སློབ་སྔོན་སློབ་གསོའི་ཁྱད་ཆོས་དང་འགན་འཁྲིའི་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ།:སྐལ་བཟང་འཚོ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-01-17
ཀློག་གྲངས།:
སློབ་སྔོན་སློབ་གསོ་ནི་མི་ཞིག་གི་ཐོག་མའི་སློབ་གསོ་ཡིན་ལ། ང་ཚོའི་མི་རེ་རེར་མ་འོངས་པར་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ། སྤྱི་ཚོགས་ཀུན་སྤྱོད་ཀྱི་ལྟ་བ་གང་འདྲ་ཞིག་རྒྱུད་ལ་འཇོག་ཐུབ་མིན་གྱི་གནད་འགངས་ཆེན་ཞིག་ཡིན། སློབ་སྔོན་སློབ་གསོ་ནི་བྱིས་སྙོར་ཁང་གི་དགེ་རྒན་དང་ཁྱིམ་བདག་དང་སྤྱི་ཚོགས་བཅས་ཀྱི་སློབ་གསོ་དང་དམ་དུ་འབྲེལ་ཞིང་། དེ་ལས་གཅིག་ཚད་ལྡན་མིན་ན་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་གནོད་པར་མ་ཟད་ལམ་ལོག་ཏུ་འཁྲིད་ཀྱང་སྲིད།
སྤྱིར་རྒྱལ་སྤྱིའི་སྟེང་སློབ་སྔོན་སློབ་གསོ་དང་འབྲེལ་བའི་གཞུང་ལུགས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང་དེས་ཁོ་མོས་དཔྱད་རྩོམ་འབྲི་བའི་གོ་རིམ་ཁྲོད་མཛུབ་སྟོན་གྱི་ནུས་པ་ཆེན་པོ་ཐོན། རྒྱལ་ནང་དུའང་སློབ་སྔོན་སློབ་གསོ་དང་འབྲེལ་བའི་གཞུང་ལུགས་དང་ཞིབ་འཇུག་པ་མང་པོ་ཡོད་མོད། འོན་ཀྱང་བོད་ཁུལ་གྱི་སློབ་སྔོན་སློབ་གསོ་ལ་ཆེད་དུ་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་ཉུང་། རྩོམ་འདིར་སློབ་གསོ་རིག་པ་དང་སེམས་ཁམས་རིག་པ། སྐད་བརྡ་རིག་པ་བཅས་ཀྱི་གཞུང་ལུགས་སྤྱད་ནས་སློབ་སྔོན་སློབ་གསོའི་བྱུང་བ་དང་ཁྱད་ཆོས། འགན་འཁྲི་བཅས་གླེང་བར་བྱ།
དང་པོ། རྒྱལ་ཁབ་ཕྱི་ནང་གི་བྱིས་སྙོར་ཁང་ཐོག་མ་བཙུགས་ཚུལ།
སློབ་སྔོན་སློབ་གསོ་ནི་སློབ་ལོ་མ་རན་པའི་བྱིས་པའི་སློབ་གསོ་ལ་ཆེད་དུ་ཞིབ་འཇུག་བྱས་ནས་དེའི་ཆོས་ཉིད་གསལ་པོ་སྟོན་པའི་རིག་ཚན་ཞིག་རེད། རྒྱལ་ཁབ་དང་མི་རིགས་དང་ཁྱིམ་ཚང་བཅས་ལས་གང་ཞིག་ཡིན་རུང་ན་ཆུང་གི་བྱིས་པ་རྣམས་ནི་མ་འོངས་པའི་རེ་བ་ཡིན་ངེས། བྱིས་པ་རྣམས་མ་འོངས་པར་ལམ་བུ་གང་འདྲ་ཞིག་ཏུ་བགྲོད་རྒྱུ་དེ་བྱིས་སྙོར་ཁང་གི་སློབ་གསོ་ལ་འབྲེལ་བ་ཤིན་ཏུ་ཆེ་ཞིང་། ལྷག་པར་བྱིས་སྙོར་ཁང་གི་ཁོར་ཡུག་དང་བསླབ་གཞི། དགེ་རྒན་བཅས་ཀྱི་ལུས་ངག་གི་ཀུན་སྤྱོད་ལ་ཐད་ཀར་འབྲེལ་བ་ཡོད་པས་བྱིས་སྙོར་ཁང་གི་སློབ་གསོ་ནི་ཆེས་རྨང་གཞིར་གྱུར་པའི་སློབ་གསོ་གལ་ཆེན་ཞིག་ཡིན།
«ཀྲུང་ཕྱིའི་སློབ་སྔོན་སློབ་གསོའི་ལོ་རྒྱུས་རགས་བསྡུས»ཞེས་པ་ལས་འཇར་མན་གྱི་སློབ་གསོ་པ་ཧྥུ་ལུའུ་ཕེ་ཨར(福禄培尔)གྱིས་འཛམ་གླིང་གི་ཆེས་སྔ་བའི་བྱིས་སྙོར་ཁང་བཙུགས་པས་ཁོང་ལ་བྱིས་སྙོར་ཁང་གི“ཡབ་ཆེན”ཞེས་པའི་མཚན་ཐོགས་འདུག ཁོང་ལ་ཉེ་རབས་ལོ་རྒྱུས་སྟེང་གི་སློབ་གསོ་པ་གྲགས་ཅན་ཁྭ་མེ་ཉིའུ་སི(夸美纽斯)དང་ཕེ་སི་ཐའེ་ལུའོ་སི་ཆི(裴斯泰洛斯齐)གཉིས་ཀྱི་སློབ་གསོའི་དགོངས་གཞིའི་ཤུགས་རྐྱེན་ཐེབས་ནས་སློབ་སྔོན་སློབ་གསོའི་གནད་དོན་ལ་བསམ་གཞིག་ནན་གྱིས་བཏང་མཐར། སློབ་སྔོན་སློབ་གསོའི་ལས་ཁུངས་སམ་སྒྲིག་འཛུགས་ཏེ་བྱིས་སྙོར་ཁང་འཛུགས་རྒྱུ་ཐག་བཅད། 1837ལོར་ཁོང་གིས་སློབ་ལོ་མ་རན་པའི་བྱིས་པར་དམིགས་ནས་སློབ་གྲྭ་ཞིག་བཙུགས་པ་དང་། ལོ་ན་གསུམ་ནས་དྲུག་བར་གྱི་བྱིས་པ་བསྡུས་ནས་སློབ་གསོའི་ལས་དོན་སྤེལ་མགོ་བརྩམས། 1840ལོར་སློབ་གྲྭ་དེའི་མིང་ལ་བྱིས་སྙོར་ཁང་ཞེས་བཏགས་པ་དང་དེས་འཛམ་གླིང་གི་བྱིས་སྙོར་ཁང་ཐོག་མ་བཙུགས་པ་མཚོན། ཧྥུ་ལུའུ་ཕེ་ཨར་གྱིས་བྱིས་སྙོར་ཁང་ནི་མེ་ཏོག་ལྡུམ་ར་ཞིག་དང་འདྲ་བར་མེ་ཏོག་གསོ་སྐྱོང་མཁན་གྱིས་བློ་ཞིབ་མོས་གསོ་སྐྱོང་གནང་མཐར། མེ་ཏོག་སྣ་བརྒྱ་བཞད་ཐུབ་པ་ནང་བཞིན་མཚན་ལྡན་བཤེས་གཉེན་རྣམས་ཀྱི་ལྷག་བསམ་དང་བརྩེ་བ་ཡིས་ན་ཆུང་གི་བྱིས་པ་རྣམས་ཀྱི་ལུས་ཕུང་བདེ་ཐང་དང་སེམས་ཁམས་དྭངས་གཙང་ལྷད་མེད་ཅིག་ཏུ་འགྱུར་ཐུབ་པར་འདོད། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