསོ་སྐྱོང་བྱེད་འདོད་པ་ཐུན་མོང་གི་ཕུགས་བསམ་ལྟ་བུར་ཆགས་ཡོད་པས། ཕུགས་བསམ་མངོན་འགྱུར་གྱི་ཐབས་ཤིག་གི་ཚུལ་དུ་དམིགས་ཀྱིས་དཔྱད་པ་དང་། དེ་བས་ཀྱང་བསམ་པའི་དཔལ་ཡོན་ཉམས་རྒུད་དང་བརྩེ་བ་ཕྱིར་ཕུད། མི་དང་མིའི་བར་སྔར་བས་རྒྱུས་མེད་དང་བརྩེ་བ་སྣང་མེད་དུ་འགྲོ་བཞིན་པའི་རྩ་བ་བྱིས་པའི་འཚར་ལོངས་ལ་རག་ལས་པས་གལ་ཆེ་བར་སྙམ་སོང་། །

འབྲེལ་ཡོད་འོས་སྦྱོར།