PDFངོ་སྤྲོད་མདོར་བསྡུས་དང་དེ་བཟོ་གྲུབ་ཀྱི་ཐབས།
དེ་རིང་རྒྱ་ཆེ་བའི་དྲ་གྲོགས་ཚོའི་སྤྱན་ལམ་དུ་འབུལ་བ་ནི། ཁྱེར་བདེ་ཡིག་ཆའི་རྣམ་པ་སྟེ་དབྱིན་ཡིག་ཏུpdfཟེར་བ་དེའི་ངོ་སྤྲོད་མདོར་བསྡུས་དང་དེ་བཟོ་གྲུབ་ཀྱི་ཐབས། དེ་དྲ་ངོས་སུ་བརྒྱུད་སྒྲོག་བྱེད་ཐབས་སོགས་ཡིན།pdf(ཕིས་ཏི་ཨེ་ཧྥི)ནི་ཨ་རིའིadobe(ཨ་དོ་པི)མ་ལག་སྤྱི་གཉེར་ཁང་གིས་གསར་གཏོད་བྱས་པའིadobeacrobat(ཨ་དོ་པི།ཨ་ཁུ་རོ་བྭ་ཋི་ཞེས་འདོན་དགོས)མཉེན་ཆས་ཡིས་བཟོ་གྲུབ་བྱས་ཤིང་། དེ་ནི་ཡིག་ཆའི་རྣམ་པ་ལ་མ་ལྟོས་པར་མ་ལག་གང་རུང་ནས་ངོས་འཛིན་ཐུབ་པའི་མཉེན་ཆས་ཤིག་ཡིན། མཉེན་ཆས་འདིས་པར་རམ་བཤེར་འབེབས་བྱས་པའི་ཡིག་ཆ། ཡང་ན་གཏག་ཡུལ་དུ་གཏག་ཟིན་པའི་ཡི་གེ་དག་གཟུགས་ཀྱི་རྣམ་པ་ཇི་མ་ཇི་བཞིན་དུ་སོར་འཇོག་དང་སྡུད་སྒྲིག་བྱེད་ཐུབ་པའི་མཉེན་ཆས་ཤིག་ཡིན། དེའི་རྐྱེན་གྱིས་གཤམ་ནས་མཉེན་ཆས་དེར་གཟུགས་འཛིན་མཉེན་ཆས་ཞེས་བྲིས་ཡོད།
གཟུགས་འཛིན་མཉེན་ཆས་འདི་ཡོད་ན། ང་ཚོས་བོད་ཡིག་གིས་བྲིས་པའི་ཡིག་ཆ་དག་གཟུགས་འཛིན་བྱས་རྗེས་རྒྱལ་ཕྱི་ནང་གི་གྲོགས་པོ་དག་ལ་སྟོན་ཆོག་པར་མ་ཟད། དེར་བདེ་སྲུང་གི་ནུས་པ་ངེས་ཅན་ཞིག་ལྡན་པས་ཡིག་ཆ་དེ་བརྒྱུད་སྒྲོག་གི་གོ་རིམ་ནས་དུག་སོགས་ཀྱིས་རྐྱེན་བྱས་ནས་འབོར་སྦས་བྱེད་མིན་ལ་སྐྲག་མི་དགོས་ལ། རྩིས་འཕྲུལ་མ་ལགwindows་འམ། unix། ཡང་ན་ཀུ་ཤུ་སྤྱི་གཉེར་ཁང་གིས་གསར་ཏུ་བཏོད་པའིmacosསོགས་མ་ལག་གང་ཞིག་ཡིན་རུང་གཟུགས་བཟུང་ཡིག་ཆ་ངོས་འཛིན་མཉེན་ཆསadobe readerའདི་ཡོད་ན་ངོས་འཛིན་ཐུབ་པའི་ནུས་པ་ལྡན་པར་མ་ཟད། འདིས་བཙུར་གནོད་བྱས་པའི་ཡིག་ཆ་དག་ལྟོས་བཅས་ཀྱིས་བཤད་ན་ཅུང་ཆུང་བས། དྲ་ངོས་ནས་བརྒྱུད་སྒྲོག་སྟབས་བདེ་པོ་ཡོད། སྤྱིར་གཟུགས་འཛིན་མཉེན་ཆས་དེར་པར་གཞི་མང་པོ་ཞིག་ཡོད་ལ།ཀུན་པོར་རང་རང་གི་ཐད་ན་ཁྱད་ཆོས་ཐུན་མོང་མ་ཡིན་པ་རེ་ཡོད་ཀྱང་། མཉེན་ཆས་ཕབ་ལེན་དང་ནང་སྤྲོད་བྱ་རིམ། བེད་སྤྱོད་སོགས་གང་ཅིའི་ཆ་ནས་པར་གཞི་དགུ་པ་ནི་གཞན་ལས་ཁྱད་དུ་འཕགས་པར་སྙམ་པས་གཤམ་ནས་པར་གཞི་དགུ་བའི་སྐོར་ངོ་སྤྲོད་བྱ་རྒྱུ་ཡིན། གཤིབ་བསྡུར་གྱིས་བཤད་ན། པར་གཞི་བརྒྱད་པའི་ནང་དུ་པཎྟི་ཏའི་ཚེག་རྟགས་གཟུགས་འཛིན་མི་ནུས་རུང་པར་གཞི་དགུ་བའི་ནང་དེ་ཡོངས་སུ་འགྲུབ་ཐུབ་པ་ལྟར་ཡིན། འོན་ཀྱང་། གསར་ཏུ་བཟོས་པའི་ཧི་གཟུགས་ཀྱི་འཁྱུག་བྲིས་ནི་པར་གཞི་གང་རུང་གིས་ཀྱང་གཟུགས་འཛིན་མི་ཐུབ་པས་ངོ་མ་ཡིད་ཕངས་བ་ཞིག་ཡིན།
དང་པོ། མཉེན་ཆས་ཕབ་ལེན་བྱ་ཡུལ།
ལྗང་མདོག་ཕབ་ལེན་དྲ་གནས། དྲ་གནས་འདིར་ཞུགས་རྗེས་གཤམ་གྱི་པར་རིས་ལས་བསྟན་པ་ལྟར་ཕབ་ལེན་བྱེད་དགོས།
ཡང་ན། ཐད་ཀར་དྲ་གནས་འདི་ནས་ལེན་ཆོག
དེ་མིན། འཚོལ་བཤེར་དྲ་ངོསgoogleའམbaiduཡི་ནང་དུadobe acrobat 9.0 proཞེས་པའི་ཡི་གེ་འདི་དག་གཏག་ནས་ཐད་ཀར་བཙལ་ཀྱང་ཆོག
གཉིས་པ། མཉེན་ཆས་ནང་སྤྲོད།
གལ་ཏེ་ཁྱེད་ལ་གཟུགས་འཛིན་མཉེན་ཆས་འདིའི་པར་གཞི་བདུན་པའམ་ཡང་ན་བརྒྱད་པ་སོགས་ཡོད་ན། དང་པོ་མཉེན་ཆས་རྙིང་བ་དེ་མེད་པར་བཟོ་དགོས། མཉེན་ཆས་འདི་ནི་གོང་དུ་བཤད་པ་ལྟར་ནང་སྤྲོད་སྟབས་བདེ་པོ་ཡོད་པས་ཕབ་ལེན་བྱས་པའི་ཡིག་ཆadobe acrobat 9.0 proཡི་སྟེང་རྐྱང་རྡེབ་ཅིག་བྱས་ཤིང་། དེ་ནས་ནང་སྤྲོད་ཀྱི་བརྡ་ལ安装ཞེས་པར་རྐྱང་རྡེབ་ཅིག་དང་། མཇུག་རྫོགས་ཀྱི་བརྡ་ལ完成ཞེས་པ་དེར་རྐྱང་རྡེབ་ཅིག་བྱས་པས་ཆོག་པ་ཡིན། འོན་ཀྱང་དུས་ཚོད་ཅུང་རིང་པོ་ཞིག་འགོར་འགྲོ་བས་གྲ་སྒྲིག་ཡོད་པར་མཛོད།
