logo

མཚོ་སྔོན་མི་རིགས་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ཐང་ག་འགྲེམ་སྟོན་བྱ་འགུལ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-22 ཀློག་གྲངས།:


སློབ་མའི་ཐང་ག་བརྩམས་ཆོས་ལ་གཟིགས་ཞིབ་བྱེད་པ།

        ཉེ་ལམ།  མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གིས་མཐར་ཕྱིན་སློབ་མའི་ཐང་ག་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་ཞིང་། སློབ་གྲྭའི་འབྲེལ་ཡོད་དགེ་རྒན་དང་སྒྱུ་རྩལ་སློབ་གླིང་གི་སློབ་མ་རྣམས་བྱ་འགུལ་ལ་ཞུགས་པ་དང་། མཛེས་རྩལ་གྱི་དགེ་རྒན་ཆེན་མོ་ཤ་བོ་ཚེ་རིང་དང་ཐང་ག་དགེ་རྒན་སོགས་དཔྱད་འཇོག་པས་སློབ་མ26གི་མཐར་ཕྱིན་བརྩམས་ཆོས་སྐོར་ནས་དཔྱད་གླེང་བྱས།

མཚོ་སྔོན་མི་རིགས་སློབ་ཆེན་མཐར་ཕྱིན་སློབ་མའི་ཐང་ག་འགྲེམ་སྤེལ།
སློབ་མའི་ཐང་ག་བརྩམས་ཆོས་དག

         ཐེངས་འདིའི་བྱ་འགུལ་མཇུག་སྒྲིལ་དུས།  དགེ་རྒན་ཆེན་མོ་ཤ་བོ་ཚེ་རིང་གིས་ད་ལོའི་མཐར་ཕྱིན་སློབ་མའི་ཐང་ག་བརྩམས་ཆོས་དག་ཕྱོགས་ཡོངས་ནས་ཡར་རྒྱས་མི་དམན་པ་བྱུང་ཡོད་ཅིང་་ཆེད་ལས་ཀྱི་ཁྱད་ཆོས་ཅུང་དོད་པོ་ལྡན་པར་གསུངས།


འབྲེལ་ཡོད་འོས་སྦྱོར།