ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ངེས་དོན་བཞི།
རྩོམ་པ་པོ།:བཀྲ་ཤིས་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-11-06
ཀློག་གྲངས།:
ཁྱིམ་ཚང་གི་སློབ་གསོ་ནི་ཁ་ནས་བཤད་མཁན་མང་ཡང་་ལག་ལེན་དུ་བསྟར་མཁན་ཧ་ཅང་ཉུང་། ཁྱིམ་ཚང་ནང་གི་རྒན་པ་རྣམས་དང་གཉེན་ཉེ། ཕ་མ་བཅས་ཀྱི་བྱ་སྤྱོད་ཀྱིས་བྱིས་པའི་རྒྱུད་ལ་ཐད་ཀར་གྱི་བག་ཆགས་བསྒོ་ངེས། དེ་བས། ཁྱིམ་སྲོལ་བཟང་ངན་གྱིས་མི་ཞིག་གི་མི་ཚེའི་ཁ་ཕྱོགས་ལ་རྩ་བའི་ཆ་ནས་ཤུགས་རྐྱེན་ཐེབས་ངེས།
གཅིག ཕ་མ་བཟང་པོ་ནི་སློབ་སྦྱོང་བྱས་ནས་འོང་བ་ཡིན།
བྱིས་སྙོར་གྱི་བྱ་བ་འདི་ཨ་མའི་མངལ་ན་ཡོད་དུས་ནས་འགོ་རྩོམ་དགོས་པ་དེ་སེམས་ཁམས་རིག་པ་བ་དང་སློབ་གསོ་ཆེད་མཁས་པ་དག་གིས་མང་དུ་སྨྲ། ཡིན་ནའང་། རང་རེར་འདི་ལྟར་བསམ་མཁན་དང་འདི་ལྟར་སྒྲུབ་མཁན་ཧ་ལམ་མེད། ཕུལ་དུ་བྱུང་བའི་མ་ཡུམ་ཞིག་གིས་བཤད་རྒྱུར། “བྱིས་པ་མངལ་ན་ཡོད་དུས། བདེ་ཐང་དང་བློ་རིག་ལ་འདང་རྒྱག་དགོས། བྱིས་པ་བཙས་རྗེས། སྤྱིར་བཏང་གི་མི་ཞིག་གི་མཐོང་ལམ་ནས་བྱིས་པའི་དགའ་སྐྱོ་ཆགས་སྡང་གི་ཚོར་བར་དང་དོད་བྱེད་དགོས་པར་མ་ཟད། དེ་ལ་མཉམ་འགྲོགས་མཉམ་འདུག་བྱེད་རྒྱུ་གལ་ཆེ།”
ཁྱིམ་བདག་མང་པོ་ཞིག་གིས་རང་སོའི་ལས་ཀའི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ནའང་། བྱིས་པར་མཉམ་འགྲོགས་མཉམ་འདུག་དང་། བྱིས་པར་ཁ་བརྡ་གློད་པ། བྱིས་པའི་མཚར་སྣང་ལ་དང་དོད་བྱེད་པ། བྱིས་པའི་སེམས་ཁམས་ལ་རྒྱུས་ལོན་པ། བྱིས་པའི་འཚོ་བའི་གོམས་གཤིས་དང་བདེ་ཐང་སོགས་ཀྱི་ཐད་གཙིགས་ཆེན་དང་དོ་སྣང་བྱས་པ་ཤིན་ཏུ་མི་འདང་།
ངས་ནམ་རྒྱུན་སེམས་གཏམ་དམར་རྗེན་གྱིས། ང་ཚོའི་མི་རབས་འདིར། དྲིན་ཅན་གྱི་ཨ་མ་ཤིན་ཏུ་མང་། ཡིན་ཡང་རླབས་ཆེན་གྱི་ཨ་མ་སྲིད་མཐའ་ཙམ་ཞེས་བཤད་པ་ཡིན། དེའི་དོན་ཅི་ཡིན་ཟེར་ན། འཇིག་རྟེན་གྱི་ཨ་མ་ཚང་མས་རང་གི་བུ་ཕྲུག་ཟླ་དགུ་ཞག་བཅུ་ལ་མངལ་དུ་སྦྲུམ་པ་དེའི་དཀའ་ལས་ནི་ཉིན་ཞག་ཉིས་བརྒྱ་བདུན་ཅུ་ལྷག་ཡིན་པས། ཧ་ཅང་དྲིན་ཆེན་ཡིན་མོད། ཡིན་ཡང་། བྱིས་པ་མངལ་ན་ཡོད་དུས་ཀྱི་དང་དོད་བྱ་དགོས་ས་དང་། མངལ་ནས་བཙས་རྗེས་ཀྱི་ཞིབ་ཕྲའི་དོན་དག་རྣམས་སྒྲུབ་པ་ཤིན་ཏུ་མི་འདང་།
དཔེར་ན། བཟའ་བཏུང་གི་ཐད་དུ་རང་གི་དགའ་ཁ་འཁྱེར་ཕྱོགས་ཀྱིས་རྒྱ་ཁོག་བཟའ་བ་དང་སྐོམ་ཆུ་འདྲ་མིན་སྣ་ཚོགས་འཐུང་བ་སོགས་བྱེད། བྱིས་པ་མངལ་ནས་བཙས་རྗེས། བྱིས་པ་བསམ་མེད་ཅེས་བྱིས་པའི་མདུན་སར་སྤྱོད་ལམ་བཙོག་པ་དང་གཏམ་ངན་ལབ་པ། མདོར་ན། མ་ཁོག་གི་སློབ་གསོ་དང“བྱིས་པ་བསམ་མེད”དུས་ཀྱི་སློབ་གསོ་ནི་ད་དུང་ཡང་ང་ཚོའི་མིག་མདུན་གྱི་སྟོང་ཆ་ཆེན་པོ་ཞིག་གོ །
ཡིན་ཡང་། ང་ཚོས་རང་ཉིད་ནས་འགོ་བརྩམས་ཏེ་བཅོས་བསྒྱུར་བྱ་དགོས། འདིའི་ཐད་དུ་ང་ཚོ་ལ་སློབ་སྦྱོང་བྱ་འོས་ས་དང་མིག་དཔེར་བལྟ་དགོས་ས་གང་མང་ཞིག་མཆིས། དཔེར་ན། སློབ་དཔོན་ཆེན་མོ་སྐད་གྲགས་ཅན་ཞིག་གིས་རྣམ་ཀུན་རང་གི་བུ་མོར་འཕྲིན་ཡིག་བྲིས་ཏེ། ཤོག་བུའི་ཡིག་འཕྲིན་བརྒྱུད་བུ་མོའི་འཚར་ལོངས་ཀྱི་གོ་རིམ་ལ་ཤུགས་རྐྱེན་བཟང་པོ་བཞག་ཡོད། ཕ་དང་བུ་མོའི་འབྲེལ་བ་དང་བུ་མོའི་ཕུགས་བསམ་གྱི་ལམ་སྟོན། མི་ཚེའི་འཆར་བཀོད་སོགས་ལ་ཐད་ཀར་མ་ཡིན་པའི་རྒྱགས་ཕྱེ་དུ་མ་བསྩལ་ཡོད། གནད་དོན་མ་བྱུང་སྔོན་ལ་སྔོན་འགོག་གི་ཤེས་བྱ་མང་པོ་ཞིག་གསོག་འཇོག་བྱེད་རྒྱུ་ནི་ཕ་མ་དག་གི་འགན་འཁྲི་ཡིན། གནད་དོན་བྱུང་རྗེས་དཀའ་ངལ་ཆེན་པོས་གདོང་གཏོད་དགོས་པའང་ཕ་མ་དག་གི་འོས་འགན་ཡིན། འདི་གཉིས་མེད་ཚེ། ང་ཚོ་ཚད་ལྡན་གྱི་ཕ་མ་ཞིག་ཏུ་འགྱུར་ཐབས་མེད།
