སློབ་གསོ་ལ་ངེས་པར་དུ་ཡང་དག་པའི་དམིགས་ཚད་དང་ཁ་ཕྱོགས་གསལ་དགོས།
རྩོམ་པ་པོ།:བསོད་ནམས་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-11-13
ཀློག་གྲངས།:
ཚང་མས་མཁྱེན་གསལ་ལྟར། ཆེ་བ་མི་རིགས་ནས་རྒྱལ་ཁབ་དང་ཆུང་བ་མི་སྒེར་ནས་ཁྱིམ་ཚང་བར་གང་ཡིན་རུང་། སློབ་གསོ་ལ་ཡང་དག་པའི་དམིགས་ཚད་དང་ཁ་ཕྱོགས་གསལ་དགོས་པ་དེ་ནི། སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ལ་མཚོན་ན་ཆེས་ཐོག་མའི་ཆ་རྐྱེན་དང་པོ་ཡིན། སློབ་གསོ་ལ་ཡང་དག་པའི་དམིགས་ཚད་དང་ཁ་ཕྱོགས་གསལ་དགོས་ཞེས་པ་ནི། དྲང་པོར་བཤད་ན་སློབ་གསོས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་ལ། དེ་བས་ཀྱང་ཇེ་གསལ་དུ་བཏང་ན། མི་གཞི་ལེགས་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུ་དེ་རེད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལས“ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་ཏུ་སྤེལ་དགོས། ཤེས་ཡོན་ཅན་ལ་བརྩི་འཇོག་དང་། ཤེས་ཡོན་ལ་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གསར་སྐྲུན་ལ་བརྩི་འཇོག་བཅས་བྱ་རྒྱུར་མཐོང་ཆེན་བྱས་ཏེ། སྔར་བས་དགེ་མཚན་ལྡན་པ་དང་། སྔར་བས་སྒོ་འབྱེད། སྔར་བས་ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་བྱེད་དགོས”ཞེས་ནན་གྱིས་བསྟན་ཡོད། སློབ་གསོའི་བྱ་བ་དེ་གཙོ་བོ་ཤེས་ལྡན་མི་སྣར་བརྟེན་དགོས་ཤིང་། ཤེས་ལྡན་མི་སྣར་བརྟེན་ནས་སྔར་ལས་ཀྱང་ཤེས་ལྡན་མི་སྣ་མང་པོ་སྐྱེད་སྲིང་བྱེད་དགོས། ཐོན་ཁུངས་ཐམས་ཅད་ཀྱི་ཨང་དང་པོ་དེ་ཤེས་ལྡན་མི་སྣ་ཡིན་པས་ཤེས་ལྡན་མི་སྣ་ནི་སློབ་གསོའི་སྲོག་ཤིང་གཙོ་བོར་གྱུར་ཡོད། སློབ་གསོ་གཉེར་བའི་སློབ་གཙོའམ་ཡང་ན་དགེ་རྒན་ཞིག་ལ་མཚོན་ན་དེ་ནི་ངེས་པར་དུ་ཤེས་ལྡན་མི་སྣར་གཏོགས་པའི་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་དགོས། དགེ་རྒན་དེའམ་ཤེས་ལྡན་མི་སྣ་དེ་ལ་བརྟེན་ནས“སློབ་སྔོན་སློབ་གསོ་དང་དམིགས་བསལ་སློབ་གསོ་ཀུན་ཕན་ཅན་དུ་འཕེལ་རྒྱས་གཏོང་བར་ཤུགས་རྒྱག་པ། མཐོ་འབྲིང་དུས་རིམ་གྱི་སློབ་གྲྭ་སྣ་མང་ཅན་དུ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ། སློབ་མཚམས་ཧྲིལ་པོར་ཁྱབ་པའི་སློབ་མར་རོགས་དངུལ་སྤྲོད་པའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། སློབ་གསོ་གྲངས་ཀ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་དང་། སློབ་སྦྱོང་ཅན་གྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་དགོས”ཞེས་བསྟན། ང་ཚོས་སྙན་ཞུ་ལ་སློབ་སྦྱོང་བྱས་པའི་ངེས་ཤེས་ལྟར་ན། སློབ་སྦྱོང་དེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་། ཡང་ན་ཞིབ་འཇུག་སློབ་གླིང་སོགས་ཁོ་ནར་གཏོགས་པ་ཞིག་མ་ཡིན་པར། སློབ་སྦྱོང་དེ་དམངས་ཡོངས་ཀྱི་འགན་ཁུར་རམ་རྟོགས་སད་ཅིག་དང་། དུས་ཚོད་ཀྱི་ཆ་ནས་རང་གི་མི་ཚེ་གང་བོར་སློབ་སྦྱོང་གི་གོ་སྐབས་ཤིག་དང་། སློབ་སྦྱོང་ལ་རང་དབང་ཡོད་པའི་དུས་རབས་ཤིག་ཏུ་ཅིས་ཀྱང་ངོས་འཛིན་བྱེད་དགོས་ལ། དེ་ལྟར་ལག་བསྟར་བྱེད་དགོས་པའང་མིག་སྔའི་འགན་འཁྲི་གཙོ་བོ་ཞིག་ཡིན།
དང་པོ། སློབ་གསོ་ནི་ཐོག་མར་རང་མི་རིགས་ཀྱི་སྐད་ཡིག་སློབ་པ་ནས་མགོ་བརྩམས་ན་ལེགས།
ཅིའི་ཕྱིར་སློབ་གསོ་ནི་རང་གི་སྐད་ཡིག་སློབ་པ་ནས་མགོ་རྩོམ་དགོས་པ་རེད་ཅེ་ན། སློབ་གྲྭ་ནས་ཡི་གེ་སློབ་རྒྱུ་དེ་ང་ཚོའི་སློབ་གསོ་ཡི་གོམ་པ་དང་པོ་རེད། དེ་བས་བོད་རིགས་སློབ་མ་ཞིག་ལ་མཚོན་ན་ཐོག་མར་རང་མི་རིགས་ཀྱི་སྐད་ཡིག་བསླབ་ན་སློབ་བདེ་བ་དང་དུས་ཚོད་མང་པོ་སྤྱོད་མི་དགོས་པ། བཀོལ་སྤྱོད་བྱེད་བདེ་བ་བཅས་ཀྱི་དགེ་མཚན་མང་པོ་འདུག རང་མི་རིགས་ཀྱི་སྐད་ཡིག་ལེགས་པོ་ཤེས་པའི་རྨང་གཞིའི་སྟེང་ནས། རྒྱ་ཡིག་དང་དབྱིན་ཡིག ཉི་ཧོང་གི་སྐད་སོགས་སྦྱངས་པ་ཡིན་ན། དེ་ནི་ཚན་རིག་དང་མཐུན་པའི་གོ་རིམ་ཞིག་ཡིན་པས་ཐུན་མོང་མ་ཡིན་པའི་དགེ་མཚན་ཡོད་པ་རེད། ང་ཚོས་ལག་ལེན་ལས་ར་སྤྲོད་བྱུང་བར། དང་པོ་ནས་རང་མི་རིགས་ཀྱི་སྐད་ཡིག་མ་བསླབས་པར་སྐད་ཡིག་གཞན་ཞིག་ལ་འཇུག་པ་ཡིན་ན། དེ་ལ་སྐད་ཆའི་བཀག་རྒྱ་ངེས་ཅན་ཞིག་དང་དུས་ཚོད་ཀྱི་བཀག་རྒྱ་ངེས་ཅན་ཞིག་འབྱུང་གིན་ཡོད་དེ། སློབ་མ་དེའི་སློབ་སྦྱོང་གི་འབྲས་བུ་དེ་རང་རིགས་ཀྱི་སྐད་ཡིག་ཐོག་མར་སྦྱངས་པའི་སློབ་མ་རྣམས་དང་བསྡུར་ན་ཁྱད་པར་མངོན་གསལ་ཡོད་པ་མིག་མཐོང་ལག་ཟིན་དུ་གྱུར། དེ་ནི་བོད་རིགས་སློབ་མ་ཞིག་ལ་མཚོན་ན་དེ་འདྲ་རེད་ལ། རྒྱ་རིགས་སློབ་མ་ཞིག་གམ་ཡང་ན་མི་རིགས་གཞན་པའི་སློབ་མ་ཞིག་ལ་མཚོན་ནའང་དེ་ལས་མ་འདས་སྙམ། དེ་ནི་སློབ་མ་ཅི་འདྲ་ཞིག་ལ་མཚོན་ནའང་ཕལ་ཆེར་དྲིས་ལན་གཅིག་ལས་ཡོད་མི་སྲིད་དེ། དེ་ནི་ཐོག་མར་རང་མི་རིགས་ཀྱི་སྐད་ཡིག་དང་། དེ་ནས་མི་རིགས་གཞན་གྱི་སྐད་ཡིག་སྦྱངས་ན། དེ་ནི་ད་གཟོད་ཚན་རིག་དང་མཐུན་པའི་གོ་རིམ་ཞིག་ཡིན་པ་དང་སློབ་མའི་བློ་ཁ་དང་འཚམ་པའི་སྐད་ཡིག་སློབ་སྦྱོང་གི་བརྒྱུད་རིམ་ལེགས་པོ་ཞིག་ཡིན་པའི་ངེས་ཤེས་ཟབ་མོ་སྐྱེ་བ་དེ་རེད།
དེང་གི་དུས་འདི་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར། མི་རིགས་དང་མི་རིགས་བར་གྱི་འབྲེལ་འདྲིས་ཉིན་རེ་ནས་ཉིན་རེར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པས། ང་ཚོས་རང་མི་རིགས་ཀྱི་སྐད་ཡིག་ལེགས་པོ་ཞིག་བསླབས་པའི་རྨང་གཞིའི་སྟེང་། སྔོན་ཐོན་མི་རིགས་གཞན་གྱི་སྐད་ཡིག་ལའང་རང་ནུས་ཅི་ལྕོགས་ཀྱིས་སློབ་སྦྱོང་བྱས་ན། ང་ཚོ་རྒྱལ་སྤྱི་དང་རྒྱལ་ནང་གི་གར་སྟེགས་ཆེ་མ་ཆུང་གསུམ་སྟེང་འབུད་པའི་གོ་སྐབས་ཀྱང་ཇེ་མང་དུ་འགྲོ་ངེས་པས། དེ་དུས་ང་ཚོས་རྒྱ་སྐད་དང་དབྱིན་སྐད་སོགས་བཤད་ཤེས་ན་དེའང་རང་གི་གཟི་བརྗིད་ཅིག་ག་ལ་མིན།
གཉིས་པ། སློབ་གསོ་ནི་མི་གཞི་སྐྱོང་བའི་བཟོ་འགོད་ཆེན་པོ་ཞིག་ཡིན།
སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་ན་ངེས་པར་ཤེས་ལྡན་མི་སྣ་ཞིག་ཡིན་དགོས་ལ། ཤེས་ལྡན་མི་སྣ་ཞིག་ཡིན་ན་ངེས་པར་མི་གཞི་ལེགས་པོ་ཞིག་ཡོད་ངེས། སྤྱི་ཚོགས་འཚོ་བའི་ཁྲོད་དུ་མི་གཞི་མེད་པའི་ཤེས་ལྡན་མི་སྣ་འགའ་རེ་བྱུང་མྱོང་བའང་ལོ་རྒྱུས་ཀྱིས་ང་ཚོར་བདེན་དཔང་བྱས་མྱོང་ཡོད། དེ་ན། མི་གཞི་མེད་པའི་ཤེས་ལྡན་མི་སྣ་འདི་དག་ཇི་ལྟར་བྱུང་བ་རེད་ཅེ་ན། ཤེས་ལྡན་མི་སྣ་ཁ་ཤས་ལ་སློབ་ཁྲིད་ཀྱི་གནོན་ཤུགས་ཀྱིས་ཀླད་པར་ཤུགས་རྐྱེན་ཐེབས་པ་དང་། ཡང་འགའ་ཤས་ནི་རང་གིས་སྦྱངས་པའི་རིག་གནས་ཀྱིས་རང་སེམས་གྱོང་པོ་དེ་འདུལ་མ་ཐུབ་པར་སྨྱོན་པར་གྱུར་པ་ཞིག་རེད། དགེ་རྒན་ནི་སློབ་གསོའི་རྐང་འཛིན་གྱི་བཟོ་སྐྲུན་པ་ཡིན། ཁོ་རང་གི་སློབ་གསོའི་ལག་ལེན་དང་གྲུབ་འབྲས་ནི་ཁོ་རང་གི་བརྩམས་ཆོས་ཆེས་ལེགས་ཤོས་དེ་ཡིན། དགེ་རྒན་ཞིག་ལ་མཚོན་ན། རང་གཤིས་འདྲ་མིན་གྱི་སློབ་མ་མང་པོར་འཕྲད་སྲིད་ལ། སློབ་མ་འདི་དག་ལ་གཅིག་ཤེས་ཀུན་གྲོལ་གྱི་གདམས་ངག་བྱིན་ན་ཁོའི་སློབ་ཁྲིད་བྱེད་སྟངས་ལ་གཞི་ནས་ནོར་འཁྲུལ་འབྱུང་སྲིད། སློབ་མ་རེ་རེ་ནི་ཉོན་མོངས་ཀྱིས་བསྒྲིབས་པའི་མི་གཤིས་ཀྱི་མེ་ལོང་རེ་རེ་ཡིན་པས། མེ་ལོང་རེ་རེ་ལེགས་པར་ཕྱིས་ན་ད་གཟོད་རང་རང་གི་ཁྱད་ཆོས་ལྡན་པའི་གཟུགས་བརྙན་རེ་རེ་ནས་གསལ་པོར་མངོན་ཡོང་།
སློབ་མའི་ནང་ན་སློབ་མ་རིག་རྡིབ་བམ་བསླབ་ཀྱང་མི་ཤེས་པའི་སློབ་མ་དེ་འདྲ་ཡོད་མི་སྲིད། གལ་ཏེ་ཡོད་པའི་དབང་དུ་བཏང་ནའང་དེ་ནི་བརྒྱ་ལམ་ན་རེ་གཉིས་ཙམ་ཡིན། གནད་འགག་ནི་དགེ་རྒན་གྱིས་སློབ་མ་དེ་སྐྱོང་མ་ཤེས་པའམ། སློབ་མ་དེར་རྒྱུས་ལོན་གསལ་པོ་ཞིག་བྱུང་མེད་པས་ཡིན། སློབ་མ་དེའི་དགའ་ཁ་འཁྱེར་ཕྱོགས་རྟོགས་པར་གྱུར་ཚེ། ད་གཟོད་སློབ་མ་དེ་གང་ལ་ཁྲིད་དེ་སོང་ན་དེ་ལ་དེ་ལྟར་འཇུག་ངེས། དགེ་རྒན་ཞིག་གིས་གལ་ཏེ་སློབ་མ་ཞིག་ཕྱིར་འཕུད་བྱས་པ་ཡིན་ན། དགེ་རྒན་དེ་ནི་དགེ་རྒན་ཚད་ལྡན་ཡིན་པར་མི་རྩི་ལ། སྤྱི་ཚོགས་འཚོ་བར་གཏོགས་པའི་ཤེས་ལྡན་པ་ཞིག་ཏུ་དེ་བས་ཀྱང་རྩི་ཐབས་མེད་དོ། །
ཐོག་མར་དགེ་རྒན་ཁོ་རང་ལ་མི་གཞི་བཟང་པོ་གསེར་འདྲ་ཞིག་ཡོད་ཚེ། དགེ་རྒན་དེའི་བག་ཆགས་ཀྱིས་སློབ་མ་རྣམས་ཀྱང་ཡ་རབས་ཚུལ་ལྡན་གྱི་སློབ་མ་ཤ་སྟག་ཏུ་འགྱུར་ངེས། ལེགས་བཤད་ཅིག་ཏུ། “གང་ཞིག་གསེར་གྱི་རི་ལ་གནས་བཅས་པས། །དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་གྱུར། །”ཞེས་གསུངས་པ་མ་ཡིན་ནམ། མི་གཞི་ལེགས་པོ་ཞིག་གི་ངོས་ནས། རིག་གནས་ཡོན་ཏན་ལེགས་པོ་ཞིག་འབྱོར་ཚེ་ད་གཟོད་སློབ་གསོའི་དམིགས་ཡུལ་གྱི་ཕྱེད་ཀ་འགྲུབ་པ་ཡིན་ལ། དེའི་ཕྱེད་ཀ་ནི་ཁོས་སྤྱི་ཚོགས་སྟེང་འཇོན་ནུས་དང་བྱས་རྗེས་ཅི་ཞིག་འཇོག་པར་བལྟ་དགོས།
