བསླབ་གཞིའི་ནང་དམངས་ཁྲོད་གླུ་གཞས་འགོད་དགོས་པའི་གལ་ཆེན་རང་བཞིན།
རྩོམ་པ་པོ།:བོད་སྐྱིད།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-05-08
ཀློག་གྲངས།:
སྤྱིར་དམངས་ཁྲོད་གླུ་གཞས་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔ་ཤོས་སུ་ཐོན་པའི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན། བོད་པ་ནི་གླུ་གར་ལ་དགའ་ཞིང་མཁས་པའི་མི་རིགས་ཤིག་ཡིན་པས། སྔོན་བྱུང་ལོ་རྒྱུས་ཐོག་གི་དུས་སྐབས་སོ་སོའི་ནང་མེས་པོ་རྣམས་ཀྱིས་སྙན་འཇེབས་ཡི་གར་འོང་བའི་དམངས་ཁྲོད་གླུ་གཞས་སྣ་ཚོགས་གསར་གཏོད་བྱས་ཡོད། དེས་ན་རྩོམ་འདིར་སློབ་མའི་དགོས་མཁོ་ལྟར་དམངས་ཁྲོད་གླུ་གཞས་ཀྱི་དམིགས་བསལ་ཁྱད་ཆོས་གླེང་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་གཞིའི་ནང་དམངས་ཁྲོད་གླུ་གཞས་འགོད་དགོས་པའི་གལ་ཆེན་རང་བཞིན་བརྗོད་ཡོད།
དམངས་ཁྲོད་གླུ་གཞས་ཀྱི་འཕེལ་རྒྱས་ལོ་རྒྱུས་ལ་བལྟས་ན་བརྗོད་དོན་རྒྱ་ཆེ་བའི་དམངས་ཁྲོད་གླུ་གཞས་འདི་ནི་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ལས་བྱུང་བ་ཞིག་ཡིན་པ་དང་། དེར་ངལ་རྩོལ་ལ་དགའ་ཞེན་དང་རྒན་བཀུར་གཞོན་གཅེས། བརྩེ་དུང་དང་ལྷག་བསམ། གཉའ་གནོན་ལ་ངོ་རྒོལ་བྱེད་པའི་ཡར་ཐོན་དང་སྐྱོན་བྲལ་གྱི་བསམ་བློའི་ཁྱད་ཆོས་ལྡན། སྐབས་སུ་བབ་པའི་དོན་ལ་བསླབ་གཞིའི་ནང་དམངས་ཁྲོད་གླུ་གཞས་བཀོད་སྒྲིག་བྱས་ན་དམིགས་བསལ་གྱི་ཕན་ཡོན་གང་དག་ལྡན་ཞེ་ན།
གཅིག རྩེད་མཚར་རང་བཞིན་གྱི་ཕན་ཡོན་ལྡན་པ།
བསླབ་གཞིའི་ནང་དོན་ཕལ་ཆེ་བ་འཇིག་རྟེན་གྱི་ལྟ་ཚུལ་དང་། ཀུན་སྤྱོད་སློབ་གསོ། ཤེས་བྱའི་རྣམ་གཞག་སོགས་ཡིན་པས། དེ་ལྟའི་ནང་དོན་བཀོད་པའི་སློབ་ཚན་དག་དགེ་རྒན་གྱིས་འཆད་ཁྲིད་བྱེད་དཀའ་ལ། སློབ་མས་ལྟ་ཀློག་བྱེད་རྒྱུར་ཡང་དེ་ཙམ་མི་དགའ་བས་ནང་དོན་རྟོགས་རྒྱུ་ཅུང་དཀའ། དེའི་སྟབས་ཀྱིས་སློབ་མ་ཚོར་སློབ་སྦྱོང་ལ་སེམས་ངལ་སྐྱེ་བ་དང་དགེ་རྒན་གྱིས་སློབ་ཁྲིད་གནང་བར་དཀའ་ཁག་འཕྲད་སྲིད། འོན་ཏེ་དམངས་ཁྲོད་གླུ་གཞས་ནི་སེམས་གཡེང་བ་