སྒྲུང་འགྲེལ་སློབ་གསོའི་དུས་རབས་དང་འབྱུང་འགྱུར་གྱི་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ།:རྒྱ་ལོ་དོན་འགྲུབ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-12-05
ཀློག་གྲངས།:
སྤྱིར་སྒྲུང་འགྲེལ་སློབ་གསོ(案例教育)ཞེས་པ་ནི། སྒྲུང་གཏམ་མམ་གཏམ་རྒྱུད་ངོ་མ་རྟེན་གཞི་ཡིན་པས་སློབ་མའི་བསམ་པའི་ཤེས་རིག་དང་གོ་རྟོགས་མཐོ་རུ་གཏོང་བ་དང་། སློབ་མ་གཙོ་གཞིའམ་ཡོད་ཚད་སློབ་མའི་ཆེད། དགེ་རྒན་གཙོ་ཁྲིད་བྱེད་པའི་ཟུར་ཚད་ནས་སློབ་དང་ཁྲིད་ཀྱི་གོ་རིམ་ཧྲིལ་པོར་དོན་དངོས་གཏམ་རྒྱུད་ཀྱིས་གསོན་ཤུགས་རྒྱས་པར་བྱེད་པའི་སློབ་ཁྲིད་བྱེད་ཐབས་ཁྱད་པར་བ་ཞིག་རེད། ཟུར་གཞན་ཞིག་གི་ངོས་ནས་བརྗོད་ན་སྒྲུང་གིས་ཁྲིད་ཀྱི་སློབ་གསོ་སྟོན་ལ། ཁྲིད་ནི་སློབ་གསོའི་རྣམ་པ་ཞིག་དང་། སྒྲུང་གཏམ་དེ་སློབ་ཁྲིད་ཀྱི་ཡོ་བྱད་ཅིག་རེད། དེས་མིའི་ནུས་ཤུགས་གསར་སྤེལ་དང་བྱིས་པའི་མདུན་ལམ། འཇོན་ནུས་སྐྱེད་སྲིང་སོགས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་བཏོན་དང་འདོན་བཞིན་ཡོད།
སྤྱི་ཚོགས་འཕོ་འགྱུར་གྱི་དབང་གིས་དུས་རབས་སོ་སོའི་སློབ་གསོ་ལ་ཐུན་མིན་གྱི་ཁྱད་ཆོས་ཡོད་ཅིང་། དེས་མིའི་ཤེས་བྱའི་སྤུས་ཚད་དང་། ངལ་རྩོལ་རྩལ་ནུས་ཀྱི་སྤུས་ཚད། བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་སོགས་ལ་རེ་བ་མི་འདྲ་བ་འདོན་བཞིན་ཡོད་དེ། དཔེར་ན་གནའ་རབས་ཀྱི་སྒྲུང་འགྲེལ་སློབ་གསོས་བྱིས་པའི་ཀུན་སྤྱོད་སློབ་གསོ་ལ་གཙིགས་ཆེན་དང་། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་སྒྲུང་འགྲེལ་སློབ་ཁྲིད་ཀྱིས་ཀུན་སྤྱོད་སློབ་གསོའི་རྨང་གཞིའི་སྟེང་སྤུས་ཚད་སློབ་གསོར་ཤུགས་སྣོན་བྱེད་ལ། དུས་རབས་ཉེར་གཅིག་པའི་སྒྲུང་འགྲེལ་སློབ་ཁྲིད་ཀྱིས་སློབ་དང་ཁྲིད་ཀྱི་གོ་རིམ་ཧྲིལ་པོར་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་མཐོར་འདེགས་གཏོང་བར་གཙིགས་ཆེན་བྱེད་བཞིན་ཡོད་པས། དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་ལྡན།
གཅིག སྒྲུང་འགྲེལ་སློབ་གསོའི་དུས་རབས་ཀྱི་ཁྱད་ཆོས།
