པར་བརྐོའི་ལག་རྩལ་གྱིས་བོད་ཀྱི་སློབ་གསོར་ཐེབས་པའི་ནུས་པ་རགས་ཙམ་གླེང་བ།
རྩོམ་པ་པོ།:བཙན་མགོན་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-06-06
ཀློག་གྲངས།:
སྤྱིར་འཛམ་གླིང་གི་ཡུལ་གྲུ་གང་ལ་མཚོན་ནའང་སློབ་གསོ་དར་བ་ནས་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་གོམ་སྟབས་བསྒྱུར་བ་ནི་གཅིག་མཐུན་དུ་སྣང་ཞིང་། རང་གི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ནི་སློབ་གསོ་ཡར་རྒྱས་སུ་འགྲོ་བའི་རྨང་རྡོ་ལྟ་བུར་གྱུར་ཡོད། རང་རེའི་བོད་འདིར་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་རིག་གནས་རྒྱུན་འཛིན། སློབ་གསོའི་ལས་དོན་ཁྲོད་པར་བརྐོའི་ལག་རྩལ་དང་པར་སྐྲུན་ལས་རིགས་ཀྱིས་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པར་འདོད་པས། རྩོམ་ཡིག་འདིར་བོད་ཀྱི་ཡུལ་དུ་ཐོག་མར་པར་བརྐོའི་ལག་རྩལ་ཇི་ལྟར་དར་བ་དང་། པར་བརྐོའི་ལག་རྩལ་གྱིས་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ལ་ཐོན་པའི་ནུས་པའི་སྐོར་རགས་ཙམ་གླེང་ཡོད།
དང་པོ། པར་བརྐོའི་ལག་རྩལ་གྱི་བྱུང་འཕེལ་ལ་རྒྱུས་མངའ་དགོས་པའི་གལ་ཆེན་རང་བཞིན།
འཛམ་གླིང་ཤེས་རིག་གི་ལོ་རྒྱུས་ཁྲོད་རང་རྒྱལ་ནི་པར་བརྐོའི་ལག་རྩལ་གྱི་ཕ་ས་ལྟ་བུར་བསྔགས་ཤིང་། པར་བརྐོའི་ལག་རྩལ་ནི་རང་རྒྱལ་གྱི་གསར་གཏོད་ཆེན་པོ་བཞིའི་གྲས་སུ་བགྲང་བར་བྱེད་པས། མིའི་རིགས་ཀྱི་ཤེས་རིག་གི་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། ཐང་རྒྱལ་རབས་ཀྱི་དུས་སྐབས་ནས་རྒྱ་ཡིག་གི་པར་བརྐོའི་ལག་རྩལ་དར་ཡོད་པར་བཤད་ཅིང་། བོད་སིལ་བུའི་དུས་སྐབས་ནས་བོད་ཡིག་གི་ཤིང་པར་ཡིག་ཆ་བྱུང་ཡོད་པས། བོད་ཀྱི་པར་སྐྲུན་ལག་རྩལ་གྱི་བྱུང་འཕེལ་ལོ་རྒྱུས་ཀྱང་འཛམ་གླིང་གི་པར་སྐྲུན་ལག་རྩལ་གྱི་ལོ་རྒྱུས་ཁྲོད་སྔ་གྲས་སུ་སླེབས་ཡོད།