དང་སེམས་གསོ་བའི་བདུད་རྩི་ལྟ་བུ་ཡིན། གལ་སྲིད་སློབ་ཆུང་བསླབ་གཞིའི་ནང་བྱིས་གླུ་འགའ་བཀོད་སྒྲིག་བྱས་པ་སྟེ། དཔེར་ན“སྤོ་བོ་རྡེའུ་ཀོང་། ནང་ལ་འཛུལ་དུས། རྐྱང་དཀར་གཅིག་བྱས། སྤོ་བོ་རྡེའུ་ཀོང་། ནང་ལ་འཛུལ་དུས། རྐྱང་དཀར་གཉིས་བྱས”ལྟ་བུའི་གཞས་ནི་གཙང་ཁུལ་དུ་བྱིས་པ་གསུམ་བཞི་མཉམ་དུ་རྐྱང་དཀར་བརྒྱབ་པ་ཞེས་པའི་རྩེད་མོ་རྩེ་སྐབས་མཉམ་དུ་ཕར་གཏོང་ཚུར་ལེན་བྱེད་ཅིང་། གཞས་དེས་བྱིས་པ་ཚོའི་བློ་སེམས་རྩེད་མོ་དེར་གཅིག་ཏུ་གནས་ཐུབ་པར་མ་ཟད་གྲངས་རྩིས་ཀྱི་ནུས་པ་ཐོན་པ། དེ་ལྟ་བུ་ལ་དགེ་རྒན་གྱིས་སློབ་ཁྲིད་ཟིན་བྲིས་འགོད་སྐབས་དེའི་སྐོར་ལ་རྒྱུས་ལོན་དང་བརྙན་ཐུང་རེ་དྲ་ཐོག་ནས་བཙལ་ནས་སློབ་ཚན་དངོས་ལ་འཇུག་སྐབས། སློབ་མ་རྣམས་ལ་རྩེད་མཚར་དང་རོལ་རྩེད་ངང་དམངས་ཁྲོད་གླུ་གཞས་དེ་སློབ་ཁྲིད་བྱས་ན། གཅིག་ནས་སྤྲོ་སྐྱིད་ངང་སློབ་མའི་དགའ་ཕྱོགས་སྐྱེད་སྲིང་ཐུབ་ལ། སློབ་མའི་ལུས་སེམས་གཉིས་ཀྱི་ངལ་དུབ་ཀྱང་སེལ་ཐུབ། གཉིས་ནས་སློབ་ཚན་གྱི་མཁའ་དབུགས་མཐོར་འདེགས་གཏོང་ཐུབ། དེ་ཡང་། དམངས་ཁྲོད་གླུ་གཞས་ཀྱི་ནང་དོན་ནི་མིའི་འཚོ་བ་དང་ཟུང་དུ་འབྲེལ་ནས་གླུ་གཞས་ཀྱི་མཚོན་སྟངས་རྣམ་པ་འཚོ་བ་དངོས་ལས་འདས་ཤིང་འཆར་སྣང་དང་རྟོག་བཏགས། འུད་སྒྲོག་གི་ལམ་ནས་མཚོན་པར་བྱས་ཡོད་ལ་རྩེད་མཚར་ལྡན་པས། དེ་ལྟའི་ཕན་ཡོན་ནི་ངོ་མཚར་དང་ཡ་མཚན་རྟོགས་འདོད་ཀྱི་འདོད་བློ་དྲག་པོ་དང་ལྡན་པའི་སློབ་མའི་སེམས་ཁམས་ཀྱི་མོས་པ་དང་ཡོངས་སུ་མཐུན། དམངས་ཁྲོད་གླུ་གཞས་ཀྱི་ནང་དོན་གོ་སླ་ཞིང་གནས་ལུགས་རྟོགས་བདེ་བ། མཚོན་སྟངས་ཀྱི་རྣམ་པའི་ཐད་སྒྲོ་བཏགས་དང་འུད་བརྗོད། འཆར་ཡན་གྱི་རང་བཞིན་ཤུགས་ཆེ་བའི་རྩེད་དགའི་རྣམ་པ་ཞིག་མངོན་ཡོད་པས་དེ་སློབ་མ་རྣམས་ཤེས་བྱའི་རྒྱ་མཚོར་བགྲོད་པར་སྤྲོ་སྣང་གི་བསམ་པའི་གནས་ལུགས་དག་ཀྱང་རང་བཞིན་གྱིས་ཉམས་ལེན་བྱེད་བདེ་བའི་དགེ་མཚན་ལྡན།
གཉིས། ཐ་སྙད་གསོག་འཇོག་དང་ཐོས་རྒྱ་བསྐྱེད་པའི་ཕན་ནུས།