་རང་རྒྱལ་གྱིས་བྱིས་སྙོར་ཁང་འཛུགས་མགོ་བརྩམས་པ་དང་ད་ལྟའི་བར་དུ་ཕལ་ཆེར་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། དུས་རབས་བཅུ་དགུ་པའི་ལོ་རབས་དྲུག་ཅུ་བར་ཕྱི་ལུགས་གཉེར་བའི་ལས་འགུལ་དང་གསར་བཅོས་ལས་འགུལ་གཉིས་སྤེལ་བ་དང་བསྟུན་ནས་རང་རྒྱལ་དུ་རྣམ་པ་གསར་པའི་སློབ་གྲྭ་མང་པོ་བྱུང་བ་རེད། རང་རྒྱལ་གྱི་རྒྱལ་གཉེར་བྱིས་སྙོར་ཁང་ཐོག་མ་ནི་སྐུ་ཞབས་ཀྲང་ཀྲུ་ཏུང་གི་འཆར་འགོད་ལྟར1903ལོར་བཙུགས་པའི་ཧུའུ་པེ་ཝུའུ་ཁྲང་གི་བྱིས་སྙོར་ཁང་རེད། ཕྱིས་སུ་ཆིང་སྲིད་གཞུང་གིས་འབྱོར་ལྡན་གྲལ་རིམ་གྱི་ངོ་བོ་ལྡན་པའི་བྱིས་སྙོར་ཁང་བཙུགས་ཏེ་ལོ་ན་གསུམ་ནས་དྲུག་བར་གྱི་བྱིས་པར་སློབ་གསོ་སྤེལ་མགོ་ཚུགས་པ་རེད། སྤྱིར་བྱིས་སྙོར་ཁང་ལ་རྒྱལ་གཉེར་བྱིས་སྙོར་ཁང་དང་དམངས་གཉེར་བྱིས་སྙོར་ཁང་ཞེས་རིགས་གཉིས་སུ་དབྱེ་ཆོག དམངས་གཉེར་བྱིས་སྙོར་ཁང་ནི་རྒྱལ་ཁབ་ཀྱི་ལས་ཁུངས་ཕུད་པའི་སྤྱི་ཚོགས་རྩ་འཛུགས་སམ་མི་སྒེར་གྱིས་རྒྱལ་ཁབ་ཀྱི་ནོར་སྲིད་མ་སྤྱད་པར་སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་བཙུགས་པའི་བྱིས་སྙོར་ཁང་རེད།
གཉིས་པ། སློབ་སྔོན་སློབ་གསོའི་ཁྱད་ཆོས་བཤད་པ།
བྱིས་སྙོར་ཁང་གི་སློབ་ཁྲིད་དང་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་གང་ཡིན་རུང་དགེ་རྒན་གྱིས་རིག་གནས་ཁྲིད་པ་དང་སློབ་མས་རིག་གནས་སྦྱང་བཞིན་ཡོད་པས་དགེ་རྒན་གྱིས་སློབ་ཁྲིད་ཀྱི་བྱ་འགུལ་ཁྲོད་དུ་གཙོ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད། བྱིས་སྙོར་ཁང་གི་སློབ་ཐུན་ནི་ངོ་བོའི་སྟེང་ནས་བཤད་ན། སློབ་སྦྱོང་གི་བྱ་འགུལ་ཚད་ལྡན་ཞིག་མ་ཡིན་པར་སློབ་ཆུང་གི་འཚོ་བ་ལ་ཞུགས་པའི་སྟ་གོན་ཙམ་རེད། བྱིས་པ་ཚོས་བྱིས་སྙོར་ཁང་ནས་རང་གིས་རང་གི་ལྭ་བ་གྱོན་ཚུལ་དང་ཟ་མ་བཟའ་སྟངས། གུས་ལུགས་དང་གཙང་སྦྲ་སོགས་འཚོ་བའི་རྒྱུན་ཤེས་ཐོག་མར་སྦྱང་དགོས་པ་དང་དེ་ནས་རིམ་གྱིས་གླུ་དབྱངས་དང་ཞབས་བྲོ། རི་མོ། བདེ་ཐང་། ལུས་རྩལ་བཅས་ལ་རིམ་གྱིས་སྦྱང་བ་བྱེད་དགོས་པ་རེད། བྱིས་སྙོར་ཁང་ནས་སློབ་ཁྲིད་བྱེད་དུས་འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་གི་དངོས་པོ་དང་སྣང་ཚུལ་ལ་རྒྱུས་ལོན་བྱེད་དུ་འཇུག་བཞིན་ཡོད་པ་དང་། དེའི་དམིགས་ཡུལ་ནི་བྱིས་པ་རྣམས་ལ་རྒྱུན་མཐོང་གི་ཤེས་བྱ་ཕྲན་བུ་ཤེས་སུ་བཅུག་ནས་ཁོ་ཚོའི་སློབ་སྦྱོང་གི་འདུན་མ་དང་། དགའ་ཕྱོགས་གསོ་སྐྱོང་བྱེད་པ་དང་བསམ་གཞིག་གི་ནུས་པ་དང་། ལྟ་རྟོག་གི་ནུས་པ་དང་སྐད་ཆ་བཤད་པའི་ནུས་པ་སོགས་སྦྱོང་བརྡར་བྱེད་དུ་བཅུག་ནས་སློབ་སྦྱོང་བྱེད་པའི་གོམས་སྲོལ་ལེགས་པོ་རྒྱུད་ལ་ཆགས་པར་བྱ་རྒྱུ་དེ་རེད། བྱིས་སྙོར་ཁང་དུ་སློབ་ཐུན་ཉུང་ལ་སློབ་ཐུན་གྱི་དུས་ཚོད་ཐུང་བ་དང་སློབ་ཁྲིད་བྱེད་སྟངས་སྣ་མང་ཡོད། དཔེར་ན་འཛིན་གྲྭ་ཆུང་བའི་སློབ་ཐུན་གྱི་དུས་ཡུན་ནི་སྐར་མ་བཅོ་ལྔ་དང་འཛིན་གྲྭ་འབྲིང་བའི་སློབ་ཐུན་གྱི་དུས་ཡུན་ནི་སྐར་མ་ཉི་ཤུ་ཡིན། འཛིན་གྲྭ་ཆེ་བའི་སློབ་ཐུན་གྱི་དུས་ཡུན་ནི་སྐར་མ་སུམ་ཅུ་ཡིན། སློབ་ཁྲིད་བྱེད་སྟངས་ལ་རྩེད་རིགས་དང་ལྟ་རྟོག་བྱེད་ཐབས་དང་མཛེས་རྩལ་ལ་སོགས་ཡོད་པ་ལྟ་བུ། བྱིས་སྙོར་ཁང་དུ་ལས་བྱ་དང་རྒྱུགས་གཞི་དང་སྐར་འབྲས་སོགས་མེད་པས་བྱིས་པ་ཚོའི་སློབ་སྦྱོང་གི་འགན་ཁུར་ཅུང་ཡང་བ་དང་གནོན་ཤུགས་ཀྱང་དེ་འདྲ་ཆེན་པོ་མེད།
གསུམ་པ། སློབ་སྔོན་སློབ་གསོའི་འགན་འཁྲིའི་སྐོར་བཤད་པ།
སྤྱིར་བྱིས་སྙོར་ཁང་གི་འགན་འཁྲི་ལ་རིགས་གཉིས་སུ་དབྱེ་ཆོག་པ་སྟེ། བྱིས་སྙོར་ཁང་གིས་ཕྱོགས་གཅིག་ནས་བྱིས་པ་རྣམས་ཀྱི་ཀུན་སྤྱོད་དང་ཤེས་རིག་དང་ལུས་རྩལ་དང་མཛེས་རྩལ་དང་ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་བའི་སློབ་གསོ་སྤེལ་ཏེ། བྱིས་པ་རྣམས་ཀྱི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