རྒྱལ་སྤྱིའི་སྟེང་བོད་ཡིག་གི་པར་མའི་བྱུང་འཕེལ་ལ་དོ་སྣང་བྱེད་མཁན་ཡང་མང་དུ་བྱུང་ཡོད། ལྷག་པར་ཡུལ་གྲུ་སོ་སོར་བཞུགས་པའི་བོད་ཡིག་གི་བཀའ་བསྟན་གླེགས་བམ་ལ་མཚོན་ན། བྱུང་འཕེལ་གྱི་དུས་རིམ་ངེས་ཅན་ཞིག་བརྒྱུད་ཡོད་པ་དང་། སོ་སོའི་འབྱུང་རྐྱེན་དང་ལོ་རྒྱུས་རྒྱབ་ལྗོངས་ནི་བོད་ཀྱི་ཤེས་རིག་འཕེལ་རྒྱས་སུ་འགྲོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེ་བཞིན་ད་ལྟ་མཇལ་དུ་ཡོད་པའི་བོད་ཀྱི་མཁས་དབང་སོ་སོའི་གསུང་འབུམ་རྣམས་ཀྱང་ཡུལ་དང་དུས་གཅིག་ཏུ་བྱུང་བ་མིན་པར།ལོ་རྒྱུས་རྒྱབ་ལྗོངས་མི་འདྲ་བའི་དུས་སྐབས་ངེས་ཅན་རེ་བརྒྱུད་ཡོད་ལ། དེ་དག་དང་ཉེ་བར་འབྲེལ་བའི་ཞིབ་ཕྲའི་ལོ་རྒྱུས་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། དེ་བས་ད་ལྟའི་དུས་འདིར་ང་ཚོས་ལོ་རྒྱུས་ཡིག་ཚང་ཁག་གུང་བསྒྲིགས་ནས་སོ་སོའི་བྱུང་འཕེལ་གྱི་ལོ་རྒྱུས་ལ་དཔྱད་པ་གཏོང་བ་དང་པར་བརྐོའི་ལག་རྩལ་དང་པར་གཞི་ཁག་གི་ཁྱད་ཆོས་སོགས་ལ་རྒྱུས་མངའ་ཡོད་པར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཏུ་གྱུར་ཡོད།
གཉིས་པ། བོད་དུ་པར་བརྐོའི་ལག་རྩལ་ཐོག་མར་ཇི་ལྟར་བྱུང་བའི་སྐོར།
དུང་དཀར་བློ་བཟང་འཕྲིན་ལས་ཀྱིས“སྤྱིར་སློབ་གསོ་ནི་དམིགས་ཡུལ་ངེས་ཅན་ཞིག་གི་དགོས་མཁོ་དང་མཐུན་པར་སློབ་གསོ་བྱ་ཡུལ་གྱི་མི་རྣམས་ཀུན་སྤྱོད་དང་ཤེས་རིག གཟུགས་པོ་བཅས་ཀྱི་ཐད་ཡར་རྒྱས་འགྲོ་ཐུབ་ངེས་ཀྱི་འཆར་གཞི་ཡོད་པའི་འགུལ་སྐྱོད་ཅིག་ཡིན”ཞེས་གསུངས་པ་ལྟར། སློབ་གསོའི་ལས་དོན་ནི་མི་གཞིའི་ཀུན་སྤྱོད་དང་ཤེས་རིག་གི་ཆུ་ཚད་འཕེལ་རྒྱས་སུ་འགྲོ་བའི་རྩ་བའི་རྨང་རྡོ་ལྟ་བུར་ངོས་འཛིན་བྱས་ཆོག དེ་ཡང་འཛམ་གླིང་གི་ཡུལ་གྲུ་གང་ལ་མཚོན་ནའང་ཆོས་ལུགས་གཙོ་བོར་གྱུར་པའི་རིག་གནས་སྣ་ཚོགས་རྒྱུན་འཛིན་གྱི་སླད་དུ་པར་བརྐོའི་ལག་རྩལ་དར་ཚུལ་གཅིག་མཐུན་དུ་སྣང་།
མཁས་དབང་ཧྲི་ཅིན་པོ་ཡིས“པར་བརྐོ་ནི་ཀྲུང་གོའི་གསར་གཏོད་ཆེན་པོ་བཞིའི་ཡ་གྱལ་ཡིན”ཞེས་དང་། པེ་ཅིན་སློབ་ཆེན་གྱི་པར་གཞི་རིག་པའི་མཁས་པ་ཞིན་ཏེ་ཡུང་གིས“འཛམ་གླིང་སྤྱིའི་པར་བརྐོའི་ཁུངས་རྒྱ་གར་དུ་གཏུག་དགོས་ཤིང་། རྒྱའི་པར་བརྐོའི་ལག་རྩལ་ནི་ཐང་གི་དུས་མཇུག་ཏུ་བྱུང་ཞིང་། སུང་གི་དུས་སུ་འཕེལ་རྒྱས་ཕྱིན་པའི་དཔྱད་སྡོམ་བཀོད་ཡོད”འདི་ནི་མཁས་པ་མང་པོ་ཞིག་གི་འདོད་སྟངས་ལས་ཡིད་རྟོན་རུང་བའི་བཞེད་ལུགས་སུ་འདོད། བོད་མི་རིགས་ལ་མཚོན་ནའང་གདོད་མའི་སྐབས་ནས་པར་བརྐོའི་རིགས་ལམ་ཞིག་གྲུབ་ཡོད་དེ། བཙན་པོ་ཁྲི་སྲོང་བཙན་གྱི་སྐབས་སུ་སླེབས་དུས་བོད་ཀྱི་ཡི་གེ་གསར་དུ་བཟོས་པ་དེས་བོད་ཀྱི་ལོ་རྒྱུས་དེ་ཡི་གེའི་ལམ་ནས་ཟིན་ཐོར་འགོད་པའི་འཕེལ་རྒྱས་ཀྱི་གོ་རིམ་ཞིག་ཏུ་སླེབས་པ་ར་འཕྲོད་ཅིང་། ཕྱིས་སུ་ཡིག་ཚང་དག་པར་དུ་བསྐྲུན་པའི་གལ་ཆེའི་ཆ་རྐྱེན་དུའང་གྲུབ་ཡོད། དེ་ཡང་སྤྱི་ལོ763ཡས་མས་སུ་བཞེངས་པའི་ཞོལ་རྡོ་རིང་དང་། སྤྱི་ལོ823ཙམ་ལ་བཞེངས་པའི་དབོན་ཞང་རྡོ་རིང་སོགས་ཀྱི་སྟེང་གི་བརྐོས་ཡིག་གི་ཁྱད་ཆོས་དང་། ད་དུང་བཙན་པོ་གནམ་རི་སྲོང་བཙན་གྱིས་སུམ་པ་སོགས་དབང་དུ་བསྡུ་སྐབས་སུ་རྒྱལ་ཕྲན་ཁག་ཏུ་ཐམ་ག་སྤྱད་པ་སོགས་ལོ་རྒྱུས་ཡིག་ཚང་དང་། ད་ལྟ་མཐོང་དུ་ཡོད་པའི་དངོས་དཔང་དག་ཀུན་ལ་གསལ་ཆ་ཡོད་པའི་སྣང་ཚུལ་འདིས་བཙན་པོའི་དུས་ནས་པར་བརྐོའི་ལག་རྩལ་སྤྱོད་མགོ་ཚུགས་ཡོད་པར་ངོས་འཛིན་བྱས་ཀྱང་འགལ་བ་མེད་པར་སྙམ།
གསུམ་པ། པར་བརྐོའི་ལག་རྩལ་གྱིས་བོད་ཀྱི་སློབ་གསོར་ཐེབས་པའི་ནུས་པ།
བོད་དུ་བསྟན་པ་ཕྱི་དར་གྱི་སྐབས་སུ་པར་བརྐོའི་ལག་རྩལ་འདི་ལ་བྱང་ཆ་ངེས་ཅན་ལྡན། དུས་སྐབས་དེར་བོད་ཀྱི་ཡུལ་དུ་ཆོས་བརྒྱུད་གྲུབ་མཐའ་ཁག་མང་དུ་གྱེས་ནས་ནང་བསྟན་གྱིས་གཙོས་བོད་ཀྱི་རིག་གནས་ལ་སློབ་གཉེར་བྱེད་མཁན་ཡང་མང་དུ་བྱུང་། ཡིན་ཡང་། སྐུ་དྲག་མ་ཡིན་པའི་དམངས་ཕལ་བ་དག་གིས་སློབ་གཉེར་བྱེད་སའི་གནས་གཙོ་ཆེ་བ་ནི་དགོན་སྡེ་ཁག་ཡིན་ཞིང་། སློབ་གཉེར་བྱེད་མཁན་ཇེ་མང་དུ་སོང་བ་དང་ཆོས་བརྒྱུད་གྲུབ་མཐའ་ཁག་གིས་རང་གི་རྗེས་སུ་འཇུག་པའི་དད་ལྡན་པ་དང་སློབ་གཉེར་པ་དག་ལ་ཆོས་ཕྱོགས་ཀྱི་སློབ་གསོ་བརྒྱུད་སྒྲོག་བྱེད་པར་ཡིག་ཆའི་དགོས་མཁོ་ཡང་དེར་མཐུན་གྱིས་ཇེ་ཆེར་འཕེལ་བས་དགོན་པ་སོ་སོར་དཔར་ཁང་མང་དུ་བྱུང་ནས་དབུས་གཙང་དང་མངའ་རིས། མཚོ་སྔོན། ཡུན་ནན། སྡེ་དགེ་སོགས་སུ་བོད་ཡིག་གི་ཤིང་པར་ཕོན་ཆེན་པོ་ཐོན་ཡོད།
