རྨང་གཞིའི་སློབ་གསོ་རགས་ཙམ་གླེང་བ།
རྩོམ་པ་པོ།:འབའ་ཆོས་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-03-07
ཀློག་གྲངས།:
ང་ཚོའི་ཚེ་སྲོག་དེ་མཐར་གཏུགས་ན་དུས་ཚོད་མང་པོ་ཞིག་ཡིན་པས། མི་ཚེ་ཧྲིལ་པོར་ཤན་ཤུགས་ཐེབས་པའི་སྤུས་ཚད་ནི་རྨང་གཞིའི་སློབ་གསོ་ནས་མགོ་རྩོམ་དགོས། “ཁ་ནས་གང་ཐོན་བཤད་པ་ལས། །གྱ་ནོམ་སྣང་བརྙན་བསྐྲུན་ན་ལེགས། །”ཕ་མའི་སློབ་གསོ་བྱ་ཡུལ་ནི་རང་གི་བྱིས་པ་ཡིན་ལ། དེ་ཚོར་མངོན་པར་གསལ་བའི་གཤིས་ཀའི་ཁྱད་ཆོས་ཤིག་ཡོད་པ་ནི། ཕ་མ་ཡི་ལད་མོ་བྱེད་རྒྱུར་དགའ་བ་དེ་རེད། ལོ་ན་ཇི་ལྟར་ཆུང་ན་ལད་མོ་བྱེད་རྒྱུར་དེ་ལྟར་དགའ། ཐ་ན་མིག་རྡེབ་ཚུལ་སོགས་ལའང་ལད་མོ་བྱས་ཏེ། ཕ་མའི་སྣང་བརྙན་གྱིས་རང་སེམས་ལ་བག་ཆགས་འཇོག་པའི་དུས་སྐབས་ཡིན་ལ། སློབ་གསོའི་ཐད་ནས་བཤད་ན། འདི་ནི་སྒོར་མོ་བྱིན་ན་ཉོ་མི་ཐུབ་པ་དང་ཆད་པ་བཅད་ན་འགོག་མི་ཐུབ་པའི་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་ཡིན་པ་སྨོས་མེད་རེད། ལོ་ཆུང་བྱིས་པའི་སྐབས་སུ་ཕ་མའི་ངལ་རྩོལ་ནི་གཟུགས་བརྙན་གསར་བཟོ་བྱེད་པའི་དུས་སྐབས་ཡིན་པར་བཤད་པས། ཕ་མ་གང་ཞིག་གི་འཇིག་རྟེན་ལྟ་ཚུལ་དང་མི་གཤིས། ཀུན་སྤྱོད། བརྩེ་སེམས་སོགས་ཀྱིས་ཐད་ཀར་བྱིས་པའི་སེམས་ཁམས་ལ་ཤན་ཤུགས་ཐེབས་བཞིན་ཡོད་པས། ཕ་མས་རང་གི་སྣང་བརྙན་ལ་ཡིད་འཇོག་མི་བྱེད་པར་རྒྱུན་དུ་ཆང་དང་ཐ་མག་འཐེན་པ། བྱིས་པའི་མདུན་ནས་སྐད་ཆ་བཙོག་པོ་བཤད་པ། མངོན་སུམ་འཛེམ་མེད་ཀྱིས་བྱ་ངན་བསྒྲུབས་ཏེ། བྱིས་པའི་རྒྱུད་ལ་ཤན་ཤུགས་ངན་པ་མི་འཇོག་པར། ཀུན་སྤྱོད་བཟང་པོ་དང་བྱ་སྤྱོད་ལེགས་པོས་བྱིས་པར་མིག་དཔེ་སྟོན་པ་ནི་ཐབས་ཀྱི་མཆོག་ཡིན།
དང་པོ། གང་བརྩམས་མཐའ་རུ་མི་འཁྱོལ་ན། །རང་སེམས་འཛིན་པ་གཞན་ལས་ལྷག །
