གལ་སྲིད་ང་རང་སྐད་ཡིག་དགེ་རྒན་ཡིན་ན།
རྩོམ་པ་པོ།:ཀྲོསུ་ཀོ་ཕུང་གིས་བརྩམས། པདྨ་ཚེ་རིང་གིས་བསྒྱུར།
ཡོང་ཁུངས།:སྒང་ལམ་པའི་འཕྲིན་སྟེགས།
དུས་ཚོད།:2023-06-28
ཀློག་གྲངས།:
ངས་ནམ་རྒྱུན་རང་ལ་དྲི་བ་ཞིག་འདྲི་ཡིན་འདུག གལ་སྲིད་ང་རང་སློབ་འབྲིང་གི་སྐད་ཡིག་དགེ་རྒན་ཡིན་ན། ངས་སློབ་མ་རྣམས་ལ་ཇི་ལྟར་འཁྲིད་རྒྱུ་ཡིན།
དྲི་བ་འདི་རང་གི་ཉམས་མྱོང་དངོས་ལ་སྦྲགས་ནས་ལན་གདབ་རྒྱུ་ལས་གང་འདོད་དུ་བཤད་མི་རིགས། ང་རང་སློབ་འབྲིང་གི་དགེ་རྒན་བྱས་མ་མྱངས་ནའང་སློབ་འབྲིང་གི་སློབ་མར་གྱུར་མྱངས། སློབ་འབྲིང་གི་སྐབས་སུ་ངའི་སྐད་ཡིག་གི་ཆུ་ཚད་ངེས་པ་དོན་གྱིས་གོང་དུ་འཕེལ་ཞིང་། དེའི་ཕྱིས་ཀྱི་རྩོམ་འབྲིའི་བྱ་བར་ཡང་ཕན་ཆེན་པོ་ཐོགས་སོང་བ་ཅི་ཞིག་ལ་རག་ལས་ཤེ་ན། དེ་ནི་སློབ་ཕྱིའི་དཔེ་ཆ་ལྟ་རྒྱུར་དགའ་བ་དང་ཉིན་ཐོ་འབྲི་བའི་གོམས་གཤིས་ཆགས་པས་སོ། །
དེའི་དབང་གིས། གལ་སྲིད་ང་རང་སྐད་ཡིག་དགེ་རྒན་ཡིན་ན། ངས་སློབ་བུ་རྣམས་དཔེ་ཆ་ལ་དགའ་བ་ཞིག་ཏུ་གཏོང་ཅི་ཐུབ་དང་། ཁོ་ཚོར་དཔེ་ཆ་བཟང་པོ་དང་རྩོམ་རིག་བརྩམས་ཆོས་ཡག་པོ་མང་པོ་བཀླག་རྒྱུར་སྐུལ་མ་བྱ་རྒྱུ་ཡིན། འདིར་མང་པོ་ཞེས་པའང་བཀླགས་ཚད་ངེས་ཅན་ལྡན་པ་ཞིག་ལ་གོ་དགོས་ཏེ། དཔེར་ན་སློབ་སྐབས་རེ་ལ་མ་མཐའ་ཡང་དཔེ་ཆ་ཡག་ཤོས་གསུམ་རེ་བཀླག་པ་ལྟ་བུའོ། ངས་དཔེ་ཆ་ཁག་ཅིག་འོས་སྦྱོར་བྱ་སྲིད་ནའང་། གཅིག་སྒྱུར་གྱི་བཀླག་ཐོ་ཞིག་གཏན་འཁེལ་མི་བྱ་བར། སློབ་མ་རྣམས་ལ་རང་རང་སྤྲོ་བ་ཡོད་སའི་དཔེ་ཆ་འདེམ་དུ་འཇུག་རྒྱུ་ཡིན། བསམ་བློ་ཐ་ཤལ་མིན་པའི་ཆ་རྐྱེན་འོག་སྤྲོ་བ་འདྲ་མིན་སྣ་ཚོགས་ཡོད་ཆོག འདིའི་ཕྱོགས་ནས་ངས་མཛུབ་སྟོན་དང་སྣེ་འཁྲིད་གང་ལ་གང་འཚམས་རེ་བྱ་ངེས་ཡིན། ངས་ད་དུང་ཁོ་ཚོ་དཔེ་ཀློག་ཟིན་བྲིས་འབྲི་བར་སྐུལ་སློང་བྱ་རྒྱུ་ཡིན། ཟིན་བྲིས་ཀྱི་རྣམ་པ་ནི་བཀླགས་རྗེས་ཀྱི་མྱོང་ཚོར་ཡིན་ན་ཆོག་ལ། དཔེ་ཆའི་ནང་གི་རང་རང་དགའ་སའི་ཚིག་དུམ་རེ་བཤུའང་རུང་ངོ་། །