གལ་ཏེ་བོར་ཏི་wordཞེས་པའི་གཏག་གཞུང་གི་སྟེང་ཕྱོགས་ལ་གཤམ་གྱི་པར་གྱིས་བསྟན་པའི་རྟགས་དེ་གཉིས་མངོན་ན་ཁྱེད་ཀྱི་མཉེན་ཆས་ནང་སྤྲོད་བྱས་པ་ལེགས་འགྲུབ་བྱུང་བའི་རྟགས་ཡིན།
གསུམ་པ། མཉེན་ཆས་བེད་སྤྱོད།
ཀ གལ་ཏེ་ཁྱེད་ཀྱིས་གཟུགས་འཛིན་བྱ་བའི་ཡིག་ཆ་དེwordའམexcelཡི་གཏག་གཞུང་དུ་ཕབ་པ་ཞིག་ཡིན་ན།
གོམ་པ་དང་པོ། གོང་གི་པར་ལས་བསྟན་པའི་མཉེན་ཆས་ནང་སྤྲོད་ལེགས་གྲུབ་བྱུང་བའི་རྟགས་དེ་གཉིས་ཀྱི་གང་རུང་ལ་རྐྱང་རྡེབ་བྱས་ཏེ་གཟུགས་འཛིན་གྱི་སྟ་གོན་བྱེད་དགོས།
གོམ་པ་གཉིས་པ།
ཁྱེར་བདེ་ཡིག་ཆའི་རྣམ་པ་གསོག་ཉར་བྱེད་པའི་བརྡར保存ལ་རྐྱང་རྡེབ་བྱེད་དགོས།
གོམ་པ་གསུམ་པ།
རོགས་རམ་ནུས་པ་མེད་པས་དེ་ནང་སྤྲོད་བྱེད་དམ་ཞེས་པའི་དྲི་བ་བཏོན་ཚེ་ནང་སྤྲོད་མི་བྱེད་པའི་ཅེས་པའི་བརྡ་ལ否རྟགས་འདི་ནས་རྡེབ་དགོས།
གཞི་རྩའི་གོ་རིམ།
1 adobe pdf
2 转换为adobe pdf
3 是
4 保存
5 否
ཁ གལ་ཏེ་ཁྱེད་ཀྱིས་གཟུགས་འཛིན་བྱ་བའི་ཡིག་ཆ་དེ་པར་རམ་བཤེར་འབེབས་བྱས་པའི་ཡིག་ཆ་ཤིག་ཡིན་ན། འདི་ལྟར་གཟུགས་འཛིན་བྱེད་དགོས་ཏེ།
གོམ་པ་དང་པོ།
དང་པོ་ཡིག་སྣོད་དེའི་སྟེང་ལ་སོང་ནས་ཙིག་བརྙན་གྱི་གཡས་སྣེར་རྐྱང་རྡེབ་བྱ་དགོས།
གོམ་པ་གཉིས་པ། གཟུགས་འཛིན་མཉེན་ཆས་ནང་དུ་སྡུད་སྒྲིག་ཐུབ་པའི་ཡིག་ཆ(在acrobat上合并支持的文件)ཞེས་པར་རྐྱང་རྡེབ་བྱེད་དགོས།
གོམ་པ་གསུམ་པ།
སྡུད་སྒྲིག་ཡིག་ཆ་ཞེས་པའི་རྟགས་ལ་རྐྱང་རྡེབ་བྱེད་དགོས་ལ།མཐར་ཁྱེར་བདེ་ཡིག་ཆའི་རྣམ་པ་གསོག་ཉེར་བྱས་པས་ཆོག་པ་ཡིན།
གཞི་རྩའི་གོམ་རིམ།