བྱེད་དགོས། བྱིས་པའི་དུས་ནི་ལུས་སེམས་འཚར་ལོངས་འབྱུང་བའི་གནད་གལ་ཆེན་ཞིག་ཡིན་པ་དང་། བྱིས་པ་ཚོ་རང་སྟེང་གི་རིམས་ནད་སྔོན་འགོག་དང་རང་རྐྱ་ཐུབ་པའི་ངང་ནས་འཚོ་བ་རོལ་བའི་ནུས་པ་ཞན་པས། བྱིས་སྙོར་ཁང་གིས་ལུས་ཕུང་བདེ་ཐང་གི་བྱ་བ་དེ་སློབ་སྔོན་སློབ་གསོའི་འགན་གཙོ་བོར་འཛིན་དགོས། ཕྱོགས་གཞན་ཞིག་ནས་བྱིས་སྙོར་ཁང་གིས་ཁྱིམ་བདག་ཚོས་བྱིས་པ་སྙོར་སྐྱོང་གནང་བའི་འགན་ཁུར་ཇེ་ཡང་དུ་གཏོང་དགོས། དེ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་གོང་འཕེལ་གྱི་དགོས་མཁོ་ཡིས་ཐག་བཅད་པ་རེད། སྤྱི་ཚོགས་གོང་འཕེལ་གྱི་འགྲོས་དང་བསྟུན་ཕྱིར་ཁྱིམ་བདག་ཚོས་རང་གི་ནུས་ཚོད་ཀྱིས་ལས་ཀ་རེ་གཉེར་ནས་ཁྱིམ་ཚང་སྐྱོང་ཐབས་བྱེད་དགོས་པས། སྐྱེས་པ་དང་བུད་མེད་གང་ཞིག་ཡིན་རུང་ཁྱིམ་ཚང་གི་དཔལ་འབྱོར་གོང་དུ་འཕེལ་ཕྱིར་ལས་ཀ་མི་བྱེད་ཐབས་མེད་རེད། ཕ་མ་གཉིས་ཀ་ལས་ཀར་ཕྱིན་ན་ཤུལ་ནས་བྱིས་པར་ལྟ་སྐྱོང་བྱེད་མཁན་མེད་པས། བྱིས་པའི་ལུས་སེམས་བདེ་ཐང་གི་ཆེད་དུ་ཁྱིམ་བདག་ཚོས་བྱིས་པ་བྱིས་སྙོར་ཁང་དུ་བསྐྱལ་ནས་བྱིས་པའི་བདེ་འཇགས་ལ་འགན་ལེན་བྱེད་དུ་འཇུག་བཞིན་ཡོད།
མདོར་ན། བྱིས་སྙོར་ཁང་ཐོག་མར་བཙུགས་པ་ནས་བཟུང་དེར་འགན་འཁྲི་དང་སློབ་གསོ་སྤེལ་སྟངས་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་དང་། བྱིས་པ་རྣམས་ཀྱིས་སློབ་སྔོན་སློབ་གསོ་མྱོང་སྐབས་ཐོག་མར་འཚོ་བའི་རྒྱུན་ཤེས་གསལ་པོར་ངེས་པར་བྱེད་པ་དང་དེ་ནས་རིམ་པར་སློབ་སྔོན་སློབ་གསོའི་ཁྱབ་ཁོངས་ལྔ་སྟེ། སྐད་ཆ་དང་བདེ་ཐང་། སྤྱི་ཚོགས། མཛེས་རྩལ། ཚན་རིག་བཅས་ལ་འཇུག་བཞིན་ཡོད། དགེ་རྒན་དག་གིས་ཀྱང་སློབ་སྔོན་སློབ་གསོའི་ཁྱད་ཆོས་དང་འགན་འཁྲི་ཤེས་པའི་རྨང་གཞིའི་སྟེང་བྱིས་པ་རྣམས་ལུས་བདེ་སེམས་སྐྱིད་ངང་འཚར་ལོངས་འབྱུང་བར་འབད་དགོས། །

འབྲེལ་ཡོད་འོས་སྦྱོར།