logo

Adobeསྤྱི་གཉེར་ཁང་གིས་གསར་གཏོད་མཛད་པའི་ཉེར་མཁོའི་མཉེན་ཆས་བཅུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-07 ཀློག་གྲངས།:

        adobe་སྤྱི་གཉེར་ཁང་གིས་གསར་གཏོད་མཛད་པའི་ཉེར་མཁོའི་མཉེན་ཆས་བཅུའི་ངོ་སྤྲོད་མདོར་བསྡུས་དང་དེ་ཕབ་ལེན་བྱེད་ཡུལ། དེའི་བརྙན་ལྡན་སློབ་ཁྲིད་སོགས་ཀྱི་དྲ་གནས་འདིར་བཀོད་ཡོད་པས།  གྲོགས་པོ་ཚོར་ཕན་ཐོགས་ཅུང་ཙམ་རེ་ཡོད་པར་སྨོན། ཡིན་ནའང་། མཉེན་ཆས་འདི་རིགས་ཀྱི་བོད་མིང་ཡང་དག་ཅིག་མཇལ་མ་མྱོང་བས། ཚོད་ཚོད་ལ་མིང་འདྲ་པོ་རེ་འདོགས་ཁུལ་བྱས་པ་ཡིན་པས། མཁྱེན་ལྡན་གྱི་གྲོགས་པོ་ཚོས་དག་སེལ་གྱི་དགོངས་འཆར་ལྷུག་པར་རྩོལ་རོགས།
དང་པོ། adobe photoshop པར་རིས་སྒྲིག་སྦྱོར་མཉེན་ཆས། 
        འདིས་རང་གི་པར་རིས་སྒྲིག་སྦྱོར་བྱེད་ཐུབ་པར་མ་ཟད། པར་གྱི་སྟེང་དུ་ཡིག་རིགས་སྣ་ཚོགས་འགོད་པའི་ནུས་པ་ཡོད།
༡ ཕབ་ལེན་དྲ་གནས།

༢ བརྙན་ལྡན་སློབ་ཁྲིད།

གཉིས་པ། adobe imageready འགུལ་པར་བཟོ་ཆས། 
         འདི་ནི་གོང་གི་པར་རིས་སྒྲིག་སྦྱོར་མཉེན་ཆས་ཀྱི་ཡན་ལག་མཉེན་ཆས་ཤིག་ཡིན་ལ། འདིའི་ནུས་པ་གཙོ་བོ་ནི་དྲ་ཚིགས་ངོས་སུ་འགུལ་རིས་རྣམ་པའི་པར་སྒྲིག་ཐུབ་པ་དང་པར་རིས་སྒྲིག་སྦྱོར་བྱེད་ཐུབ་པ་དེ་ཡིན།
༡ ཕབ་ལེན་དྲ་གནས།

༢ བརྙན་ལྡན་སློབ་ཁྲིད།
གསུམ་པ། adobe acrobat གཟུགས་འཛིན་མཉེན་ཆས།
        འདིསpdfརྣམ་པའི་ཡིག་ཆ་སྟེ། ཡིག་རིགས་གང་རུང་གིས་གཏག་པའི་ཡི་གེ་དག་རྣམ་པ་ཇི་མ་ཇི་བཞིན་དུ་འཛིན་པར་བྱེད་པའི་མཉེན་ཆས་ཤིག་ཡིན།
༡ མཉེན་ཆས་ཕབ་ལེན་དྲ་གནས།

༢ བཀོལ་སྤྱོད་བྱེད་ཐབས།
བཞི་པ། adobe reader གཟུགས་བཟུང་ཡིག་ཆ་ཀློག་ཆས།
        འདིས་གོང་གི་གཟུགས་འཛིན་མཉེན་ཆས་ཀྱིས་བཟུང་ཟིན་པའི་ཡིག་ཆ་དག་ཀློག་པར་བྱེད་ཐུབ། གལ་ཏེ་མཉེན་ཆས་འདིའམ་གོང་གི་གཟུགས་འཛིན་མཉེན་ཆས་ལས་གང་རུང་ཞིག་མེད་ན། ཁྱེད་ཀྱི་ཡིག་ཆ་ཀློག་མི་ཐུབ།
༡ ཕབ་ལེན་མཉེན་ཆས།