1ཡིག་སྣོད་སྟེང་ཙིག་བརྙན་ལ་གཡས་རྡེབ་མཛོད།文件夹
2在acrobat上合并支持的文件འདིར་རྐྱང་རྡེབ་མཛོད།
3 合并文件ཞེས་པར་འདིར་རྐྱང་རྡེབ་མཛོད།
4 保存ཞེས་པའི་རྟགས་འདིར་རྐྱང་རྡེབ་མཛོད།
བཞི་བ། གཟུགས་བཟུང་ཡིག་ཆ་དྲྭ་ངོས་ནས་བརྒྱུད་སྒྲོག་བྱེད་ཐབས།
དང་པོ། བརྒྱུད་སྒྲོག་ཡིག་ཟམ་འཛུགས་པ།
ཁྱེད་ཀྱི་ཡིག་ཆ་དེ་ཁྱེར་བདེ་ཡིག་ཆའི་རྣམ་པ་སྟེpdfལ་ཕབ་བསྒྱུར་བྱས་རྗེས་དང་པོ་ཡིག་ཆ་དེ་གོའུ་གོལ་ཡིག་ཆ་སྟེ་googledocs་ནང་ཡར་སྤྲོད་བྱེད་དགོས།གལ་ཏེ་ཁྱེད་ཀྱིསgoogledocsཐོ་འགོད་བྱས་ཟིན་པ་མེད་ན། དྲ་གནསdocs.google.comའདི་ནས་ཐོ་འགོད་བྱེད་ཆོག
༡ ཐོ་འགོད་བྱེད་ན་གོང་གི་རྟགས་བརྒྱབ་ཡོད་ས་རྐྱང་རྡེབ་མཛོད།
༢ གོང་གི་བྱ་རིམ་ཅི་བཞིན་ཐོ་འགོད་བྱེད་དགོས།
༣ འདི་ནས་དང་ལེན་ཐུབ་པ་དང་རང་ཉིད་ཀྱི་ཡིག་སྒམ་འཛུགས་པའི་རྟགས་ཏེ我接受,创建我帐户འདི་ལ་རྐྱང་རྡེབ་མཛོད།
གཉིས་པ། ཡིག་ཆ་ཡར་སྤྲོད་བྱེད་པ།
༡ འདྲ་པར་ནང་ལྟར་བྱེད་དགོས།
༣ དེ་ནས་ཡིག་ཆའི་སྔོན་གྱི་གྲུ་བཞིའི་ནང་འདེབས་རྟགས་བཀོད་རྗེས་སྟེང་ཕྱོགས་ཀྱི་མཉམ་སྤྱོད་ཀྱི་དོན་share་འདི་ལ་རྐྱང་རྡེབ་བྱེད་དགོས།
༤ཡར་སྤྲོད་བྱས་པའི་ཡིག་ཆ་དེ་རང་དང་གྲོགས་པོའི་ཡིག་ཟམ(ཡིན་ནའང་། ཡིག་ཟམ་འབྲི་བའི་སྐབས་སུ་རང་གིས་googledocs་ཡི་ནང་ཐོ་འགོད་བྱས་པའི་ཡིག་ཟམ་དེ་འབྲི་མི་རུང་།)ནང་བསྐུར་དགོས།
༥ཡིག་ཟམ་ནང་དུ་ཐོན་ཡོད་པའི་དྲྭ་གནས་དེ་ནི་ཀུན་པོས་དྲྭ་ངོས་གང་རུང་ནས་མཐོང་ཐུབ་པའི་ཡིག་ཆའི་དྲྭ་གནས་ཡིན་པས་དེ་ཕན་ཚུན་བསྐུར་བ་ཙམ་གྱིས་ཆོག་པ་ཡིན།
མཐར་གཤམ་གྱི་རྟགས་བརྒྱབ་ཡོད་ས་དེར་རྐྱང་རྡེབ་མཛོད་དང་ཁྱེད་ལ་དགོས་པའི་ཡིག་ཆ་དེ་ཕབ་ལེན་བྱེད་ཐུབ་བོ།།