གལ་སྲིད་ང་རང་སྐད་ཡིག་དགེ་རྒན་ཡིན་ན། ངས་སློབ་མ་རྣམས་ཉིན་ཐོ་འབྲི་བར་བསྐུལ་རྒྱུ་ཡིན། ཉིན་ཐོ་འབྲི་བ་ལ་གཅིག་ཏུ་རྒྱུན་སྐྱོང་ནས་གོམས་པར་བྱེད་པ་གལ་ཆེ་ལ། གཉིས་སུ་བྲི་བྱའི་ནང་དོན་ཚོར་བ་དངོས་ཡིན་ཞིང་དོན་སྙིང་དང་ལྡན་པ་ཞིག་ཡིན་དགོས། གལ་ཏེ་ཆ་རྐྱེན་འདི་གཉིས་པོ་སློབ་མ་གཅིག་གི་སྟེང་ལ་འཛོམས་ཡོད་ན། སློབ་མ་དེ་ནི་རྩོམ་འབྲི་ལ་མོས་ཤིང་རྩོམ་འབྲིའི་ནུས་པའང་ལྡན་པ་ཞིག་ཡིན་པ་གསལ་ཐག་ཆོད་པས། ངས་དེ་ལ་སྐད་ཡིག་གི་རྒྱུགས་འབྲས་ཀྱང་འདོད་བློ་ཚིམ་པ་ཞིག་སྦྱིན་ཁོ་ཐག་ཡིན།
ངས་དོན་དག་འདི་གཉིས་གཙོ་བོར་འཛིན་རྒྱུ་ཡིན། སྐད་ཡིག་ཆུ་ཚད་ཅེས་པའང་འདི་གཉིས་ལས་མ་འདས་ཏེ། གཅིག་ནི་དཔེ་ཀློག་གི་སྤྲོ་བ་དང་ནུས་པ། ཅིག་ཤོས་ནི་རྩོམ་འབྲིའི་སྤྲོ་བ་དང་ནུས་པའོ། །སློབ་མ་རྣམས་ལ་རྩོམ་ཡིག་ངེས་པར་འབྲི་རུ་འཇུག་དགོས་ནའང་། ངས་རྩོམ་གྱི་བརྗོད་གཞི་གཏན་འཁེལ་བྱ་རྒྱུ་མིན་ལ། སློབ་མ་ཚོས་རང་གི་བློར་འབབ་པའི་དཔེ་ཀློག་ཟིན་བྲིས་སམ་ཉིན་ཐོ་སྤྲད་དེ་རྩོམ་ཡིག་གི་ཚབ་བྱས་ན་ཆོག མདོར་ན་ངས་སློབ་མ་རྣམས་ལ་ཤེས་སུ་འཇུག་འདོད་པ་ནི། ངའི་སྐད་ཡིག་སློབ་ཁྲིད་ལ་ཞུགས་མཁན་ཞིག་ཡིན་ན། དཔེ་ཀློག་གམ་རྩོམ་འབྲིའི་བྱ་བ་གང་ཞིག་བྱེད་ཀྱང་། ཆེས་གཙོ་བོ་ནི་རང་ལ་མྱོང་ཚོར་ངོ་མ་དང་ཐུན་མིན་གྱི་ལྟ་ཚུལ་ཡོད་དགོས་པ་དེའོ། །
ངས་ཆེས་བསྒྲུབ་པར་མི་འདོད་པ་ནི་སློབ་མ་རྣམས་ལ་སློབ་ཚན་ཞིག་གམ་ལེགས་རྩོམ་ཞིག་གི་བརྗོད་བྱའི་སྙིང་བོའམ་ཚན་པ་ག་གེ་མོའི་བསྟན་དོན་ཅི་ཡིན་དབྱེ་ཞིབ་བྱེད་དུ་འཇུག་རྒྱུ་དེ་ཡིན། གོ་ཐོས་ལྟར་ན། ང་རང་གི་རྩོམ་རྣམས་རྒྱུན་དུ་འདི་ལྟ་བུའི་ལེགས་རྩོམ་གྲས་སུ་བཞག་སྟེ་སློབ་མ་རྣམས་སྡུག་ལ་སྦྱོར་གྱིན་འདུག་ཟེར། ཐེངས་ཤིག་ལ། སློབ་འབྲིང་སློབ་མ་ཞིག་གིས་ངས་བྲིས་པའི«དཀའ་སྡུག་ལ་ཁ་གཏད་པ»ཞེས་པ་ནང་དོན་ཡིན་པའི་རྒྱུགས་ཤོག་ཅིག་ངའི་མདུན་སར་ཁྱེར་ནས་ང་ལ་རྒྱུགས་བླངས། རྒྱུགས་ཤོག་དེར་བཀོད་པའི་དྲི་གཞི་མང་པོ་ཞིག་ང་རང་གིས་ཀྱང་ལན་ཇི་ལྟར་གདབ་མ་ཤེས་པར་དྲན་ཚོད་ལྟར་བྲིས། ཡིན་ཡང་མོས་ཚད་ལྡན་གྱི་དྲིས་ལན་ལྟར་དག་བཅོས་བྱས་པ་ན། ང་ཡང་ཧ་ལམ་རྒྱུགས་འཕྲོད་མེད། དེེ་བས། ཚད་ལྡན་གྱི་དྲིས་ལན་ཟེར་བ་ཞིག་ཡོད་པའི་རྒྱུགས་ལེན་སྟངས་འདི་ལྟ་བུ་ནི་ཅི་འདྲའི་སྐྱག་རྫུན་ཞིག་རེད་ཨང་།

འབྲེལ་ཡོད་འོས་སྦྱོར།