ས་སྐྱ་ལེགས་བཤད་ལས་དེང་རབས་སློབ་གསོའི་ལྟ་བ་མདོར་ཙམ་གླེང་བ།
རྩོམ་པ་པོ།:རྣམ་སྒྲོལ་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-07-11
ཀློག་གྲངས།:
ས་པཎ་མཆོག་གིས་མཛད་པའི་ས་སྐྱ་ལེགས་བཤད་འདི་ནི་བོད་ཀྱི་ལེགས་བཤད་ཐོག་མ་དང་རིག་གནས་ཀྱི་ཉིང་བཅུད་འདུས་པའི་སློབ་གསོའི་སྐོར་གྱི་ལེགས་བཤད་ཅིག་རེད། ཕལ་ཆེར་ལོ་ངོ་བདུན་བརྒྱའི་ཡར་སྔོན་དུ་བརྩམས་པའི་ལེགས་བཤད་འདི་ནི་ད་ལྟ་འཛམ་གླིང་ཡོངས་སུ་དར་སྤེལ་བྱེད་བཞིན་པའི་ཚེ་གང་སློབ་གསོ་དང་མི་ཆོས་སློབ་གསོའི་ཁ་ཕྱོགས་དང་ཡང་ཤིན་ཏུ་འཕྲོད་པས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན།
དང་པོ། ཚེ་གང་སློབ་གསོ།
མི་རིགས་གང་དང་རྒྱལ་ཁབ་གང་ལ་མཚོན་ནའང་སྲིད་འབྱོར་རིག་གསུམ་སོགས་མི་འདྲ་བའི་དབང་གིས་སློབ་གསོ་ཞེས་པ་ལའང་གོ་དོན་མི་འདྲ་བ་རེད། རང་རེའི་བོད་ལ་མཚོན་ན་སྔོན་ཆད་ནང་པ་སངས་རྒྱས་པའི་ཆོས་གཞུང་འདི་བོད་དུ་མ་དར་སྔོན་ལ་གཙོ་བོ་འཇིག་རྟེན་མི་ཆོས་ལྟེ་བ་བྱས་པའི་སློབ་གསོ་ཞིག་ཡིན་པ་སྨྲོས་མ་དགོས། དཔེར་ན། ད་ལྟའི་ཏུན་ཧོང་ཡིག་ཚང་ལས་མངོན་པ་ལྟར་ཕུ་ནུའི་མདོ་དང་མགུར་སོགས་ལ་གཟིགས་ན་གསལ་པོ་ཞིག་ཧ་གོ་ཡོང་བ་རེད་སྙམ། དེ་ནི་གཙོ་བོ་སྐབས་དེའི་སྤྱི་ཚོགས་ལ་འཚམ་པའི་སློབ་གསོ་དང་ལེགས་བཤད་འཁྲུལ་མེད་ཅིག་ཡིན་ལ། དེའི་ནང་དོན་ལ་གཞིགས་ན་འཇིག་རྟེན་འདིའི་མིའི་སྤྱོད་སྟངས་དང་འགྲོ་ལུགས། མི་བཅའ་སྟངས་དང་མི་གཞན་ལ་འབྲེལ་བ་བྱེད་སྟངས་སོགས་བརྗོད་བྱ་ཤིན་ཏུ་རྒྱ་ཆེན་པོ་ཡོད་པ་རེད།
རྒྱུན་རིང་བའི་སློབ་གསོ་དེ་ས་སྐྱ་ལེགས་བཤད་ཁྲོད་དུ་སློབ་སྦྱོང་ལ་གདམས་པའི་སྐབས་སུ་ཤིན་ཏུ་མང་པོ་གསུངས་ཡོད། དེ་ནི་ད་ལྟའི་ཚེ་གང་སློབ་གསོ་ཟེར་བ་དེ་དང་ཡོངས་སུ་མཐུན་འདུག་སྙམ། དེང་དུས་ཁྱབ་གདལ་དུ་འགྲོ་བཞིན་པའི“ཚེ་གང་སློབ་གསོ”ཟེར་བ་དེ་ནི་ཐ་སྙད་གསར་པ་ཞིག་རེད་ལ། དེའི་ཡོང་ཁུངས་ནི་ནུབ་ཕྱོགས་ཀྱི་སྐད་ཆ་ནས་རྒྱ་ཡིག་ཏུ་བསྒྱུར་བ་དང་། རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན་པ་དང་། རྒྱ་སྐད་དུ“终生教育”ཟེར་གྱིན་འདུག