ཆེས་ལེགས་པའི་སློབ་གསོ་ནི་ཕ་མས་རང་ཉིད་ཇེ་ལེགས་སུ་གཏང་རྒྱུ་དེ་རེད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར།
དུས་ཚོད།:2026-05-11
ཀློག་གྲངས།:
གནའ་མིའི་ཁ་དཔེར། “མི་ཆོས་དར་མིན་ནི་བཟའ་ཚང་ལ་རག་ལས་ཡོད།”ཁྱིམ་ཚང་ནི་རི་ཆུའི་རི་མོ་ཞིག་དང་ཡོངས་སུ་མཚུངས་ཏེ། ཨ་ཕ་ནི་རྔམ་བརྗིད་ལྡན་པའི་རི་བོ་དང་འདྲ་ཞིང་། ཨ་མ་ནི་བཞུར་རྒྱུན་རིང་བའི་ཆུ་བོ་ཞིག་དང་འདྲ། ཨ་ཕས་རི་བོ་ལྟ་བུའི་བརྗིད་ཉམས་ལ་བརྟེན་ནས་གནམ་ས་ཞིག་ཡར་བཏེགས་ཡོད་ལ། ཨ་མས་ཆུ་བོ་ལྟ་བུའི་ངང་རྒྱུད་ཀྱིས་འཚོ་བར་བདེ་སྐྱིད་ཀྱིས་ཁེངས་པར་བྱས་ཡོད།
ཨ་ཕའི་བློ་རྒྱ་དང་ཨ་མའི་ངང་རྒྱུད། ཁྱིམ་ཚང་འགྲིག་མཐུན་ཡོང་བའི་ཁོར་ཡུག་བཟང་པོས་བུ་ཕྲུག་གི་མ་འོངས་པ་དང་ཁྱིམ་ཚང་གི་དར་རྒུད་ཐག་བཅད་ཡོད། རྒྱུ་མཚན་ནི་ཨ་ཕའི་བློ་རྒྱ་ཡིས་ཁྱིམ་ཚང་གི་གནམ་གྱི་མཐོངས་ཡངས་ཐག་བཅད་ཡོད་ཅིང་། ཨ་མའི་ངང་རྒྱུད་ཀྱིས་ཁྱིམ་ཚང་གི་རྩིག་རྨང་ཐག་བཅད་ཡོད། འདི་ནི་ཁྱིམ་ཚང་ཞིག་གི་ཆེས་ལྟེ་བའི་འགྲན་རྩོད་ནུས་ཤུགས་རེད།
ཁྱིམ་ཚང་གི་སྤུས་ཚད་ནི་ཨ་ཕའི་བློ་རྒྱ་ལ་རག་ལས་ཡོད།
སེམས་ཁམས་རིག་པ་བ་ཨེར་ཧྥུ་ཡིས་བཤད་རྒྱུར། “ཨ་ཕས་བྱིས་པར་ཐེབས་པའི་ཤུགས་རྐྱེན་ནི་ཆུ་ཡི་ཐིགས་པ་རེ་རེ་བཞིན་བྱིས་པའི་རྩ་སྦུབས་སུ་འཐིམ་ངེས་ཤིང་། བྱིས་པའི་རྣམ་ཤེས་ཁྲོད་ཞུགས་ངེས།”ཨ་ཕས་བུ་ཕྲུག་ལ་གཅེས་ན་དེ་ཀུན་སྤྱོད་སློབ་གསོས་ལེགས་ལམ་དུ་འཁྲིད་དགོས། ཨ་ཕ་ནི་བྱིས་པ་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་ཀྱི་ཚད་ཤིང་ཡིན་པས། ཨ་ཕས་བྱིས་པར་ལམ་སྟོན་བྱེད་པ་ནི་བྱིས་པ་ཇི་ལྟར་ལེགས་ལམ་དུ་འཁྲིད་རྒྱུ་དེ་རེད། བུ་ཕྲུག་གིས་འཚོ་བའི་ས་མཚམས་འཚོལ་སྙེག་བྱེད་པ་ནི་ཨ་ཕའི་མཐོང་རྒྱ་དང་བློ་རྒྱ་ལ་རག་ལས་ཡོད།
སློབ་གསོ་པ་ཉིང་ཧྲི་དབྱི་ཡིས་བཤད་རྒྱུར། “ཁྱིམ་ཚང་གི་འཕེལ་རྒྱས་ལ་མཚོན་ནས་བཤད་ན། ཨ་ཕའི་བློ་རྒྱ་ཡིས་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་ཐེབས་སྲིད།” ཨ་ཕའི་མཐོང་རྒྱ་དང་བློ་རྒྱ་ནི་ཁྱིམ་ཚང་དེའི་རི་བོ་ལྟ་བུའི་རྒྱབ་རྟེན་རེད། བུ་ཕྲུག་འཚར་ལོངས་འབྱུང་བའི་རྗེས་ཤུལ་ནི་རྒྱབ་རྟེན་འདིའི་ཁྲོད་ནས་འོངས་པ་རེད། བློ་རྒྱ་ཟེར་བ་དེ་ནི་ནུས་པ་དང་རྒྱུ་ནོར་ལ་མི་གོ་བར་མིའི་རྒྱུ་སྤུས་ལ་གོ ཨ་ཕ་ནི་བྱིས་པས་མ་འོངས་པའི་འཇིག་རྟེན་ལ་འབྲེལ་འདྲིས་བྱེད་པའི་ལམ་སྟོན་པ་རེད། གལ་ཏེ་ཨ་ཕའི་སྤུས་ཚད་བཟང་ཚེ་བྱིས་པ་ནི་ངང་ངམ་ཤུགས་ཀྱིས་སྤུས་ཚད་བཟང་བ་ཡིན། ཨ་ཕའི་མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་ཚེ། ད་གཟོད་བྱིས་པའི་མདུན་ལམ་ཡངས་པ་རེད། ཨ་ཕས་མཐོང་རྒྱ་དང་བློ་གྲོས་ལ་བརྟེན་ནས་ཁྱིམ་ཚང་གི་མ་འོངས་པའི་ལམ་ཁ་གཞལ་འོས།
ཁྱིམ་ཚང་གི་དྲོད་ཚད་ནི་ཨ་མའི་ངང་རྒྱུད་ལ་རག་ལས་ཡོད།
གནའ་མིའི་ཁ་དཔེར། མི་གཅིག་ལ་བལྟས་ན་དེའི་ཁྱིམ་ཚང་གང་བོའི་གནས་ཚུལ་ཤེས། ཨ་མ་གཅིག་ལ་བལྟས་ན་དེའི་བུ་ཕྲུག་གི་ཀུན་སྤྱོད་ཤེས་ཟེར། བུ་ཕྲུག་གི་གཤིས་རྒྱུད་དང་སྤྱོད་པ་ནི་དེའི་ཨ་མའི་སྟེང་ནས་རགས་ཙམ་ཤེས་ཐུབ། དཔེར་ན། གཤིས་འཇམ་དགའ་སྣང་ཆེ་བའི་ཨ་མས་སྤྱིར་བཏང་གི་འཚོ་བའི་ཁྲོད་དུ་ངོ་མཚར་བའི་དོན་གྱིས་ཁེངས་པར་བྱེད། ཁྱིམ་མི་དོན་དག་ཅི་ལ་འཕྲད་རུང་། ཁྱིམ་གྱི་དྲོད་ཁོལ་གྱིས་སེམས་པ་གསོ་ཐུབ།