གསུམ་པ། སློབ་གསོས་ངེས་པར་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་དགོས།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལས“ཚན་རྩལ་ནི་ཐོན་སྐྱེད་ནུས་པ་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་ལ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས”ཞེས་བསྟན། ཞི་ཅིན་ཕིང་གིས་གསུངས་པའི“ཚན་རྩལ་དང་གསར་གཏོད། འཕེལ་རྒྱས་བཅས་ཀྱི་སྲོག་ཤིང་ནི་ཤེས་ལྡན་མི་སྣ་ཡིན”ཤེས་ལྡན་མི་སྣར་ད་གཟོད་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ནུས་དེ་ཡོད། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བར། མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་ལེགས་པོ་གཉེར་དགོས། མི་དམངས་ལྟེ་བར་བཟུང་ནས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་པ་དང་། བྱང་ཚད་སློབ་གསོ་འཕེལ་རྒྱས་བཏང་སྟེ། སློབ་གསོས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། སློབ་གསོས་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ་ནི། སྤྱི་ཚོགས་རིང་ལུགས་སློབ་གསོའི་ལམ་ལུགས་ཀྱི་གཞི་རྩའི་ཁྱད་ཆོས་ཡིན། མི་དམངས་ལྟེ་བར་འཛིན་པའི་སློབ་གསོའི་ལས་དོན་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོས་མི་དམངས་ལ་ཞབས་འདེགས་ཞུ་བ་མངོན་འགྱུར་བྱེད་པ་ནི་ཞི་ཅིན་ཕིང་གི་སློབ་གསོའི་གཞུང་ལུགས་ཀྱི་གལ་ཆེན་རང་བཞིན་དང་། རང་རྒྱལ་གྱི་སློབ་གསོ་མུ་མཐུད་དུ་བཅོས་བསྒྱུར་དང་འཕེལ་རྒྱས་སུ་གཏོང་བ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པའི་མཛུབ་སྟོན་བསམ་བློ་ཡིན། ང་ཚོས་གཅིག་ནས་གཞུང་ལུགས་ཀྱི་རྒྱབ་རྟེན་དང་། གཉིས་ནས་ཚན་རིག་གི་ཁྲིད་སྟོན། གསུམ་ནས་ལག་ལེན་གྱི་མྱོང་གྲུབ་བཅས་ལ་བརྟེན་ཏེ། རང་རྒྱལ་གྱི་སློབ་གསོ་འདི་ཉིད་མི་དམངས་ཀྱི་སློབ་གསོ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་ཚད་མཐོའི་སློབ་གསོ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། །

འབྲེལ་ཡོད་འོས་སྦྱོར།