བོད་སྐད་ཡིག་གི་སློབ་གསོ་འཕེལ་རྒྱས་གཏོང་དགོས་ན། ངེས་པར་སྐད་ཡིག་སློབ་གསོའི་གྲུབ་ཆ་སྟེ། «ལྟ་ཀློག་སློབ་ཁྲིད་འཆར་འགོད་ཀྱི་མན་ངག»ལས་རྒྱ་ཡིག་སློབ་ཁྲིད་ཀྱི་སློབ་སྦྱོང་གི་ཕྱོགས་ལྔ་སྟེ།“ཡི་གེ་ངོས་འཛིན་དང་འབྲི་ཚུལ། ལྟ་ཀློག སྐད་ཆ་འབྲི་བ། ཁ་སྐད་ཀྱི་འབྲེལ་འདྲིས། ཕྱོགས་བསྡུས་རང་བཞིན་གྱི་སློབ་སྦྱོང”ཞེས་གསུངས་པ་ལྟར། བོད་སྐད་ཡིག་གི་སློབ་ཁྲིད་ཡང་ཕྱོགས་དེ་ལྔ་ལ་བསྡུ་ཐུབ། ཉེ་བའི་ལོ་ཤས་ནང་གི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་གསར་པ་མཚོན་པའི་རྩོམ་ཡིག་གཅིག་རྗེས་གཉིས་མཐུད་ཀྱིས་བསླབ་གཞིའི་ནང་བཀོད་སྒྲིག་བྱས་ཡོད།
སློབ་མས་བསླབ་གཞི་དེ་རིགས་ལྟ་ཀློག་བྱས་ན་མཐོང་རྒྱ་ཆེ་རུ་འགྲོ་བ་དང་ཤེས་ཡོན་ཕུན་སུམ་ཇེ་ཚོགས་སུ་འགྲོ་ཐུབ། དེས་ན་ད་དུང་སྲོལ་རྒྱུན་རིག་གནས་སུ་ཚུད་པའི་དམངས་ཁྲོད་གླུ་གཞས་དེ་ཕྱོགས་བསྡུས་རང་བཞིན་གྱི་སྡེ་ཚན་དུ་བཀོད་ན་བསླབ་གཞིའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ། དམངས་ཁྲོད་གླུ་གཞས་ནི་ངལ་རྩོལ་མི་དམངས་ཀྱིས་རྔུལ་ཆུས་བཞེངས་པའི་འབྲས་བུ་ཡིན། དེའི་ནང་དོན་ཡང་འཚོ་བ་དངོས་དང་ཁ་བྲལ་ཐབས་མེད། དཔེར་ན«འོ་མ་དཀྲོགས་པའི་གཞས» «འོ་མ་བཞོ་བའི་གླུ།» «རྨོད་གཞས»སོགས་སློབ་མའི་འཚོ་བ་དང་ཧ་ཅང་ཁ་ཐག་ཉེ་བའི་འབྲོག་པའི་ཐ་སྙད་དང་ཞིང་པའི་ཐ་སྙད་མང་དག་རང་འགུལ་ངང་ངེས་སྲིད། དེང་རབས་སློབ་མ་མང་དག་ཅིག་གིས་ཐ་སྙད་མང་པོ་ཞིག་རྒྱ་སྐད་ཀྱིས་བཤད་ཤེས་ཀྱང་བོད་སྐད་ཀྱིས་བཤད་མི་ཤེས། དེ་ནི་སློབ་ཆུང་ནས་ཐ་སྙད་ཀྱི་རྨང་གཞི་ཡག་པོ་མ་བཏིངས་པའི་སྐྱོན་ཡིན་སྲིད། དེ་ཡང་དམངས་ཁྲོད་གླུ་གཞས་ཀྱི་བརྗོད་བྱའི་ནང་བོད་མི་རིགས་ཀྱི་བསམ་བློ་དང་བརྩེ་དུང་། མཛེས་དཔྱོད་ཀྱི་ལྟ་བ་ངེས་ཅན་ཞིག་འདུས་ཡོད་ལ་ལེགས་ཉེས་སྤང་བླང་གི་ཆ་དང་དགའ་སྐྱོ་བསྟོད་སྨད་ཀྱི་འདུ་ཤེས་ངེས་ཅན་ཞིག་འདུས་ཡོད། ད་དུང་དམངས་ཁྲོད་གླུ་གཞས་ནང་དད་མོས་དང་ཡུལ་སྲོལ་གོམས་གཤིས། ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་པའི་ཁ་སྐད་བཅས་མང་དག་འདུས་ཡོད་པས་སློབ་མའི་བསླབ་གཞི་ཁྲོད་ཐོན་དཀའ་བའི་ཤེས་བྱ་འབོར་ཆེན་འཛིན་ཐུབ་ལ། བསྐྱོད་མི་ཐུབ་པའི་ས་ཆ་གང་མང་ལ་འགྲོ་ཐུབ་པས་དགེ་རྒན་དང་སློབ་མ་གཉིས་ཀའི་ལྟ་རྒྱ་ཐོས་རྒྱ་ཆེར་བསྐྱེད་དང་ཐ་སྙད་གསོག་འཇོག་བྱེད་པར་ཕན་པ་ཤིན་ཏུ་ཆེ།
གསུམ། རྒྱུན་འཛིན་གྱི་ཕན་ནུས།
“དམངས་རྩོམ་གང་དང་གང་ལའང་ཁྱབ་སྤེལ་གྱི་བརྒྱུད་རིམ་ནང་ཅུང་ཟད་གཏན་ཆགས་ཐོག་རྗེས་འཛིན་བྱེད་པའི་ཆ་ཞིག་ཡོད་པ་རྟོགས་ཐུབ་ལ། འགྱུར་མེད་གཏན་ཆགས་ཐོག་རྗེས་འཛིན་བྱེད་པའི་ཆ་དེར་དམངས་ཁྲོད་རྩོམ་རིག་གི་རྒྱུན་འཛིན་རང་བཞིན་ཟེར་བ་ཡིན”ཞེས་གསུངས་པ་ལྟར། དམངས་ཁྲོད་གླུ་གཞས་ནི་དམངས་རྩོམ་གྱི་རྩོམ་རྣམ་གལ་ཆེན་ཞིག་ཡིན་སྟབས། རྣམ་པ་མང་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད། དཔེ་མཚོན་ཙམ་ཞུས་ན“རྒྱལ་རྩེ་ལྷ་ཡག་ཞོལ་དུ། །ཕྱི་གླིང་སེར་བྱས་ཁེངས་སོང་། །དེ་འདྲའི་སྐྱོ་སྣང་མཐོང་དུས། །བསགས་པའི་ནོར་གྱིས་གང་ཡོང་། །འཇམ་པོའི་བལ་ལས་བཟོས་པའི། །འུར་རྡོ་ཆུ་མིག་དགུ་སྒྲིལ། །ཆུ་མིག་གཞུང་ནས་བརྒྱབ་པས། །དབྱིན་ཇིའི་སྣ་ལ་ཐེབས་སོང་། །”ལྟ་བུ་ལོ་རྒྱུས་རང་བཞིན་ལྡན་པའི་དམངས་ཁྲོད་གླུ་གཞས་བསླབ་གཞིའི་ནང་བཀོད་སྒྲིག་བྱས་ན། རྩོམ་རྣམ་དེ་རིགས་ལ་རྒྱུན་འཛིན་གྱི་ཕན་ནུས་ཤུགས་ཆེར་ལྡན། གཅིག་ནས་མི་དམངས་ཀྱི་སྒྱུ་རྩལ་གོམས་གཤིས་དང་སྒྱུ་རྩལ་ཉམས་རྟོགས་ཀྱི་ཁྱད་ཆོས་དང་འབྲེལ་བ་ཡོད་དེ། དམངས་ཁྲོད་གླུ་གཞས་ནི་མི་དམངས་ཀྱི་གསར་རྩོམ་ཡིན་ཞིང་། མི་དམངས་མང་ཆེ་བའི་འདོད་བློ་དང་འཚམས་པ་ཞིག་ཡིན་སྟབས་དེར་ལྡན་པའི་སྒྱུ་རྩལ་གྱི་ཐབས་ཤེས་དང་རྣམ་པ་བཅས་དུས་རབས་མང་པོའི་རིང་མི་དམངས་རང་གི་སྐད་ཆའི་འགྲོས་དང་། དཔེ་དོན་གྱི་སྦྱོར་ཚུལ་ཁུངས་སུ་བྱས་ནས་གསར་གཏོད་དང་བེད་སྤྱོད་བྱས་པས། སྤྱི་ཚོགས་དང་འཚོ་བར་འགྱུར་ལྡོག་ཇི་ལྟར་བྱུང་ནའང་རང་ལ་དུང་བ་སྟེར་བའི་རྩོམ་རིག་གི་སྒྱུ་རྩལ་ཁྱད་ཆོས་དེ་དག་བོར་བརླག་མེད་པར་རྒྱུན་འཛིན་བྱེད་པ་ཡིན་ལ། གཉིས་ནས་དམངས་ཁྲོད་གླུ་གཞས་ནི་ངག་ཐོག་རང་བཞིན་གྱི་ཁྱད་ཆོས་དང་འབྲེལ་བ་ཡོད་པ་སྟེ། གླུ་གཞས་ནང་ངག་ཐོག་སྐད་ཆའི་མཚོན་ཐབས་དང་འཚམས་པའི་སྒྱུ་རྩལ་གྱི་ཐབས་ཤེས་དང་རྣམ་པ་གང་ཡིན་རྒྱུན་འཛིན་བྱེད་པ་ལས་ངེས་བདེ་བརྗོད་བདེ་མ་ཡིན་པའི་གླུ་གཞས་ནི་མི་དམངས་ཀྱིས་ཁས་ལེན་དང་བེད་སྤྱོད་བྱེད་མི་སྲིད་པ་དམངས་རྩོམ་གྱི་ལོ་རྒྱུས་ལས་མངོན།