དེ་ནི་རྩོམ་པ་པོ་ལིང་ཞའོ་ཧྲེང་གིས་བརྗོད་པ་ལྟར། “ཨ་མའི་བརྩེ་བ་ནི་རླབས་ཆེན་ཡིན་ཏེ། རླབས་ཆེན་དེའི་རིགས་ནི་འཚོ་བའི་དོན་ཆུང་གི་སྟེང་ནས་མངོན་ཡོང་། ཨ་མའི་བརྩེ་བ་ནི་རྣམ་དག་ཡིན་ཏེ། རྣམ་དག་དེའི་རིགས་ནི་ཁ་བརྡ་སློབ་གསོའི་ཁྲོད་དུ་མངོན་ཡོད།”ལིང་ཞའོ་ཧྲེང་གིས་སྒྲུང་གཏམ«ཨ་མ»ཞེས་པར་ཁོ་རང་བྱིས་དུས་ཨ་མ་དང་མཉམ་དུ་བསྡད་པའི་འདས་དོན་ཕྲན་ཚེགས་རྣམས་བྲིས་ཡོད། དགུན་ཁའི་མཚན་མོར། ཨ་མས་ཁོ་དང་མིང་སྲིང་རྣམས་ཚ་ཐབ་སྟེང་ཉལ་དུ་བཅུག་རྗེས་འཚེམ་ལས་བྱེད་ཞོར་དང་ཁྱིམ་གྱི་ནང་གཏམ་གླེང་སྐབས། གློ་བུར་དུ་ཨ་མ་སྒྱུ་འཕྲུལ་སྟོན་པ་ཇི་བཞིན་ཁོ་ཚོར་བྱིས་པའི་ཀློག་དེབ་ཅིག་བསྟན་བྱུང་བས་བྱིས་པ་རྣམས་ཀྱིས་འཕྲོག་རེས་བརྒྱབ་སྟེ་བལྟས་ཤིང་། ཨ་མ་སོང་ནས་ཞོག་མངར་འགའ་སྲེག་པ་དང་བལ་ལྭ་འཁྲུད་པ་སོགས་ཀྱི་ལས་བགྱི་བར་བྱེད།
ལིང་ཞའོ་ཧྲེང་གི་སྨྱུག་རྩེ་རུ་ཨ་མ་ནི“རྫུ་འཕྲུལ་ཆེ་བ”ཞིག་ཏུ་བརྗོད་ཆོག ཁྱིམ་གྱི་ས་ཁང་ནི་མ་གཞི་ས་དོང་ཞིག་དང་འདྲ་མོད། ཨ་མས་བདག་སྐྱོང་བྱས་པར་བརྟེན་སྒེའུ་ཁུང་གསལ་ཞིང་གཙང་ལ་དྲོད་ཁོལ་ལྡན་ཞིང་བག་ཕེབས་པ་ཞིག་ཏུ་སྣང་། ཟ་མ་བཟའ་རྒྱུ་མེད་དུས། ཨ་མ་མྱུར་སྟབས་ཀྱིས་ཡོ་འབོག་ཤིང་གི་སྟེང་དུ་འགོས་ཏེ་དེའི་འབྲས་བུ་བཏོག་རྗེས། འབྲས་བུ་དེ་ཡིས་བཟོས་པའི་རླངས་བཙོས་ཞིམ་ཟས་དང་སྲན་ཐུད་ཆུང་བ། སྐྱོ་མ་སོགས་ནི་ཁ་ལ་ཞིམ་ཞིང་དྲི་མ་ཡལ་དཀའ་བ་ཞིག་རེད། ཨ་མའི་ངང་རྒྱུད་འཇམ་པོ་ནི་མིའི་སེམས་ཀྱི་ཞིང་སར་དཀྱེལ་ཡངས་ཀྱི་ས་བོན་ཞིག་བཏབ་པ་དང་ཀུན་ནས་མཚུངས་ཏེ། དོན་དག་ཅི་ཞིག་ལ་འཕྲད་