ཕ་མས་རང་གི་སྣང་བརྙན་ལ་བརྟེན་ནས་བྱིས་པའི་ཡིད་དུ་འོང་བའི་གཤིས་ཀ་སྐྱེད་སྲིང་བྱེད་དགོས། དེང་གི་སློབ་གསོའི་བླ་སྲོག་ནི་མིའི་སེམས་ཁམས་གསོ་རྒྱུ་དེ་ཡིན་ལ། གལ་སྲིད་བྱིས་པའི་སེམས་ཁམས་ནི་སྤུས་ལེགས་པའི་སྒམ་ཆུང་ཞིག་ཡིན་པའི་དབང་དུ་བཏང་ན། ཁོ་ཚོས་རྒྱུན་དུ་དྭངས་གཙང་གི་མིག་ཟུང་ལ་བརྟེན་ནས་ཕ་མའི་སྣང་བརྙན་སྣ་ཚོགས་སྒམ་ནང་དུ་བསགས་ཏེ། མ་འོངས་པར་རང་ཉིད་ཀྱི་ལམ་སྟོན་སྒྲོན་མེ་བྱ་རྩིས་ཡོད་པས། ཁོ་ཚོའི་མིག་ནང་གི་ཕ་མ་ནི་བླ་ན་མེད་པ་ཞིག་ཡིན་དགོས། ཡིན་ཡང་བྱིས་པར་སྣང་བརྙན་ཅི་འདྲ་ཞིག་བསྐྲུན་རྒྱུ་ནི་ཕ་མ་རང་རང་ལ་རག་ལས་ཡོད་དེ། སྤྱིར་བཏང་དུ་ཕ་མ་ཆང་རྐྱལ་ཞིག་གིས་བྱིས་པ་ཆང་འཐུང་ཞིག་གསོ་སྐྱོང་བྱེད་པ་དང་། ཕ་མ་ལབ་རྐྱལ་ཞིག་གིས་བྱིས་པ་རྫུན་རྐྱལ་ཞིག་སྐྱེད་སྲིང་བྱེད་སྲིད་པ་ཡང་གནད་འདི་ལ་ཐུག་ཡོད། དེ་བས་ཕ་མ་རྣམས་ཀྱིས་བྱིས་པར་མིག་དཔེ་ལེགས་པོ་ཞིག་སྟོན་འདོད་ན་ཐོག་མར་རང་ལ་རེ་བ་ནན་མོ་ཞིག་འཛིན་དགོས་ཏེ། དཔེར་ན་རྒྱུན་དུ་སྐད་ཆ་བཤད་ལུགས་དང་འགྲོ་སྟངས་འདུག་ལུགས། གྱོན་པའི་བཟོ་ལྟ་དང་བྱ་བའི་སྤྱོད་སྟངས་སོགས་ལ་གཟབ་ནན་བྱེད་དགོས། རྒྱུ་མཚན་ནི་ཁྱོད་ནི་རིག་སྟོབས་རྒྱས་བཞིན་པ་དང་། གཤིས་ཀ་འགྲུབ་བཞིན་པའི་བྱིས་པའི་མིག་ནང་གི་སྣང་བརྙན་གསོན་པོ་དེ་ཡིན་པས་སོ། །
གཉིས་པ། འོད་སྟོང་མདུན་ལམ་འཚོལ་བ་ལ། །བློ་དང་སྤོབས་པའི་ཐབས་གྲོགས་དགོས། །
ཕ་མ་རྣམས་ལ་རང་གི་བུ་ཕྲུག་ལ་སློབ་གསོ་སྤེལ་ཐབས་ཀྱི་ཆུ་ཚད་ངེས་ཅན་ཞིག་མེད་ན། བྱིས་པ་ཚོ་ཡ་རབས་སྤྱོད་བཟང་གི་མི་ཚེ་དོན་ལྡན་གྱི་ལམ་དུ་སྣེ་ཁྲིད་བྱེད་ཐུབ་པ་ཕར་ཞོག ཐ་ན་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་འོངས་པའི་མི་གཤིས་ལེགས་པོ་དེ་ཡང་ཉམས་སྲིད། དེས་ན་ཕ་མ་རྣམས་ཀྱིས་ཐོག་མར་གོང་རིམ་སློབ་གསོ་བ་དང་ཤེས་ནུས་རྩལ་གསུམ་འཛོམས་པའི་ཤེས་ཡོན་ཅན། ད་དུང་རང་དང་གཞི་གཅིག་ཏུ་འཚོ་སྡོད་བྱས་ཡོད་པའི་རྒན་རབས་པའི་ལེགས་བཤད་དང་སྐད་ཆའི་བརྗོད་ལུགས་རྣམས་འཚོལ་བསྡུ་བྱས་ཏེ་བྱིས་པ་ཚོར་ལོ་བདུན་བརྒྱད་ཡས་མས་ནས་སློབ་གསོའི