དགོན་སྡེ་དང་ས་གནས་སོ་སོའི་སློབ་གསོའི་འཕེལ་རྒྱས་དེ་པར་ཁང་གི་གཞི་རྒྱའི་ཆེ་ཆུང་དང་པར་བརྐོའི་ལག་རྩལ་གྱི་ཆུ་ཚད་སོགས་ལ་འབྲེལ་བ་ངེས་ཅན་ལྡན་ཏེ། དཔེར་ན་དུས་རབས་བཅུ་བདུན་པའི་སྟོད་དུ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་གཙང་པ་རྒྱལ་བོ་ཕུན་ཚོགས་རྣམ་རྒྱལ་གྱི་མཐུན་རྐྱེན་འོག་ཕྱག་བཏབ་པའི་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་འདི་ཉིད་དུ། ཐོག་མར་མི་གཅིག་ཡུལ་གཞན་དུ་པར་བརྐོའི་ལག་རྩལ་བསླབ་ཏུ་བཏང་བ་ནས་ཧ་ལམ་རབ་བྱུང་བཅུ་པའི་ས་རྟ་སྤྱི་ལོ1618ཙམ་ལ་རྟག་བརྟན་རང་དུ་པར་གྲྭའི་སྡེ་ཐོག་མར་བཙུགས་པ་ཏཱ་ར་ནཱ་ཐའི་རང་རྣམ་དུ་གསལ་ཞིང་། དེ་མིན་ཏཱ་ར་ནཱ་ཐའི་གསུང«དཔལ་དུས་ཀྱི་འཁོར་ལོའི་བསྟོད་ཆེན»སོགས་ཆོས་ཚན་བཅུ་དྲུག་པར་དུ་བརྐོས་པའི་སྐོར་པར་བྱང་དུ་གསལ། འདི་ནི་རྟག་བརྟན་དམ་ཆོས་གླིང་གི་དཔར་ཁང་དུ་བརྐོས་པའི་པར་མ་སྔ་ཤོས་དེ་ཡིན་པར་འདོད་ཅིང་། དབུས་གཙང་ཁུལ་དུ་ཇོ་ནང་པའི་ལུགས་འདི་ཉིད་ཉམས་པའི་སྐབས་སུ་རྗེ་བཙུན་ཏཱ་ར་ནཱ་ཐས་རྟག་བརྟན་དགོན་ཕྱག་བཏབ་པ་དང་། དགོན་པའི་པར་བརྐོའི་ལག་རྩལ་དང་པར་འདེབས་ཀྱི་ལས་ཀར་མཐོང་ཆེན་བྱས་པ། ཇོ་ནང་པའི་ལུགས་ཀྱི་གཞུང་དང་གསུང་རབ་དག་རྒྱུན་འཛིན་དང་དར་སྤེལ་བྱས་པ་དེ་ནི་ཐུབ་པའི་བསྟན་པ་གཙོས་ཇོ་ནང་པའི་ལུགས་འདི་ལ་སློབ་གཉེར་བྱེད་མཁན་དག་གི་དགོས་མཁོ་སྐོང་ཕྱིར་ཡིན་པས་སྐབས་དེའི་སློབ་གསོའི་ལས་དོན་ལ་ཐུགས་ཁུར་ཆེན་པོ་བྱས་པའི་སྒྲུབ་བྱེད་དུ་གྲུབ་ཡོད།
རྟག་བརྟན་དུ་པར་གྲྭ་བཙུགས་པ་དེས་གཙང་གི་ཡུལ་གྲུ་དག་གཙོས་བོད་སྤྱིའི་སློབ་གསོའི་འཕེལ་རྒྱས་ལ་བསུབ་ཏུ་མེད་པའི་བྱས་རྗེས་བཞག་ཡོད། རྟག་བརྟན་པར་མས་མཚོན་པའི་བོད་ཀྱི་དཔར་ཁང་སོ་སོ་ནས་པར་མ་རིགས་མི་འདྲ་བ་བགྲང་གིས་མི་ལང་བ་བྱུང་བ་དེས་བོད་དུ་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རང་ལུགས་མི་ཉམས་ཆུ་བོའི་རྒྱུན་ལྟར་བསྲིངས་པ་དང་། བོད་རང་གི་ནང་བསྟན་རིག་གནས་ལྟ་གྲུབ་ཀྱིས་གཙོས་སློབ་གསོའི་མ་ལག་ཅིག་གི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་འདིའང་པར་བརྐོའི་ལག་རྩལ་དང་པར་འདེབས་ཀྱི་ལས་ཀ་འདིའི་ནུས་པ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། ལྷག་པར་སློབ་གསོའི་འགྲན་རྩོད་གློག་ལྟར་མྱུར་བའི་དུས་འདིར་རིགས་སོ་སོས་རང་རང་གི་རིག་གནས་དང་སློབ་གསོའི་ཆེ་བ་བརྗོད་སྐབས་སུ། བོད་རང་ལའང་མི་རིགས་གཞན་གྱི་མདུན་དུ་ངོ་གནོང་མི་དགོས་པའི་སློབ་གསོའི་མ་ལག་དང་རིག་གནས་ཤིག་ཡོད་པ་ནི་པར་བརྐོའི་ལག་རྩལ་འདི་ཡིས་སྔོན་གྱི་མེས་པོ་ཚོའི་གསུང་རྩོམ་དག་མ་ཉམས་རྒྱུན་འཛིན་བྱས་པའི་ནུས་པ་འདི་ལ་འབྲེལ་བ་དམ་པོ་ཡོད་པར་བརྗོད་འདོད་དོ། །
ཟུར་བལྟའི་དཔྱད་ཡིག
1.དུང་དཀར་བློ་བཟང་འཕྲིན་ལས། «སྐད་ཡིག་དང་སློབ་གསོ» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2022
2.བསོད་ནམས་ཆོས་རྒྱལ། «བོད་ཀྱི་གནའ་བོའི་རྡོ་རིང» རྡོ་བརྐོའི་ཡི་གེ དྲིལ་བུའི་ཁ་བྱང་བཅས་ཀྱི་འགྲེལ་བ། [J] ཀྲུང་གོའི་བོད་ཀྱི་ཤེས་རིག 1991,(3)
3.དཀོན་མཆོག་ཚེ་བརྟན།«དབོན་ཞང་འདུམ་པའི་བཀའ་གཙིགས་རྡོ་རིང་དང་བོད་ཐང་རྒྱལ་རབས་གཉིས་ཀྱི་འབྲེལ་བའི་འཕོ་འགྱུར» [M] ཀན་སུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1986
4.དུང་དཀར་བློ་བཟང་འཕྲིན་ལས། «བོད་ཀྱི་དཀར་ཆག་རིག་པ» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2015
5.ཏཱ་ར་ནཱ་ཐ། «རང་རྣམ་མ་བཅོས་ལྷུག་པའི་རྟོགས་བརྗོད» རྟག་བརྟན་པར་མ། པོད་དང་པོ། སྣ་རིང་།
6.ཏཱ་ར་ནཱ་ཐ།«ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ» རྟག་བརྟན་པར་མ། པོད་བཅུ་གཅིག་པ། སྣ་རིང་།

འབྲེལ་ཡོད་འོས་སྦྱོར།