༄༅། །བོད་བཙན་པའི་སྐབས་ཀྱི་ཆོས་ལུགས་དང་མ་འབྲེལ་བའི་མི་ཆོས་ཀྱི་རྩ་དོན།
རྩོམ་པ་པོ།:བསོད་ནམས་ཡར་འཕེལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-03-05
ཀློག་གྲངས།:
༡ བདེ་སྐྱིད་ཀྱི་རྩ་བ་གང་ཡིན།
ལན། སེམས་ཀྱི་བདེ་བ་ཡིན།
༢ བྱ་བའི་གཞུང་ཤིང་གང་གིས་འཛིན་དགོས།
ལན། དྲང་བདེན་གྱིས་འཛིན་དགོས།
༣ ཡུལ་ཁམས་བདེ་བའི་རྩ་བ་གང་ཡིན།
ལན། དྲང་བདེན་ཅན་ལ་བརྩི་བཀུར་ཐོབ་པ་དེའོ། །
༤ རང་ཉིད་ཡོན་པའི་ལམ་དུ་འགྲོ་བའི་གནད་རྩ་གང་ཡིན།
ལན། ནོར་ཡིད་དུ་འོང་བ་དང་། ཟས་ཞིམ་པོར་ཆགས་པ་ཡིན།
༥ འཛངས་པ་བྱ་བ་གང་འདྲ་ཞིག་ཡིན།
ལན། ཤེས་བྱའི་གནས་ལ་མཁས་པ་དང་། མཐོ་དམན་ཀུན་ལ་སྙོམས་པའོ། །
༦ མི་སྒམ་པོ་བྱ་བ་ཇི་ལྟར་བྱ་དགོས།
ལན། བདག་བསྟོད་གཞན་སྨད་མི་བྱ་བར་བཟང་ཤོང་ངན་ཤོང་ཅན་གྱི་ཟུངས་ཐུབ་པ་ཡིན།
༧ བྱ་བ་ཇི་ལྟར་བསྒྲུབ་དགོས་པ་ཡིན།
ལན། ཐོག་མར་ནས་ཞིབ་ཆ་དང་བརྗོད་ཚུལ་གསལ་པོས་གྲོས་ཁ་བྱེད་དགོས།
༨ གྲོས་ཇི་ལྟར་བྱ་དགོས་པ་ཡིན།
ལན། ཤེས་རབ་ཅན་གྱིས་རང་ལ་གྲོས་བྱ་བ་དང་། ཡིད་ཆེས་ཅན་གྱིས་གྲོགས་ལ་གྲོས་བྱ་བ། དཀྱེལ་ཡང་ཅན་གྱིས་བྱིངས་ལ་གྲོས་བྱ་བའོ། །
༩ བྱ་བ་ཇི་ལྟར་བསྒྲུབ་དགོས་པ་ཡིན།
ལན། བྱ་བ་གང་ཞིག་ཡིན་ཡང་རྩ་བའི་གནད་མདོ་གང་ཡིན་བརྟགས་ནས་དེ་མ་ཤོར་བར་བསྒྲུབ་དགོས། ཡང་ན། ཉམས་མྱོང་ཅན་དང་བྱ་བ་བསྒྲུབ་ཚུལ་ཤེས་པ་རྣམས་ལ་དྲིས་ན་དེ་ཡང་བཟང་།
༡༠ གྲོགས་དང་ཇི་ལྟར་འགྲོགས་དགོས་པ་ཡིན།
ལན། གཞན་གྱིས་རང་ལ་ཚིག་བཟང་ངན་གང་སྨྲས་ཀྱང་འཕྲལ་དུ་ལན་གྱིས་སུན་མི་དབྱུང་བར་བློ་གུ་ཡངས་ཤིང་ཚིག་ཤོང་ཆེ་བར་བྱའོ། །
༡༡ འཁོར་འབངས་བདེ་བར་ཇི་ལྟར་སྐྱོང་དགོས་པ་ཡིན།
ལན། རྡོག་རྩ་གཅིག་སྒྲིལ་དང་། ཤ་ཞེན་དང་། ཚུགས་བརྟན་པོ་དང་། སེམས་མཐུན་པོར་བྱ་དགོས།
༡༢ ཕ་མ་སོགས་ལ་སྲི་ཞུ་ཇི་ལྟར་བྱ་དགོས་པ་ཡིན།
ལན། བུ་ཚས་ཕ་མ་ལ་འགྱོད་པ་མེད་པ་བྱ་ནུས་ན་སྲི་ཞུའི་མཆོག་ཡིན།
༡༣ བུ་ཕྲུག་སྙོར་སྐྱོང་ངམ་སྐྱེད་སྲིང་གི་བྱ་བ་ཇི་ལྟར་བྱ་དགོས།
ལན། སེམས་རྒྱུད་དྲང་ཞིང་མིའི་ཆོས་ལུགས་མ་ནོར་བར་ཤེས་པའི་ཤེས་རབ་དང་ལྡན་པའི་གཤིས་རྒྱུད་སྦྱིན་ན། དེ་བས་ཆེ་བ་མེད།
༡༤ ནོར་ལ་ལོངས་སྤྱོད་ཇི་ལྟར་བྱ་དགོས་པ་ཡིན།
ལན། ཆོག་ཤེས་ཀྱིས་གཟུང་དགོས།
སྙན་ངག་ལ་སོགས་པ་ཡི་གེ་བཟང་པོ་འཆང་ཞིང་། བཀླག་ཏུ་བཅུག་ན་འཛངས་ཀྱི་སྣོད་དུ་རུང་ངོ་། །

འབྲེལ་ཡོད་འོས་སྦྱོར།