་སྤོས་དྲི་ཞིམ་པོ་འདི་མྱོང་དུ་འཇུག་དགོས། དེ་ལྟར་བྱས་ཚེ་བྱིས་པ་ནི་ཤེས་རྟོགས་ཀྱི་ཚད་མཐོ་བ་དང་།བསམ་གཞིག་གི་ནུས་པ་ལྡན་པ། བསམ་བློ་ཀུན་སྤྱོད་བཟང་བ། གཤིས་རྒྱུད་ལེགས་པའི་མི་འཇོན་ཐང་ཅན་ཞིག་ཏུ་འགྱུར་རྒྱུ་ལ་དཀའ་ཁག་ཆེར་མེད་པར་སྙམ། དེ་མིན་གཞན་སློབ་གསོ་སྤེལ་ཐབས་ཀྱི་ཐད་ལ་བྱིས་པའི་སྤྲོ་སྣང་འཕེལ་ཐུབ་པའི་བྱིས་སྒྲུང་དང་། གནའ་གཏམ། གཏམ་དཔེ། ཁེད། གླུ། གླུ་ཤགས་སོགས་ཕ་མས་བྱིས་པའི་བློ་ཁ་དང་འཚམ་པའི་སྒོ་ནས་བྱིས་པ་ཚོར་ཡང་དང་བསྐྱར་དུ་བརྗོད་ནས་ཤེས་སུ་བཅུག་ན། འབྱུང་འགྱུར་བྱིས་པ་སློབ་གྲྭར་ཞུགས་སྐབས་ཀྱང་ཕན་ནུས་བླ་ན་མེད་པ་ཞིག་འབྱུང་ངེས་པ་ཤ་སྟག་རེད། དཔེར་ན། གོང་གི་དེ་དག་ཕ་མས་གམ་ནས་བསླབས་མྱོང་བའི་བྱིས་པ་ཞིག་ལ་མཚོན་ན། ཁོ་རང་སློབ་གྲྭར་ཞུགས་ནས་ཡི་གེའི་སྦྱོར་ཀློག་ཙམ་ཤེས་པ་ནས་བཟུང་དེ་དག་ལ་བལྟ་འདོད་ཀྱི་ཀུན་སློང་འགོག་མེད་ཅིག་སྐྱེ་བར་མ་ཟད་གོ་དོན་ཡང་འོས་འཚམ་རེ་རྟོགས་ཐུབ། དེ་ལས་ལྡོག་པའི་བྱིས་པ་ཞིག་ལ་མཚོན་ན། ཁོས་གོང་གསལ་སློབ་གསོ་དེ་དག་གི་དྲི་ཙམ་ཡང་མ་མྱང་བའི་རྐྱེན་གྱིས་སློབ་གསོ་འཕེལ་རྒྱས་ཀྱི་ཐད་ལའང་དཀའ་ལས་དང་ངན་ཤུགས་གང་མང་ཞིག་ཐེབས་སྲིད་པས། ཕ་མ་ཚོས་དོ་སྣང་བྱེད་དགོས་པའི་བྱིས་པའི་མི་ཚེའི་མདུན་ལམ་དང་འབྲེལ་བའི་གནད་འགག་གལ་ཆེན་ཞིག་གོ། དེང་སྐབས་རྒྱལ་ཁབ་སོ་སོ་དང་མི་རིགས། ཐ་ན་ཁྱིམ་ཚང་སོ་སོའི་བར་ལ་དབུལ་ཕྱུག་དང་བཙན་གཉོམ་མཐོ་དམན་སོགས་མི་འདྲ་བ་རབ་དང་རིམ་པ་ཞིག་མཆིས་པ་ནི་གཙོ་བོ་སློབ་གསོར་མཐོང་ཆེན་བྱས་མིན་གྱི་དབང་གིས་ཡིན་པས། བྱིས་པ་ཚོ་གོ་རིམ་དང་ལྡན་པའི་སློབ་གསོ་སྤུས་ལེགས་ཤིག་གི་འོག་ནས་འཚར་ལོངས་འབྱུང་དུ་བཅུག་ན། ད་གཟོད་སྲིད་འབྱོར་རིག་གསུམ་ཀུན་ལ་མཁས་པའི་སྣ་འཛོམས་རང་བཞིན་ཅན་གྱི་མི་རུ་གྲུབ་ཐུབ་པས། མི་རིགས་དང་རྒྱལ་ཁབ་སྤྱི་ཚོགས། ཡང་ན་ཁྱིམ་ཚང་སོགས་གང་ཡིན་རུང་དེའི་སྟེང་ནས་གཞན་དང་མི་མཚུངས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཐོན་ཐུབ་པ་གོར་མ་ཆག