གཉིས། ཕུལ་བྱུང་གི་ཕ་མས་དུས་ཚོད་བཙལ་ཏེ་ལུས་སེམས་གཉིས་ཀ་བྱིས་པའི་སྟེང་དུ་གཏོང་།
ང་རང་དགེ་རྒན་ཞིག་ཡིན་པའི་ཐད་ནས། ཁྱིམ་བདག་མང་པོ་ཞིག་ལ་འབྲེལ་འདྲིས་བྱ་དགོས་ཀྱིན་ཡོད། ཕུལ་དུ་བྱུང་བའི་ཁྱིམ་བདག་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་མངའ་བ་ནི། ཁོ་ཚོས་རྣམ་ཀུན་རང་གི་བྱིས་པའི་སྟེང་ལ་བློ་སེམས་རབ་ཏུ་བཀོལ།
མི་ལ་ལས། ང་ཚོ་རོང་འབྲོག་ཕྱོགས་ཀྱི་ཁྱིམ་བདག་ཕལ་མོ་ཆེ་ཡིག་རྨོངས་པ་ཡིན་པས། བྱིས་པར་སློབ་གསོ་གཏོང་མི་ཤེས་ཟེར། དེ་ནི་སློབ་གསོ་ཞེས་པར་གོ་འཛོལ་བྱུང་བའི་རྟགས་རེད། ཡིག་རྨོངས་པས་ཡི་གེ་ཁྲིད་མི་ཤེས་པ་བདེན་མོད། ཡ་རབས་སྤྱོད་བཟང་གི་སློབ་སྟོན་བྱེད་མི་ཤེས་ཟེར་ན་རྫུན་རེད། སློབ་གསོའི་ཡང་སྙིང་ནི་མི་ཡ་རབས་ཤིག་སྐྱེད་སྲིང་བྱེད་པ་ལས་ཤེས་བྱ་གསོག་འཇོག་གི་ཕུང་བོ་ཞིག་སྐྱེད་སྲིང་བྱེད་པ་མ་རེད། ཤེས་བྱ་ནི་འཕྲུལ་ཆས་ཀྱིས་ཀྱང་རབ་ཏུ་བསྒོ་ཐུབ། ཡོན་ཏན་ནི་ད་གཟོད་མི་དང་མི་འབྲེལ་འདྲིས་བྱས་པ་ལས་འོང་ངེས། ཤེས་བྱ་ཡོད་ན་ཡོན་ཏན་ཡོད་པས་མ་ཁྱབ་ལ། ཡོན་ཏན་ཅན་ལ་ཤེས་བྱ་མཐུག་པས་ཀྱང་མ་ཁྱབ། ང་ཚོའི་དམིགས་འབེན་ནི་ཤེས་ཡོན་གཉིས་ལྡན་གྱི་མི་ཞིག་གསོ་སྐྱོང་བྱ་རྒྱུ་དེ་རེད།
ཁྱིམ་ཚང་ལ་ལ་ནི་རྒྱུ་ནོམ་གྱིས་ཤིན་ཏུ་དབུལ་ནའང་། ནང་བསམ་པའི་ཐད་ཤིན་ཏུ་ཕྱུག་པོ་ཡིན་པ་དེ་འདྲ་ཡོད། དེ་ཚོའི་ཁྱིམ་ཚང་དུ་ནམ་ཡང་དགོད་སྒྲས་ཁེངས་ཤིང་། བྱིས་པའི་འཚར་ལོངས་ཀྱི་གོ་རིམ་ཡང་ཤིན་ཏུ་བདེ་སྐྱིད་ལྡན་པ་ཞིག་རེད། ཁྱིམ་བདག་འདི་རིགས་ཀྱིས་བྱིས་པའི་སེམས་ཁམས་ཀྱི་བདེ་ཐང་དང་བྱ་སྤྱོད་ཐད་མ་སྐུལ་དང་བླངས་ཀྱིས་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་འདུག