མེས་པོས་གསར་རྩོམ་གནང་བའི་རྩོམ་རྣམ་དེ་རིགས་ཡིག་ཐོག་ཏུ་བཀོད་རྗེས་རྒྱུན་འཛིན་བྱེད་མཁན་ནི་རིག་གནས་སྦྱོང་མཁན་དག་ཡིན་ཞིང་། རིག་གནས་ལ་འཇུག་མཁན་མང་ཆེ་བ་ནི་སློབ་མ་ཡིན། སློབ་མ་བོད་སྐད་ཡིག་ལ་འཇུག་བྱེད་ནི་བོད་ཡིག་བསླབ་གཞི་ཡིན། བསླབ་གཞི་དང་ཁ་བྲལ་རྗེས་ཆེད་ལས་སྦྱང་བ་ལས་སྲོལ་རྒྱུན་རིག་གནས་ཟུར་ལྟ་བྱེད་མཁན་ཉུང་། དེས་ན་དེང་རབས་ཀྱི་སློབ་མ་མང་དག་ཅིག་གིས་རང་རིགས་ལ་དམངས་ཁྲོད་གླུ་གཞས་ཡོད་པ་ཙམ་ལས་གང་དག་ཡོད་པ་དང་དེའི་གནས་བབ་རྟོགས་མཁན་དཀོན་མོད། འོན་ཀྱང་སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་བསླབ་གཞིའི་ནང་སློབ་མའི་ཆུ་ཚད་དང་བསྟུན་ནས་དམངས་ཁྲོད་གླུ་གཞས་བཀོད་སྒྲིག་བྱས་ན། སློབ་མ་ཚང་མས་སློབ་དེབ་ཏུ་བཀོད་པའི་གླུ་གཞས་ཚང་མའི་འགྱུར་ཁུག་དང་གླུ་ཚིག་ཀྱང་རྟོགས་ཐུབ། དེ་ལྟར་ན་དམངས་ཁྲོད་རྩོམ་རིག་གི་བྱེ་བྲག་ཡིན་པའི་དམངས་ཁྲོད་གླུ་གཞས་དེ་མི་རབས་ནས་མི་རབས་སུ་རྒྱུན་འཛིན་དང་གསར་གཏོད་ཐུབ་ལ། སློབ་མ་རྣམས་ཀྱི་མི་རིགས་རིག་གནས་རང་རྟོན་ཡང་མཐོར་འདེགས་གཏོང་ཐུབ།
དོན་གྱི་རྡོག་ཁ་གཅིག་ཏུ་བསྒྲིལ་ན། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་དེང་རབས་ཀྱི་སློབ་མ་རྣམས་ལ་སློབ་སྦྱོང་གི་གནོན་ཤུགས་ཤིན་ཏུ་ཆེ། དེས་ན་སློབ་ཁྲིད་བསླབ་གཞིའི་ནང་བོད་མི་རིགས་ཀྱི་ངག་རིག་སྒྱུ་རྩལ་དམངས་ཁྲོད་གླུ་གཞས་གང་ལ་གང་འཚམས་བཀོད་སྒྲིག་བྱས་ན། སྐད་ཡིག་སློབ་ཁྲིད་བྱ་བར་རམ་འདེགས་ཤུགས་ཆེན་བྱ་ཐུབ་སྟེ། གཅིག་ནས་སེམས་ཁམས་སྟེང་ནས་གུ་ཡངས་དང་། གཉིས་ནས་ཤེས་བྱའི་སྟེང་ནས་སྐད་ཚོར་མཐོར་འདེགས་དང་དང་ཐ་སྙད་གསོག་འཇོག དེ་བཞིན་ལྟ་རྒྱ་ཐོས་རྒྱ་ཆེར་སྐྱེད་བཅས་ཀྱི་རིན་ཐང་ལྡན་པས། བསླབ་གཞིའི་ནང་དམངས་ཁྲོད་གླུ་གཞས་འགོད་རྒྱུ་གལ་འགངས་ཆེ་བར་སྣང་ངོ་། །

འབྲེལ་ཡོད་འོས་སྦྱོར།