གསུམ་པ། མི་ཚེའི་རྒྱལ་ཁའི་ལམ་བུ་ལ། །བགྲོད་ན་རྨང་གཞིའི་སློབ་གསོ་མཁོ། །
སློབ་སྦྱོང་ལ་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་ཐབས་ལམ་དང་མི་ཚེ་ཧྲིལ་པོའི་ཁ་ཕྱོགས་ལ་ཐག་གཅོད་ཀྱི་ནུས་པ་ལྡན་པས། ང་ཚོས་ལས་དེ་ལ་ཞུགས་པའི་བློ་བསྐྱེད་དགོས་པ་དང་བསམ་བློ་དང་ཀུན་སྤྱོད་ངན་པ་དག་བསྒྱུར་བཅོས་བྱ་དགོས་པ་དེ་ཡང་སློབ་སྦྱོང་གི་ལས་རིགས་ལ་རག་ལས་ཡོད། སྤྱིར་སློབ་སྦྱོང་ནི་མིའི་རིགས་ཀྱི་ལུས་ངག་ཡིད་གསུམ་ལ་བསྒྱུར་བཅོས་ཡོ་བསྲང་བྱས་ནས་བྱ་བ་ཐམས་ཅད་ཇེ་བཟང་ཇེ་ལེགས་སུ་གཏོང་བྱེད་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཅིག་ཡིན་པར་མ་ཟད། ད་དུང་རྒྱལ་ཁབ་འཕེལ་རྒྱས་ཀྱི་གཞི་རྩ་ཡང་འདི་ལ་རག་ལས་ཡོད་པས་མི་རིགས་ཤིག་གི་ཉམས་རྒུད་དང་དར་རྒྱས་ཀྱི་འབྱུང་རྩ་ནི་རིག་གནས་ཡིན་ལ། རིག་གནས་རྒྱུན་འཛིན་བྱེད་མཁན་དང་དར་སྤེལ་གཏོང་རྒྱུ་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་དང་། ནང་བསམ་པའི་དཔལ་ཡོན་དང་ཕྱི་དངོས་པའི་དཔལ་ཡོན་གང་ཡིན་ཡང་མིའི་ངལ་རྩོལ་ལ་རག་ལས་ཤིང་། ངལ་རྩོལ་བྱེད་སའི་གཞི་རྩ་སྟེ་སློབ་སྦྱོང་གི་ཐད་ནས་འཕེལ་རྒྱས་ཡོང་ན། མི་རིགས་ཀྱི་འཚོ་བ་ཡང་དེ་ལྟར་འཕེལ་རྒྱས་སུ་འགྲོ་ཐུབ། ང་ཚོས་སློབ་བུ་ཚོར་སེམས་ཤུགས་གསོ་སྐྱོང་བྱེད་པར་ནུས་པ་ཡོད་རྒུ་འདོན་དགོས་པ་དང་། ཁོ་ཚོ་རང་ཉིད་རང་ལ་ཡིད་ཆེས་ཡོད་པའི་སྤོབས་པ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བཟུང་ན། སློབ་སྦྱོང་གི་བརྩོན་སེམས་ཆེ་ཞིང་འཚོ་བ་ལ་སྐྱིད་སྣང་འཁོར་བ། འགྱུར་མེད་ཀྱི་བསམ་བློ་བརྟན་ཞིང་མདུན་སྐྱོད་ཀྱི་སྙིང་སྟོབས་རྒྱས་པ་སོགས་ཀྱི་ཁྱད་ཆོས་མངོན་ཡོང་ཕྱིར། སློབ་གསོ་བ་གཅན་རོང་བསྟན་འཛིན་ལགས་ཀྱིས“བྱིས་པའི་ཡིད་ཆེས་སྐྱེད་སྲིང་བྱེད་རྒྱུ་ནི་མི་ཚེ་རྒྱལ་ཁའི་ལམ་དུ་བགྲོད་པའི་རྨང་གཞིའམ་འཕེལ་རྒྱས་ཀྱི་ནང་ཤུགས་ཐུན་མོང་མ་ཡིན་པ་དེ་ཡིན”ཞེས་གསུངས་པ་རེད། དེ་བས་འཕེལ་རྒྱས་ཡོང་དགོས་ན་རིན་ཐང་བྲལ་བའི་སྤུས་ཚད་ནི་སེམས་ཤུགས་ཡིན་ལ། བྱ་དངོས་གང་རུང་ཞིག་ལ་གདོང་གཏད་པའི་ཚེ་ལེགས་འགྲུབ་ཡོང་མིན་ནི་ཡིད་ཆེས་ཀྱི་སེམས་ཤུགས་དེ་ལ་རག་ལས་པ་དང་། སེམས་ཤུགས་བརྟན་པའི་མི་སེམས་ཤུགས་ཆུང་བའི་མི་ལས་འབུར་ཐོན་ཡིན། མི་ཞིག་གི་རང་ཉིད་ལ་ཡིད་ཆེས་བྱེད་པའི་བསམ་བློ་ནི་གཞོན་དུས་ཀྱི་མྱོང་གོམས་ལ་འབྲེལ་བ་ཆེན་པོ་ཡོད་པས་སློབ་སྦྱོང་དང་ཡར་རྒྱས་ཀྱི་རྒྱུ་གཙོ་བོ་དེ་སེམས་ཤུགས་གསོ་སྐྱོང་བྱེད་དགོས་པ་དེ་རེད།
བཞི་པ། སྒྲ་གསལ་དག་སྙན་གསུམ་ངག་གི་རྒྱན། །ཆུང་བྱིས་པའི་དུས་ནས་འཛིན་གལ་ཆེ། །
རྩ་བ་མེད་ན་ལོ་འདབ་རྒྱས་མི་སྲིད་པ་བཞིན་སློབ་ཆུང་གི་སློབ་ཁྲིད་ནི་སློབ་གསོའི་རྩ་བ་ཡིན་ལ། མཐོ་འབྲིང་དང་སློབ་ཆེན་སློབ་ཁྲིད་ནི་ཡལ་འདབ་ལྟ་བུ་ཡིན་ཞེས་བཤད་ཀྱང་མི་ཆོག་རྒྱུ་མེད། སློབ་ཆུང་གི་སྤུས་ཚད་ཞན་པ་ཞིག་ཡིན་ན་ལོ་རིམ་མཐོན་པོའི་སྐབས་ཁ་གསལ་ཡོང་བ་དཀའ་ལས་ཆེའོ། ། སྡོང་ཕྲུག་འཁྱོག་ན་བཅོས་ཐབས་ཡོད་ལ་སྡོང་རྒན་དུ་གྱུར་ན་བཅོས་ཐབས་ག་ལ་ཡོད། བྱིས་པ་ཚོ་ནི་མ་འོངས་པའི་བདག་པོ་ཡིན་པས། གཞི་རིམ་སློབ་ཆུང་གི་སློབ་སྒྲུབ་མཁའ་དབུགས་དེ་སྦྱོར་ཀློག་གི་རྣམ་པ་ལ་ཆེས་ཆེར་རག་ལས་མོད་ཀྱང་། ད་སྐབས་སྦྱོར་ཀློག་ཐད་བྱིས་པ་ཚོས་ཟླ་བ་བཀླགས་ན“ད་བ”ཞེས་ཀློག་པ་དང་། གི་གུ་ལ“གི་གེ”དང་། ཞབས་ཀྱུ་ལ“ཞམ་ཀྱུ”སོགས་འབྲེང་བུའི་སྒྲ་བོར་ནས“ཅག་ཆག་ཇག་ཉག”ཏུ་ཀློག་པ་དག་ནི་སྦྱོར་ཀློག་གི་བརྡ་ལ་སྔ་མོར་མེད་ཀྱང་གདངས་གསལ་གྱི་ནུས་པ་མེད་པ་ཁོ་ན་རུ་ངེས་པས། ག་ཡ་བཏགས“གྱ”ཞེས་ཀློག་པ་སོགས་གང་ནུས་སྒོས་སྒྲ་དག་མོར་ཁྲིད་པ་དང་སློབ་བུ་དག་གི་སྨྲ་ལྕེ་ཀློག་དག་མོ་ལ་བྱང་དུ་འཇུག་རྒྱུ་ནི་དགེ་རྒན་གྱི་ཕྲག་ཏུ་བབས་པའི་འོས་འགན་ཡིན་ནོ། །

འབྲེལ་ཡོད་འོས་སྦྱོར།