ལྔ་པ། adobe indesign དཔར་སྒྲིག་མཉེན་ཆས། 
        འདི་ནིadobe pagemakerཞེས་དཔར་སྒྲིག་མཉེན་ཆས་རྙིང་བ་ཞིག་གསར་བསྒྱུར་བྱེད་པ་ལས་སྐྲུན་པ་ཡིན་ལ། དཔར་སྐྲུན་ལས་ཁང་སོགས་ཀྱིས་ཆེས་དགའ་བསུ་ཐོབ་པའི་མཉེན་ཆས་ཤིག་ཡིན། འདི་དཔེ་ཆ་དང་དུས་དེབ་སོགས་དཔར་སྐྲུན་བྱེད་པར་མ་ཡོད་ཐབས་མེད་ཀྱི་མཉེན་ཆས་ཤིག་ཡིན་པར་བཤད།
༡ ཕབ་ལེན་དྲ་གནས།

༢ བརྙན་ལྡན་སློབ་ཁྲིད།

དྲུག་པ།adobe premiere   premiere བརྙན་སྒྲིག་མཉེན་ཆས། 
        འདི་ལ་བརྙན་རྫས་དག་སྒྲིག་སྦྱོར་བྱེད་པའི་ནུས་པ་ལྡན་ལ། སྒྲིག་སྦྱོར་བྱས་ཟིན་པའི་བརྙན་བསྡུས་དག་dvd་ཡི་རྣམ་པ་ཡིན་པས། སྒྲ་ཡི་གདངས་དྭངས་ལ། བརྙན་གྱི་མདངས་གསལ་བའི་ཁྱད་ཆོས་ཡོད་པས། དེང་སང་ཆེས་དགའ་བསུ་ཐོབ་པའི་མཉེན་ཆས་ཤིག་ཡིན།
༡ ཕབ་ལེན་དྲ་གནས།

༢ བརྙན་ལྡན་སློབ་ཁྲིད།

བདུན་པ། adobe audition ཆེད་ལས་སྒྲ་སྒྲིག་མཉེན་ཆས། 
        འདིས་ཁྱེད་ཀྱིས་སྒྲ་རྫས་དག་སྒྲིག་སྦྱོར་བྱེད་ནུས། རྒྱང་སྒྲོག་ལས་ཀ་སྒྲུབ་མཁན་ཚོས་དགའ་བསུ་ཆེན་པོ་ཐོབ་ཀྱི་འདུག
༡ ཕབ་ལེན་དྲ་གནས།

༢ བརྙན་ལྡན་སློབ་ཁྲིད།

བརྒྱད་པ། adobe dreamweaver དྲ་ངོས་བཟོ་གྲུབ་མཉེན་ཆས། 
        འདི་ལ་དྲ་ངོས་གསར་བཟོ་དང་བཅོས་སྒྲིག་བྱེད་པའི་ནུས་པ་ཡོད། སྔོན་གྱིfrontpageཞེས་པའི་དྲྭ་ངོས་བཟོ་གྲུབ་མཉེན་ཆས་དང་བསྡུར་ན་འདི་ནི་སྟབས་བདེ་ལ་ནུས་པ་ཆེན་པོ་ལྡན་པར་བཤད།
༡ ཕབ་ལེན་མཉེན་ཆས།

༢ བརྙན་ལྡན་སློབ་ཁྲིད།

དགུ་པ། adobe flash འགུལ་རིས་བཟོ་གྲུབ་མཉེན་ཆས། 
        འདི་ལ་འགུལ་རིས་བཟོ་བའི་ནུས་པ་ལྡན། འགུལ་རིས་བཟོ་བ་འདི་ད་དུང་བོད་པའི་ནང་དེ་ཙམ་དར་ཁྱབ་ཏུ་སོང་མེད་ཀྱང་། མ་འོངས་པར་ངེས་པར་ཏུ་མཁོ་གལ་ཆེན་པོ་ཞིག་ཡིན་པས། གྲོགས་པོ་ཚོས་དེའི་སྐོར་ལ་སློབ་སྦྱོང་བྱེད་པར་མཁྱེན།
༡ ཕབ་ལེན་དྲ་གནས།
༢ བརྙན་ལྡན་སློབ་ཁྲིད།

བཅུ་པ། adobe fireworksཔར་རིས་གཅོད་སྒྲིག་མཉེན་ཆས།
        འདི་དང་གོང་གི་མཉེན་ཆས་གཉིས་ཏེ་གསུམ་པོ་ནི་དྲྭ་ངོས་བཟོ་བར་གཅིག་རོགས་གཅིག་གིས་བྱེད་དགོས་པའི་མ་ཡོད་ཐབས་མེད་ཀྱི་ཕུ་ནུ་གསུམ་དུ་བགྲང་ངོ། །
༡ ཕབ་ལེན་དྲ་གནས།

༢ བརྙན་ལྡན་སློབ་ཁྲིད།

 

 

འབྲེལ་ཡོད་འོས་སྦྱོར།