སྤྱིར་མི་ཞིག་གིས་སློབ་གསོ་མྱོང་བའི་དགོས་དོན་གྱི་ངོས་ནས་བལྟས་ན། རང་གི་འཚོ་བའི་དཀའ་ངལ་སེལ་ཐུབ་རྒྱུ་དེ་ཙམ་མ་ཡིན་པར་ཚེ་གང་སློབ་གསོ་མྱོང་དོན་ནི་མིའི་ཤེས་རབ་ཀྱི་འཕེལ་རྒྱས་ལ་མཐའ་མེད་པས། ང་ཚོས་ལོ་ཉི་ཤུ་ལ་སློབ་སྦྱོང་བྱས་ན་དེའི་ཚོད་ཀྱིས་ཡར་རྒྱས་སུ་འགྲོ་བ་དང་། ལོ་སུམ་ཅུར་སློབ་སྦྱོང་བྱས་ན་དེའི་ཚོད་ཀྱིས་ཡར་རྒྱས་སུ་འགྲོ་བ་རེད། ཡང་དེ་བཞིན་དུ་ཚེ་གང་བོར་སློབ་སྦྱོང་བྱས་ན་དེའི་ཚོད་ཀྱི་གྲུབ་འབྲས་ལོན་ངེས་པ་རེད། དེ་ནི་སློབ་གསོའི་ལྟ་བ་ལས་ཀྱང་མངོན་པར་གསལ་ལ། ས་པཎ་ལགས་ཀྱིས་མཛད་པའི་ལེགས་བཤད་འདིའི་ནང་དུ“རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །”ཞེས་བརྗོད་ཡོད།
སློབ་སྦྱོང་བྱེད་མཁན་ཞིག་ལ་མཚོན་ན། སློབ་སྦྱོང་བྱེད་པ་དེ་ནི་ངེས་གཏན་གྱི་དུས་ཚོད་ཅིག་གི་ནང་དུ་བསླབས་ནས་རྫོགས་འགྲོ་བ་ཞིག་གཏན་ནས་མིན་པར། ཤེས་བྱ་ནི་མཐའ་ཡས་པ་ཞིག་ཡིན་པས་ཚེ་གང་བོར་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་བྱེད་པའམ་རིག་པ་སློབ་པ་ནི་ཐ་ན་སང་ཉིན་འཆི་བར་ངེས་ཀྱང་དེ་རིང་ད་དུང་སློབ་དགོས་ལ། དེའི་རྒྱུ་མཚན་ནི་རིག་པ་བསླབས་ཏེ་བག་ཆགས་རེ་བཞག་ན། ཚེ་འདི་ལ་མཁས་པར་མ་གྱུར་ཀྱང་སྐྱེ་བ་ཕྱི་མར་གཞན་ལ་བཅོལ་བའི་དངོས་པོ་ཞིག་ཚུར་ལེན་པ་དང་འདྲ་སྟེ། དེ་ནི་དཔེར་ན་རང་ཉིད་ཀྱི་ཅ་ལག་ཅིག་ཁྱིམ་ཚང་གཞན་དུ་བཅོལ་རྗེས། གནས་གཞན་ལ་སོང་ནས་དུས་ཡུན་ངེས་ཅན་ཞིག་འགོར་ཡང་རང་ཉིད་ཕྱིར་ཐོན་དུས་ཅ་ལག་དེ་ཚུར་ལེན་ཆོག་པ་ལྟ་བུ་ཡིན་པར་གསུངས་འདུག
གཉིས་པ། ཀུན་སྤྱོད་སློབ་གསོ།
མི་ཆོས་ཀུན་སྤྱོད་བསམ་བློ་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་བ། ནང་དོན་ཕུན་སུམ་ཚོགས་པ། རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ་བ་ཞིག་རེད། མི་ཆོས་ཀུན་སྤྱོད་བསམ་བློ་ནི་བོད་ཀྱི་རིག་གནས་སྲོལ་རྒྱུན་དང་བསམ་པའི་དཔལ་ཡོན་གྱི་གྲུབ་གཞི་གཙོ་བོ་ཞིག་རེད། དེས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མི་དང་མིའི་བར་གྱི་མཛའ་བརྩེ་འབྲེལ་བ་དམ་ཟབ་ཏུ་གཏོང་བ་དང་། མི་རྣམས་ཀྱི་སྤྱོད་ཚུལ་ལེགས་ལམ་ཚད་ལྡན་དུ་སྐུལ་བ། སྤྱི་ཚོགས་གོང་འཕེལ་དང་བསམ་པའི་དཔལ་ཡོན་མཐོ་འདེགས་སུ་གཏོང་བ་སོགས་ལ་དགེ་མཚན་ཇི་སྙེད་ལྡན།