གྲོང་ཁྱེར་ཅན་གྱི་ཁྱིམ་བདག་སྐོར་ཞིག་གིས་ཀྱང་། རྣམ་ཀུན་གུང་གསེང་དང་བྲེལ་བ་མི་ཆེ་བའི་སྒང་ལ་བྱིས་པའི་འཚོ་བར་སེམས་ཁུར་བླ་ལྷག་བྱས་ཏེ། རང་བྱུང་ཁམས་དང་ཉེ་བར་བཅར་བ་དང་། འཚོ་བའི་མངར་སྐྱུར་ཁ་གསུམ་ལ་མིག་མཐོང་ལག་ཟིན་གྱིས་མྱོང་རོལ་བྱེད་དུ་བཅུག་སྟེ། བྱིས་པའི་འདུ་ཤེས་དང་བསམ་སྤྱོད་ལ་ཁ་བཤད་ཙམ་མ་ཡིན་པའི་སློབ་གསོ་བསྒོ་བཞིན་མཆིས། འདི་དག་ནི་ཕུལ་བྱུང་གི་ཕ་མ་སྟེ། གང་ཞིག་སྲོལ་རྒྱུན་གྱི་དྭངས་མ་ཡིན་ན་བྱིས་པར་བསྒོ་ཅི་ཐུབ་བྱེད། ཅི་ཞིག་བྱིས་པའི་སེམས་ཁམས་དང་མཐུན་པར་ཡོད་ན། དེ་ཉིད་བྱིས་པར་སྔ་ས་ནས་མྱོང་རོལ་བྱེད་དུ་འཇུག
གསུམ། བྱིས་པའི་གནད་དོན་ནི་ཕ་མའི་གནད་དོན་གྱི་བསྐྱེད་འབྲས་ཡིན།
བྱིས་པ་མང་པོ་ཞིག་གི་སྐྱོན་དེ་ཕ་མ་རང་སྟེང་ན་ཡོད་པ་ཞིག་རེད། དཔེར་ན། དུ་བ་འཐེན་པར་དགའ་བའི་ཕ་ཞིག་གིས་དུ་འཐེན་ལ་གོམས་སྔ་བའི་བུ་ཞིག་སྐྱེད་སྲིང་བྱ་ངེས་ཤིང་། གཙང་སྦྲ་ལ་དོ་སྣང་མེད་པའི་མ་ཞིག་གིས་གཙང་སྦྲ་ལ་མི་དགའ་བའི་བུ་མོ་ཞིག་སྐྱེད་སྲིང་བྱེད་པ་མཐོང་ཆོས་སུ་ཡོད།
འོ་ན། ད་ལྟ། ང་ཚོས་ཇི་ལྟར་རང་ཉིད་ཀྱི་གོམས་གཤིས་བཟང་པོ་བྱིས་པར་བསྒོ་དགོས་ཟེར་ན། ཐོག་མར། རང་གི་ཉེ་འཁོར་གྱི་ཕ་མ་བཟང་པོ་དང་བྱིས་པ་ཡ་རབས་དག་གི་ཕ་མར་ཁ་མིག་ཡར་ལྟོས་བྱ་དགོས། དཔེར་ན། དེང་སྐབས། ཁ་པར་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ང་ཚོའི་འཚོ་བའི་གཏིང་རིམ་ལ་ཞུགས་ཡོད། ཁ་པར་གྱི་གནད་དོན་དེའང་མང་ཤས་ཕ་མའི་བྱས་འབྲས་ལས་བསྐྱེད་པ་དང་། ཕ་མས་ཡང་དག་གི་ཐབས་ནུས་ལྡན་ཞིག་མ་སྤྱད་པས་ལན་པ་རེད། དེའི་སྐོར་ལ། གཅིག་ནས་དུས་ཚོད་ཀྱིས་ཚོད་འཛིན་བྱ་དགོས། གཉིས་ནས་ཁྱིམ་སྲོལ་ཡག་པོ་ཞིག་འཛུགས་གཉེར་ལ་བརྩོན་དགོས། གསུམ་ནས་ཁ་པར་གྱི་རྩེད་འཇོའི་ཚབ་ཏུ་བྱ་བ་གཞན་ཞིག་འཐུས་ཚབ་ཏུ་བཀོད་སྒྲིག་བྱ་དགོས། དེ་ཡང་ཞིབ་ཏུ་སྨྲས་ན། ཁ་པར་གྱི་བཀོལ་ཡུན་ཕ་མས་ཐག་གིས་བཅད་ན་འགྲིག ཉིན་གཅིག་གི་དུས་ནམ་ཞིག་དང་དུས་ཚོད་ག་ཙམ་ལ་ཁ་པར་དང་འབྲེལ་འདྲིས་བྱ་དགོས་པ་སོགས་དང་། དེའི་ཕན་ནས་བྱ་ལས་ཡག་པོ་གཞན་བཀོད་སྒྲིག་བགྱི་བ་ལྟ་བུ། དགོང་ཟས་ལ་རོལ་རྗེས་ཁ་པར་ཨེན་ཙམ་རྩེས་པའི་རྗེས། བཟའ་མི་གང་བོས་རོལ་རྩེད་དང་གནའ་གཏམ་དང་གབ་ཚིག་བཤད་པ་སོགས་མི་རིགས་རང་གི་རིག་གནས་དང་འབྲེལ་བའི་བྱེད་སྒོ་ཁྱད་པར་བ་སྤེལ་བ་དང་། དེའི་རྗེས་ནས་ཚང་མས་ཁ་པར་གནས་གཏན་འཁེལ་དུ་བཞག་རྗེས་དགོང་སྔ་ཉལ་དང་ནངས་སྔ་ལངས་སོགས་ཀྱི་ཁྱིམ་སྲོལ་ཡག་ཤོས་ཆགས་སུ་འཇུག་དགོས།
བཞི། རྒྱུགས་འབྲས་བཟང་པོ་ནི་ཕ་མ་དང་བུ་ཕྲུག དགེ་རྒན་བཅས་ཀྱི་མཉམ་འབྲེལ་བཟང་པོར་རག་ལས།
སྤྱིར་བཏང་། སྤུས་ཚད་སློབ་གསོ་དང་རྒྱུགས་འབྲེལ་སློབ་གསོ་གཉིས་ཕན་ཚུན་སྤང་འགལ་ཞིག་གཏན་ནས་མིན། རྒྱུགས་འབྲེལ་སློབ་གསོ་ནི་རྨང་གཞི་དང་སྤུས་ཚད་སློབ་གསོ་ནི་མཐར་ཐུག་གི་དམིགས་འབེན་ཡིན་ན་འགྲིག་ཅིང་། དེ་ཡང་ཕན་ཚུན་མཐུན་བསྡེབས་སུ་གནས་པས་མཉམ་སྤེལ་མཉམ་སྒྲུབ་དང་ཕན་ཚུན་སྐུལ་འདེད་གཏང་ཐུབ་པ་ཞིག་ཡིན་འོས།