ཀྱང་ཞི་དུལ་གྱིས་གདོང་གཏོད་པ་དང་། སེམས་ཁྲལ་མི་བྱེད་ཅིང་འཁང་ར་མི་བྱེད་པར་བློ་བདེ་བག་ཕེབས་སུ་གནས་ཐུབ། ལོ་མང་པོ་འགོར་རྗེས་སུའང་། ལིང་ཞའོ་ཧྲེང་གིས་སྔར་བཞིན་ཚོར་སྣང་ཟབ་མོས་བཤད་རྒྱུར། “ཁེར་རྐྱང་གི་ཉི་མ་རེ་རེར་ངས་ཨ་མ་ལགས་ཤིན་ཏུ་དྲན།”
རྒན་རབས་པ་རྣམས་ཀྱིས་རྒྱུན་དུ་བཤད་རྒྱུར། བྱིས་པ་ནི་ཞིང་ནང་གི་ལོ་ཏོག་དང་འདྲ་སྟེ། དེ་ལ་རླུང་གིས་རེག་མ་ཐག་འཚར་ལོངས་འབྱུང་། དོན་དངོས་སུ་རླུང་འདི་ནི་ནམ་ཡང་ཕྱི་ན་མེད་དེ། དེ་ནི་ཨ་མའི་སེམས་ཀྱི་ཞིང་ས་ནས་རྒྱུ་འོངས་པའི་དྲི་མ་རེད། ཨ་མ་ཞིག་གི་སློབ་གསོའི་སྟོབས་ཤུགས་ངོ་མ་དེ་ནི་ངང་རྒྱུད་འཇམ་པོའི་སྟེང་དུ་གནས་ཡོད། ཨ་མ་ནི་ཁྱིམ་ཚང་ཞིག་གི་རྣམ་ཤེས་ཡིན་པས། ཨ་མའི་ངང་རྒྱུད་ཀྱིས་ཁྱིམ་ཚང་གི་ངང་ཚུལ་ཐག་གཅོད་པར་བྱེད། ཨ་མས་བྱིས་པ་ཚོར་བ་སྐྱེན་ཞིང་རང་མཐོང་རང་གཅོག་བྱེད་དུ་འཇུག་མི་འདོད་ཚེ། རང་གི་ངང་རྒྱུད་འཇམ་པོ་བྱེད་དགོས། བྱིས་པ་དགའ་སྣང་ཆེ་ཞིང་ཡིད་ཆེས་ཀྱིས་ཁེངས་པར་བྱེད་འདོད་ན། ཐོག་མར་རང་ཉིད་དགའ་སྣང་ཆེ་ཞིང་ཡིད་ཆེས་ཀྱིས་ཁེངས་པ་ཞིག་བྱེད་དགོས། ངང་རྒྱུད་འཇམ་པའི་ཨ་མ་ཞིག་གིས་ད་གཟོད་བྱིས་པ་ལ་བློ་བདེ་བག་ཕེབས་ཀྱི་ཁྱིམ་ཚང་གི་ཁོར་ཡུག་ཅིག་སྟེར་ཐུབ། ཆེས་ལེགས་པའི་ཁྱིམ་ཚང་སློབ་གསོ་ནི་ཨ་མ་དང་འབྲལ་ཐབས་མེད་ལ། ཨ་མའི་ཆེས་ལེགས་པའི་སློབ་གསོ་གཏོང་སྟངས་ནི་ངང་རྒྱུད་འཇམ་པོ་དང་འབྲལ་ཐབས་མེད།
ཕ་མའི་གཤིས་ཀ་ནི་ཁྱིམ་ཚང་གི་ས་ཆུ་ཡིན།