དུས་རབས་བཅུ་གསུམ་པའི་དཀྱིལ་དུ་བྱུང་བའི་ས་སྐྱ་ལེགས་བཤད་ནི་བོད་ཡུལ་དུ་གྲགས་པ་ཤིན་ཏུ་ཆེ་ལ། བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་པའི་བརྩམས་ཆོས་ཤིག་རེད་ལ། དེས་བོད་མིའི་མི་ཆོས་ཀུན་སྤྱོད་བསམ་བློ་དང་ཀུན་སྤྱོད་རྣམ་གཞག་ལ་ཤན་ཤུགས་ཤིན་ཏུ་ཆེན་པོ་ཐོན་ཡོད། ས་སྐྱ་ལེགས་བཤད་ལས་བསྟན་པའི་མི་ཆོས་ཀུན་སྤྱོད་བསམ་བློ་ཧ་ཅང་ཁྱབ་ཆེ་ཞིང་ཕུན་སུམ་ཚོགས་པ་ཞིག་རེད། ས་སྐྱ་ལེགས་བཤད་ཀྱི་མི་ཆོས་ཀུན་སྤྱོད་བསམ་བློའི་ལོ་རྒྱུས་ཀྱི་དོན་སྙིང་དང་རིན་ཐང་ལེགས་པར་རྟོགས་པ་ལ་ལེགས་བཤད་འདི་ལས་བསྟན་པའི་དྲང་བདེན། བཀུར་བསྟི། སྙིང་རྗེ། བརྩོན་འགྲུས། ཞི་འཇམ། ཤེས་རབ་ལ་དགའ་བ། མཛའ་བཤེས་ལ་ཕྱི་ཐག་རིང་བ་སོགས་འཇིག་རྟེན་མི་ཆོས་ཀྱི་གཞུང་གཞི་དང་ཀུན་སྤྱོད་ཀྱི་རྣམ་གཞག་སྔོག་འདོན་དང་རྟོག་ཞིབ་བྱེད་དགོས་པ་དང་། དེ་ལྟ་བུའི་བསམ་བློའི་དོན་སྙིང་དེས་མི་ཆོས་བསམ་བློ་དང་ཐ་ན་ཤེས་རིག་ལོ་རྒྱུས་ཀྱི་འཕེལ་རིམ་གྱི་ཁྲོད་དུ་ཐོན་པའི་བྱེད་ནུས་དང་ཟིན་པའི་གོ་གནས་ལ་ངེས་རྟོགས་དང་ཞིབ་དཔྱོད་བྱས་པ་བརྒྱུད། དེའི་རིན་ཐང་དང་དོན་སྙིང་རྟོག་པར་བྱ་རྒྱུ་ནི་ཞིབ་འཇུག་གི་གནད་འགངས་ཆེན་ཞིག་ཏུ་གྲུབ་ཡོད།
དེ་ཡང་ད་ལྟའི་ཀུན་སྤྱོད་ཅེས་པ་ནི་མི་རྣམས་ཀྱི་སྤྱོད་ལམ་འཆལ་བ་བསྡོམས་པའམ་སྤྱི་མཐུན་གྱི་འཚོ་བའི་ཁྲོད་དུ་རང་རྟོགས་ཀྱིས་སྲུང་དགོས་པའི་འདུ་ཤེས་ཤིག་ལ་གོ «རྒྱ་ཡིག་ཚིག་མཛོད»(汉语词典)ནང་། ཀུན་སྤྱོད་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་སྟེ་སྤྱི་ཚོགས་ངེས་ཅན་ཞིག་གི་ནང་མི་དང་མིའི་བར་དང་། མི་དང་སྤྱི་ཚོགས་བར་དུ་ཕན་ཚུན་འབྲེལ་བ་བྱེད་སྐབས་ཀྱི་སྤྱོད་ལམ་ཚད་ལྡན་དུ་གཏོང་བའི་འདུ་ཤེས་ཤིག་ལ་ཟེར། དེ་ནི་ལེགས་ཉེས་དང་བདེན་རྫུན། འགྲིག་ནོར་ལ་སོགས་པའི་སྤྱོད་ལམ་མི་འདྲ་བ་ལ་གདེང་འཇོག་དང་། མི་དང་མི་ཡི་འབྲེལ་བར་འདུམ་སྒྲིག་བྱེད་པ་ལ་བརྟེན་ནས་རིམ་བཞིན་སྤྱི་མཐུན་གྱི་འདུ་ཤེས་ངེས་ཅན་ཞིག་གམ་གོམས་སྲོལ་ངེས་ཅན་ཞིག་ཆགས་པར་ནུས་པ་འདོན་ནོ། །དེ་བཞིན་དུ་གནའ་བོའི་བོད་མི་རིགས་ཀྱི་མཛེས་དཔྱོད་ཀྱི་ལྟ་བར་རིགས་མཐོ་བ་དང་རྒན་པར་བཀུར་བསྟི་བྱེད་པ། ཕ་མར་གཟོ་བ་དང་ཉེ་དུ་ལ་བྱམས་པ། ཡ་རབས་ཚུལ་ལྡན་དང་གཞུང་དྲང་ཟོལ་མེད། རྒྱུ་འབྲས་བརྩི་ཞིང་ངོ་ཚ་ཤེས་པ་སོགས་ཀྱི་ཀུན་སྤྱོད་བཟང་བོ་ལ་རྗེས་སུ་ཡི་རངས་དང་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་གནང་ཡོད།
དེ་ཡང་ས་པཎ་མཆོག་གིས་ཀྱང་སྐབས་དེའི་སྤྱི་ཚོགས་ལ་དམིགས་ནས་བླང་དོར་གྱི་གནས་ལ་མི་རྨོངས་པ་དང་། ཚུལ་མཐུན་གྱི་མི་ཞིག་བྱེད་དགོས་པ་ལ་མི་ཆོས་ཀུན་སྤྱོད་ཀྱི་སློབ་གསོ་དང་ལྡན་པའི«ས་སྐྱ་ལེགས་བཤད»བརྩམས་མཛད་གནང་བ་དང་། དེའི་ནང་དུ་དཔེར་ན། གཞུང་དྲང་སྲོལ་བཟང་གི་ཀུན་སྤྱོད་སློབ་གསོའི་སྐོར་ཏེ། “ཧ་ཅང་གཡོ་སྒྱུ་མང་དྲག་ན། །རེ་ཞིག་གྲུབ་ཀྱང་མཐའ་མར་བརླག །གཟིག་ལྤགས་བཀབ་པའི་བོང་བུ་ཡིས། །ལོ་ཏོག་ཟོས་མཐར་གཞན་གྱིས་བསད། །”ཅེས་གཡོ་དང་རྫུན་ལ་བརྟེན་ན་བྱ་བ་དེ་རེ་ཞིག་འགྲུབ་ཀྱང་མཐའ་མར་རང་ཉིད་བརླག་རྒྱུ་ཡིན་པ་བསྟན་ནས། བྱ་བ་ཅི་ཞིག་བསྒྲུབས་ཀྱང་དྲང་བདེན་གྱི་ཐབས་ལ་བརྟེན་དགོས་པ་གསུངས་ཡོད། ད་དུང་རྒྱལ་སྐྱོང་གི་སློབ་གསོའི་སྐོར་ཡོད་ལ། དཔེར་ན། “རྒྱལ་པོ་ཤིན་ཏུ་མང་མོད་ཀྱི། །ཆོས་བཞིན་སྐྱོང་བ་ཤིན་ཏུ་ཉུང་། །མཁའ་ལ་ལྷ་གནས་མང་ན་ཡང་། །འོད་གསལ་ཉི་ཟླ་ལྟ་བུ་མེད། །”ཅེས་དང་།“ཇི་ལྟ་ཇི་ལྟར་རྗེ་དཔོན་གྱིས། །འཁོར་ལ་དྲིན་གྱིས་བསྐྱངས་གྱུར་པ། །དེ་ལྟ་དེ་ལྟར་འཁོར་གཡོག་རྣམས། །རྗེ་དཔོན་ཉིད་ཀྱི་བྱ་བ་སྒྲུབ། །”ཅེས་རྒྱལ་པོ་མང་ཡང་ཆོས་བཞིན་སྐྱོང་མཁན་ཉུང་བའི་ཕངས་སེམས་དང་། རྗེ་དཔོན་རྣམས་ཀྱིས་རང་ཉིད་ཀྱི་འཁོར་འབངས་རྣམས་དྲིན་དང་བྱམས་ཀྱིས་བསྐྱངས་གྱུར་ན། འབངས་རྣམས་ཀྱིས་ཀྱང་བསམ་པ་རྣམ་དག་གིས་རྒྱལ་ཁམས་སྤྱི་ལ་ཕན་པའི་དོན་དེ་གཉེར་བར་བྱེད་ལ། རྗེ་བོའི་བསམ་དོན་ཡང་རིམ་གྱིས་འགྲུབ་པའི་གནས་ལུགས་བསྟན་ཡོད། འདི་དང་འདི་ལྟ་བུའི་ལེགས་བཤད་རྫོགས་མེད་ཡོད་པ་རེད། ཡོངས་སུ་འདི་རུ་བཀོད་ན་ཡིག་ཚོགས་མང་བར་བསམས་ནས་བསྡུས་པ་ཡིན། མདོར་ན། ས་སྐྱ་ལེགས་བཤད་ནི་མི་ཆོས་ཀུན་སྤྱོད་སྟོན་པའི་ལེགས་བཤད་གཏེར་མཛོད་ལྟ་བུ་ཡིན་ནོ། །

འབྲེལ་ཡོད་འོས་སྦྱོར།