སྤྱི་ཚོགས་གོང་ནས་གོང་དུ་འཕེལ་བའི་རིག་ནུས་ཀྱི་དུས་རབས་འདིར། རྒྱལ་ཁབ་གང་དང་མི་རིགས་གང་ཡིན་རུང་དེའི་རིག་གནས་ནི་རང་རྐྱ་ཐུབ་པའི་ངང་སྒེར་ཚུགས་སུ་གནས་ཐབས་བྲལ་ལ། མི་རིགས་ཀྱི་རིག་གནས་ནི་འཛམ་གླིང་གི་ཡིན་ཞེས་པ་ལྟར་གཙོ་བོ་རིག་གནས་སྣ་མང་མཉམ་འདྲེས་ཀྱིས་གཅིག་གྲོགས་གཅིག་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། ལྷག་པར་མི་སྒེར་ལ་མཚོན་ན། སྤྱི་ཚོགས་སྟེང་རྐང་ཚུགས་ཐུབ་པའི་མི་བུ་ཞིག་ཏུ་འགྱུར་བསམ་ན་ཤེས་ཡོན་ལ་བརྟེན་དགོས་ཤིང་། ཤེས་རབ་ཀྱང་མི་བུ་གང་དེའི་ཐོས་བསམ་ལ་རག་ལས་ཏེ། དེའང་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི«ཤེས་རབ་དང་རྨོངས་པ»ཞེས་པར“ཤེས་རབ་མེད་ན་ཡོན་ཏན་མེད། །ཐོས་པ་མེད་ན་ཤེས་རབ་མེད། །”ཅེས་པ་ལས་གསུངས་པ་ལྟར་རོ། །དེའི་ཕྱིར་རིག་གནས་མཉམ་འདྲེས་ཀྱི་དུས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲོད་དུ་དུས་རབས་གསར་པའི་མི་བུ་ཞིག་ཏུ་འགྱུར་བར་བརྩོན་རྒྱུ་ནི་ཤིན་ཏུ་གལ་ཆེ། ཡང་དགེ་རྒན་ཞིག་ལ་མཚོན་ན། ཐོས་པ་ལ་བརྩོན་པའི་སློབ་མ་གསོ་སྐྱོང་བྱེད་རྒྱུ་ནི་དུས་རབས་འཕེལ་རྒྱས་ཀྱིས་བཏོན་པའི་བླང་བྱ་གལ་ཆེན་ཞིག་ཡིན་ཕྱིར། མི་བུ་གང་འདྲ་ཞིག་གསོ་སྐྱོང་བྱེད་པར་སློབ་གསོ་ནི་གཞི་རྩ་ཡིན་པས། གླེང་བྱའི་སྒྲུང་འགྲེལ་སློབ་གསོ་ནི་འདི་ཉིད་ལག་ཏུ་བསྟར་བའི་ཐབས་ལམ་གལ་ཆེན་དང་སྲོག་ཤིང་ལྟ་བུར་གྱུར་ཡོད། ཡང་སློབ་གསོའི་གྲུབ་ཆའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་འགྱུར་ཐུབ་མིན་ནི་སློབ་ཁྲིད་ཡོ་བྱད་དང་སློབ་ཁྲིད་བྱེད་ཐབས་ཐད་གསར་གཏོད་བྱས་པ་ལས་མཚོན་ཞིང་། སྒྲུང་འགྲེལ་སློབ་གསོས་སློབ་མའི་གསར་གཏོད་ཀྱི་ནུས་པ་དང་བསམ་གཞིགས་ནུས་པ། བློ་སྒོ་འབྱེད་པའི་ནུས་པ་སོགས་སྐྱེད་སྲིང་བྱེད་ལ། དེ་ནི་དེང་རབས་སློབ་གསོ་དང་འབྱུང་འགྱུར་སློབ་གསོ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་ས་ཉག་གཅིག་རེད། འབྱུང་འགྱུར་གྱི་སྤྱི་ཚོགས་ནི་དཔལ་ཡོན་གྱི་དུས་དང་ཤེས་ཡོན་པའི་དུས་ཡིན་པས། ང་ཚོས་དཔེ་ངོས་ཀྱི་ཤེས་བྱ་ཁོ་ན་བསླབས་པས་མི་ཆོག་པར་ལག་ལེན་དུ་བཏབ་ནས་རང་གི་རྩལ་ནུས་ཤིག་ཏུ་འགྱུར་རྒྱུ་ནི་འབྱུང་འགྱུར་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་མི་སྣ་ཡིན་ཞིང་། རྒན་གཅན་རོང་བསྟན་འཛིན་གྱིས“དཔེ་ངོས་ཀྱི་ཤེས་རིག་ཁོ་ན་གཙིགས་སུ་འཛིན་པའི་སློབ་གསོ་སྤེལ་ཚེ། དོན་དངོས་ཀྱི་འཚོ་བ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དག་ལ་བར་ཐག་ངེས་ཅན་ཞིག་ཤོར་བས་དཔེ་སྟེང་བྲོ་གར་བ་མང་པོ་འབྱུང་ངེས་ཡིན་པས། སློབ་གསོ་དུས་རབས་དང་བསྟུན་ནས་མདུན་སྐྱོད་བྱེད་པར་གཙིགས་ཆེན་བྱེད་དགོས།”ཞེས་པ་ལྟར་རང་གི་ཤེས་བྱ་རྩལ་ནུས་སུ་འགྱུར་རྒྱུ་ནི་སྤྱི་ཚོགས་ཀྱིས་ང་ཚོ་ལ་བཏོན་པའི་རེ་བ་དང་། རེ་བ་འདི་འབྱུང་འགྱུར་དང་འཚམ་པར་བྱེད་པ་ལ་ངེས་པར་ལེགས་འགྲུབ་ཀྱི་གཏམ་རྒྱུད་རེ་རེ་དང་ཁྱད་པར་ཁ་སང་གི་སྤྱི་ཚོགས་ལག་ལེན་ཁྲོད་དུ་བྱུང་བའི་དོན་དངོས་ཀྱི་གཏམ་རྒྱུད་རེ་རེ་སྲོག་ཤིང་བྱས་ནས་མདུན་སྐྱོད་བྱེད་དགོས་པ་ལས། སྲོལ་རྒྱུན་སློབ་གསོ་ལྟར་དགེ་རྒན་གཙོ་གཞི་དང་དཔེ་ངོས་ཤེས་བྱ་ཁོ་ནས་མི་ཆོག་པ་རེད། སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རེ་བ་དང་མི་དེང་རབས་ཅན་དུ་འགྱུར་རྒྱུ་ནི་སློབ་གསོ་དེང་རབས་ཅན་གྱི་དམིགས་ཡུལ་ཡིན་པས། སློབ་དང་ཁྲིད་ཀྱི་གོ་རིམ་རེ་རེ་ནས་དགེ་རྒན་གཙོ་ཁྲིད་དང་སློབ་མ་གཙོ་གཞི། གཏམ་རྒྱུད་གཙོ་སྐུད་བྱས་ནས་སློབ་མའི་ཤེས་ནུས་རྩལ་གསུམ་གྱི་ཟུར་སོ་སོ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་འབྱུང་འགྱུར་ལ་སྙེག་པའི་ཐབས་ལམ་ཞིག་རེད།
གཉིས། སྒྲུང་འགྲེལ་སློབ་གསོའི་འབྱུང་འགྱུར་གྱི་ཁྱད་ཆོས།
དུས་རབས་ཉེར་གཅིག་པའི་སློབ་གསོ་ནི་འཛམ་གླིང་ལ་ཁ་ཕྱོགས་པ་དང་དུས་རབས་ལ་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་སློབ་གསོ་ཞིག་ཡིན་ཞིང་། སྒྲུང་འགྲེལ་སློབ་གསོ་དེ་ཡང་སློབ་མ་གཙོ་གཞི་དང་དགེ་རྒན་གཙོ་ཁྲིད་བྱེད་པའི་ཟུར་ཚད་ནས་སློབ་དང་ཁྲིད་ཀྱི་གོ་རིམ་ཧྲིལ་པོར་དོན་དངོས་གཏམ་རྒྱུད་ཀྱིས་གསོན་ཤུགས་རྒྱས་པར་བྱེད་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད། གནའ་རབས་ཀྱི་སྒྲུང་འགྲེལ་སློབ་གསོ་ནི་མདོར་ན་ཁྱིམ་ཚང་སློབ་གསོ་ནས་མགོ་བརྩམས་ལ། དེ་བས་ཀྱང་བོད་ཀྱི་དམངས་ཁྲོད་རྩོམ་རིག་དང་འབྲེལ་བའི་བྱིས་པའི་སློབ་གསོ་ཞིག་རེད། དེ་དག་ནི་བྱིས་པའི་བསམ་པའི་འཁྱེར་ཕྱོགས་དང་སློབ་གསོའི་ཆུ་ཚད་ལ་སྒོ་ཀུན་ནས་འཚམ་པའི་ངག་ཐོག་རྩོམ་རིག་ཁག་ཅིག་རེད། དཔེར་ན། «རི་བོང་ཨ་མ་དང་དྲེད་མོང་ཨ་མ»དང«རི་བོང་གིས་སེང་གེ་བཏུལ་བ»སོགས་སྲོག་ཆགས་དང་འབྲེལ་བའི་སྒོ་ནས་སྤྱི་ཚོགས་ག་གེ་མོའི་སྟེང་གི་མི་ངན། གདུག་རྩུབ་ཅན་གྱི་དཔོན་པོ་རྣམས་རེ་རེ་བཞིན་ཐབས་ཀྱིས་འདུལ་བའི་གོ་རིམ་དང་། འཇིག་རྟེན་སྟེང་གི་སྲོག་ལྡན་སུ་ཡིན་ཡང་དྲང་བདེན་དང་རྒྱུ་འབྲས་ཡག་པོའི་ངང་ནས་བསྲུང་དགོས་པའི་བསླབ་བྱ་གདམས་ཡོད་པ་རེད། ཡང་དཔེར་ན«ཁྭ་ཏས་ཆུ་འཐུང་བ»ཞེས་པའི་གཏམ་རྒྱུད་དེས་དཀའ་ཁག་ལ་ཞིབ་ཏུ་བསམ་བློ་གཏོང་དགོས་པའི་སྙིང་སྟོབས་ཡོད་དགོས་པ་དང་། དེ་ལ་ཐབས་བཀོད་འཐེན་ན་ཐག་གཅོད་མི་ཐུབ་པའི་གནད་དོན་ཞིག་མེད་པའི་གནས་ལུགས་གསལ་བཤད་བྱས་ཡོད། གཞན་ཡང་། «སྲིན་པོ་འདུལ་བའི་གཏམ་རྒྱུད»ལྟ་བུས། དཀའ་ཁག་གི་མདུན་དུ་དཔའ་མི་ཞུམ་པར་དཔའ་གདེང་བསྐྱེད་དགོས་པའི་སྙིང་སྟོབས་ཀྱི་རིན་ཐང་བརྗོད་ཡོད་པ་དང་། «རི་བོང་ཁ་ཤོ་བའི་གཏམ་རྒྱུད»ལྟ་བུས། གཞན་ལ་མགོ་གཡོག་མགོ་སྐོར་དང་། རྫུན་དང་གཡོ་སྒྱུ། བསླུ་བྲིད་སོགས་ཀྱི་སྤྱོད་ངན་སྒྲུབ་མི་རུང་བའི་གནས་ལུགས་བརྗོད་ཡོད། མདོར་ན་དེ་དག་གིས་བྱིས་པའི་སེམས་ཀྱི་བློ་སྒོ་འབྱེད་པ་དང་ཤེས་བྱའི་གནས་ཀུན་གོང་འཕེལ་དང་ཡར་རྒྱས་ཡོང་བའི་ནུས་པ་བླ་ལྷག་ཏུ་ཐོན་པ་རེད། ལོ་རབས་དགུ་བཅུ་པའི་ནང་དུ་སྒྲུང་འགྲེལ་སློབ་ཁྲིད་ཅེས་བྱིས་པའི་སློབ་གསོ་ནས་སློབ་གྲྭའི་སློབ་གསོ་ལ་རིམ་བཞིན་ཐོད་བརྒལ་བྱུང་ལ། དཔེར་ན། དགེ་རྒན་གྱིས་སློབ་མ་ལ་བསམ་གཞིགས་གཏོང་ཐབས་ཀྱི་སློབ་ཁྲིད་བྱེད་སྐབས། བསམ་གཞིགས་ཀྱི་གལ་ཆེའི་རང་བཞིན་བརྒྱ་ཕྲག་དང་གཞུང་ལུགས་ཐབས་ལམ་སྟོང་ཕྲག་མཚམས་སྦྱོར་བྱེད་པ་ལས། སློབ་མར་ཉན་སྤྲོ་བའི་གཏམ་རྒྱུད་ཅིག་བཤད་ནས་གསལ་བཤད་བྱས་ན་ཕན་ནུས་ཆེ་བ་ལྟ་བུ་རེད།
འཛམ་གླིང་གོ་ལ་ཅན་གྱི་འཕེལ་ཕྱོགས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས་རིག་གནས་བརྗེ་རེས་དང་མཉམ་འབྲེལ་ནི་ཧ་ཅང་གལ་ཆེ་ལ། དེ་བས་སྒྲུང་འགྲེལ་སློབ་གསོས་རྒྱལ་ཁབ་མི་འདྲ་བའི་དངོས་བྱུང་གཏམ་རྒྱུད་བརྒྱུད་ནས་སློབ་མའི་ཤེས་ནུས་རྩལ་གསུམ་དང་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་སོགས་ལ་རམ་འདེགས་ཀྱི་ནུས་པ་ཐོན་པ་རེད། གཅིག་ནས་རྒྱལ་ཁབ་མི་འདྲ་བའི་རིག་གནས་སོགས་ལ་རྒྱུས་ལོན་དང་འབྲེལ་འདྲིས། གཉིས་ནས་སློབ་གསོ་འཛམ་གླིང་ལ་ཁ་ཕྱོགས་པ། གསུམ་ནས་དུས་རབས་མི་འདྲ་བའི་རིག་གནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་རྟོགས་པའི་དགེ་མཚན་དང་སློབ་མའི་བློ་སྒོ་འབྱེད་པ། མདུན་ལམ་འཚོལ་བ་སོགས་ཀྱི་དགེ་མཚན་དུ་མ་ཡོད་མོད། སློབ་མ་མི་འདྲ་བའི་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་སྐབས་སྒྲུང་འགྲེལ་སློབ་གསོ་དང་ཁ་འབྲལ་ཐབས་མེད་ལ། གནའ་དེང་ཟུང་འབྲེལ་གྱི་སྒྲུང་འགྲེལ་ཐབས་ལམ་ལ་དེ་བས་ཀྱང་ཁ་འབྲལ་ཐབས་མེད་པ་རེད།
མདོར་ན། སྒྲུང་འགྲེལ་སློབ་གསོ་དུས་རབས་ཀྱི་མི་ལ་འཚམ་མིན་ནི་གཙོ་བོ་སློབ་གསོ་དེ་འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་དང་བྱིས་པའི་འཇོན་ནུས་སྐྱེད་སྲིང་དང་ཀུན་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་ལ་འཕེལ་རྒྱས་སུ་སོང་ཡོད་མེད་ཀྱི་ཆ་ནས་འཇོག་དགོས་པ་རེད། སློབ་གསོ་འཛམ་གླིང་ལ་ཁ་ཕྱོགས་པའི་དུས་འདིར། སྒྲུང་འགྲེལ་སློབ་གསོར་མཚོན་ནའང་བྱིས་པའི་ཀུན་སྤྱོད་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་ནས་རིམ་བཞིན་སྤུས་ཚད་སློབ་གསོ་སོགས་མདོར་ན་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་གཏོང་བར་ནུས་པ་བླ་ལྷག་འདོན་བཞིན་ཡོད་པ་རེད། དེང་གི་འཛམ་གླིང་གོ་ལ་ཅན་དང་རིག་གནས་སྣ་མང་མཉམ་འདྲེས་ཀྱི་དུས་འདིར། སྒྲུང་གཏམ་དེ་སློབ་ཁྲིད་ཀྱི་ཡོ་བྱད་ཅིག་ཡིན་པའི་ངོས་ནས་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་ཀྱི་སྒྲུང་གཏམ་མམ་གཏམ་རྒྱུད་གཙོ་སྐུད་བྱས། སློབ་དང་ཁྲིད་ཀྱི་གོ་རིམ་ཁྲོད་ནས་སློབ་གསོ་འཛམ་གླིང་དང་འབྱུང་འགྱུར་ལ་ཁ་ཕྱོགས་ཡོད་པས། སློབ་མའི་བློ་སྒོ་འབྱེད་པ་དང་བསམ་གཞིག་གི་ནུས་པ་སྐྱེད་སྲིང་། མཐོང་རྒྱ་ཇེ་ཡངས་སུ་གཏོང་བ། སློབ་མའི་ཤེས་བྱའི་ཟབ་ཚད་དང་གསལ་ཚད། མྱུར་ཚད་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་ལ། མདོར་ན་སློབ་མའི་དེ་རིང་གི་ཤེས་བྱ་ནི་སང་ཉིན་གྱི་རྩལ་ནུས་དང་། འབྱུང་འགྱུར་གྱི་ཤེས་ཡོན་དང་དཔལ་འབྱོར། དུས་རབས་ཀྱི་མི་རེ་རེར་འགྱུར་བ་རེད། །

འབྲེལ་ཡོད་འོས་སྦྱོར།