ཅིན་ཤར་མའི་བློན་པོ་གྲགས་ཆེན་ཞའེ་ཨན་གྱིས་སྐད་ཆ་ཞིག་བཤད་མྱོང་སྟེ། “ཆེས་ལེགས་པའི་ཁྱིམ་ཚང་སློབ་གསོ་ནི་ཕ་མས་རང་ཉིད་ཇེ་ལེགས་སུ་གཏང་རྒྱུ་དེ་རེད།”དྲོད་ཁོལ་ལྡན་པའི་ཁྱིམ་ཚང་ནི་ཨ་ཕའི་ཤུགས་དང་ལྡན་པའི་འདེགས་སྐྱོར་དང་འབྲལ་ཐབས་མེད་ལ། ཨ་མའི་སེམས་ཞིབ་མོའི་ཤ་ཚ་དང་འབྲལ་ཐབས་མེད། ཨ་ཕའི་གཤིས་ཀ་བརྟན་ཞིང་འགྱུར་བ་མེད་ལ། ཨ་མའི་ངང་རྒྱུད་འཇམ་པོ་ཆུ་དང་འདྲ་ཚེ། ཁྱིམ་ཚང་དེ་ཡི་རླུང་རྟ་ནི་གོང་ནས་གོང་དུ་འཕེལ་ངེས། ཨ་ཕས་རང་ཉིད་ཐལ་དྲགས་པའི་འུད་བརྗོད་མི་བྱེད་ལ། བསམ་གཟས་ནས་རང་གི་སྐྱོན་ཆ་ཡང་མི་སྦས་པར་འཛེམ་དོགས་མེད་པར་རང་གི་བྱ་སྤྱོད་ཀྱིས་བྱིས་པར་མིག་དཔེ་བཟང་པོ་སྟོན་འོས་ཤིང་། ཨ་མས་དོན་དག་ཕྲན་ཚེགས་ཀྱིས་རང་གི་ངང་རྒྱུད་ལ་ཤུགས་རྐྱེན་ཐེབས་སུ་མི་འཇུག་པར། དོན་དག་དང་འཕྲད་ཚེ་གང་ཐུབ་ཅི་ཐུབ་ཀྱིས་བློ་བདེ་བག་ཕེབས་ངང་སྐད་ཆ་བཤད་པ་ལས་འཛེར་སྐད་གྲགས་ནས་ཁོང་ཁྲོ་ལངས་མི་རུང་།
གལ་ཏེ་ཨ་ཕ་ནི་ཁྱིམ་ཚང་ནང་གི་འོད་ཟེར་སྟོང་ལྡན་གྱི་ཉི་མ་དང་འདྲ་བར་མི་ལ་ཁ་ཕྱོགས་སྟོན་ཚེ། ཨ་མ་ནི་བསིལ་ཟེར་ཕྱོགས་བཞིར་འཕྲོ་བའི་ཟླ་བ་དང་འདྲ་བར་མི་སེམས་གསོ་བར་བྱེད། ཨ་ཕ་ལམ་སྟོན་པ་བཟང་པོ་ཞིག་བྱེད་པ་དང་། ཨ་མས་རྒྱབ་ཕྱོགས་བརྟན་པོར་སྐྱོར་ཚེ། ཁྱིམ་ཚང་ལ་བདེ་སྐྱིད་དང་རེ་བ་ཚད་མེད་སྟེར་ཐུབ། འགྲིག་མཐུན་ཡོད་ཅིང་དྲོད་ཁོལ་ལྡན་པའི་ཁྱིམ་ཚང་གིས་ཁྱིམ་ལ་ཉི་འོད་ལྡན་པར་བྱེད་ཅིང་། དེ་ཡིས་ཁྱིམ་གྱི་མྱུ་གུ་རྐང་རེ་རེ་རིམ་གྱིས་འདབ་ལག་རྒྱས་སུ་འཇུག་ཅིང་སྐྱེ་སྟོབས་འབར་ལ་རེ་བས་ཁེངས་པར་བྱེད། མི་ཚེའི་མགོ་རྩོམ་ས་ནི་སློབ་ཐུན་གྱི་ནང་དུ་མེད་པར་ཕ་མས་བསྐྲུན་པའི་དྲོད་ཁོལ་ལྡན་པའི་ཁྱིམ་ཚང་གི་ཁོར་ཡུག་དེ་ཡིན། །

འབྲེལ་ཡོད་འོས་སྦྱོར།