ཉིས་སྟོང་ཉེར་བཞི་ལོའི་སྡོམ་རྩིས་ཤིག་ལས་མཐོང་གསལ། རང་རྒྱལ་དུ་ནར་མ་སོན་པའི་མི་བྱེ་བ་གཅིག“འཁྱམ་ལྡོམ”གྱི་རྣམ་པར་ལུས་ཡོད། འཁྱམ་ལྡོམ་ཞེས་པ་ནི་སློབ་གྲྭ་ཆུང་འབྲིང་ལས་བུད་དེ་དཔེ་ཆ་བཀླག་མི་འདོད་པར་སློབ་བཤོལ་བྱས་པའི་མིར་གོ་ཞིང་། གནས་ངེས་མེད་དུ་དམིགས་འབེན་མེད་ཅིང་ངེས་གཏན་གྱི་བྱ་བ་མེད་པར་འཁྱམས་ཤིང་ལྡོམ་པའི་རིགས་སོ། །དེ་དག་ལས། བརྒྱ་ཆའི་དགུ་བཅུ་གོ་བཞི་ནི་སློབ་སྦྱོང་ལ་ཞན་པ་ཤ་སྟག་ཏུ་མཐོང་། དེ་ཡང་རྒྱུགས་འབྲས་ཞན་པ་དང་། སློབ་ལ་སུན་པ། སློབ་ལ་གཡོལ་བ། ཁྱིམ་ནས་མི་སྡོད་པ་སྟེ། སློབ་མའི་སྤྱོད་ངན་རིགས་བཞི་ནི་ཁོ་ཚོའི་རྒྱུད་ན་གསལ་ལེར་ཡོད། འོ་ན། སྐྱོན་ངན་དེ་དག་ཇི་ལྟར་བྱུང་བ་རེད་ཅེ་ན། ང་ཚོས་སླར་ཡང་ཁྱིམ་བདག་དང་སློབ་གྲྭའི་བར་གྱི་ངོས་ནས་འདང་བརྒྱག་དགོས།
མཐར་གཏུགས་ན་རྒྱུགས་འབྲེལ་སློབ་གསོ་དང་སྤུས་ཚད་སློབ་གསོ་གཉིས་ལ་ངོས་འཛིན་ཡང་དག་མ་བྱས་པས་ལན། སློབ་མའི་ཤེས་བྱའི་རྒྱུགས་འབྲས་ཞན་ནའང་སྤྱོད་ལམ་དག་ན། དེའི་རྒྱུད་ཀྱི་ཡོན་ཏན་དེར་སུས་ཀྱང་སློབ་སྦྱོང་བྱས་ན་འགྲིག དགེ་རྒན་གྱིས་མཐེ་བོང་བསྒྲེང་ན་འོས། འདི་ལྟར་བྱས་པའི་མཐའ་ལ། སློབ་མ་གང་དེས་ཀྱང་རང་ལ་ཡིད་ཆེས་བསྐྱེད་དེ་བསླབ་ལ་བརྩོན་པར་ངེས། འདི་ནི་ང་ཚོའི་དམིགས་ཡུལ་ཡིན།
མདོར་ན། ཁྱིམ་ཚང་སློབ་གསོ་ཞེས་པ་དེ་ཕ་མ་གཉིས་ཀྱིས་བསྐྲུན་པའི་ཁྱིམ་སྲོལ་ལ་འབྲེལ་འདུག་ཅིང་། ཁྱིམ་སྲོལ་དེའང་ཕ་མ་གཉིས་གཙོས་གཉེན་ཉེ་ཀུན་གྱི་བྱ་སྤྱོད་དང་ཁ་ཏ་སློབ་གསོ་སོགས་ལ་འབྲེལ་འདུག་ཕྱིར། ང་ཚོས་བྱིས་པའི་མདུན་སར། རྣམ་ཀུན་ཡ་རབས་སྤྱོད་བཟང་གི་རྣམ་ཐར་སྐྱོང་དགོས། རང་གི་བྱ་ལས་སྤྱོད་སྟངས་ཀྱིས་བྱིས་པའི་བྱ་བྱེད་དང་སེམས་ཁམས་སོགས་ལ་ཤུགས་རྐྱེན་ཡག་པོ་འཇོག་དགོས། འདི་ནི་ཡི་གེ་ཤེས་མིན་དང་དབུལ་ཕྱུག་མཐོ་དམན་སོགས་ལ་ཁྱད་པར་ཡེ་ནས་མེད་དོ། །

འབྲེལ་ཡོད་འོས་སྦྱོར།