ནུབ་བྱང་མི་རིགས་སློབ་ཆེན་གྱི་ལས་རིགས་གསར་སྐྲུན་ལས་གཞིའི་ཆེད་དོན་མཇུག་སྒྲིལ།
ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ལས་རིགས་གསར་སྐྲུན་
ལས་གཞིའི་ཆེད་དོན་མཇུག་བསྡུའི་ཞིབ་བཤེར་བྱ་བ་མཇུག་སྒྲིལ།
ཉེ་ལམ། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས“2012ལོའི་རྒྱལ་ཡོངས་སློབ་ཆེན་སློབ་མའི་ལས་རིགས་གསར་སྐྲུན་སྦྱོང་བརྡར་ལས་གཞིའི”ཆེད་དོན་མཇུག་བསྡུའི་ཞིབ་བཤེར་དམ་བཅའི་རྩོད་གླེང་བྱ་འགུལ་སྤེལ་ཞིང་། ཐེངས་འདིའི་བྱ་འགུལ་ནི་བོད་རིག་པའི་སློབ་གླིང་གི་སློབ་གསོའི་གླིང་གཙོ་གཞོན་པ་པདྨ་དབང་ཆེན་གྱིས་མདོ་འཛིན་མཛད་པ་དང་། རྟ་མགྲིན་ཚེ་རིང་དང་། མགོན་པོ་སྐྱབས་སོགས་སློབ་གླིང་གི་ཁྲིད་སྟོན་ཚན་ཆུང་དང་ཆེད་མཁས་པའི་ཚན་ཆུང་གི་འབྲེལ་ཡོད་མི་སྣ་ཆེད་དོན་མཇུག་བསྡུའི་དམ་བཅའི་རྩོད་གླེང་དུ་ཞུགས།
ཆེད་མཁས་པ་རྣམས་ཀྱིས་ལས་གཞིའི་ཚན་ཆུང་སོ་སོས་སྤྲད་པའི་ཆེད་དོན་མཇུག་བསྡུའི་ཡར་ཞུ་ཡི་གེ་དང་། ལས་གཞི་མཇུག་བསྡུའི་རྒྱུ་ཆ་སོགས་ལ་རེ་རེ་བཞིན་ཞིབ་བཤེར་བྱས་ཤིང་། ལས་གཞི་འགན་འཛིན་པའི་སྙན་ཞུའི་ནང་དོན་ལ་དམིགས་ཏེ་ཡུལ་དངོས་སུ་དམ་བཅའི་རྩོད་གླེང་སྤེལ་བ་མ་ཟད། ལས་གཞི་ཁ་ཤས་ཀྱི་འབྲེལ་ཡོད་ནང་དོན་བསྐྱར་བཅོས་བྱེད་པར་བསམ་ཚུལ་བཏོན།
ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ལས་རིགས་གསར་སྐྲུན་
ལས་གཞིའི་ཆེད་དོན་མཇུག་བསྡུའི་ཞིབ་བཤེར་བྱ་བ་མཇུག་སྒྲིལ།
དམ་བཅའི་རྩོད་གླེང་ཡུལ་དངོས་ཀྱི་རྣམ་པ་ཤིན་ཏུ་ཛ་དྲག་ཆེ་ཞིང་། ལས་གཞི་ཚན་ཆུང་སོ་སོའི་རུ་མི་དང་ཁྲིད་སྟོན་དགེ་རྒན་དག་གིས་རང་ཉིད་ཀྱི་འཁོར་སྐྱོད་ཉམས་མྱོང་གླེང་བ་དང་། སློབ་གླིང་རིམ་པའི་ཆེད་མཁས་པའི་ཚན་ཆུང་གིས་བཏོན་པའི་བསམ་ཚུལ་དང་འདོད་བློ་དག་རེ་རེ་བཞིན་ཟིན་ཐོར་བཏབ།
སློབ་གླིང་གིས་ཟླ5བའི་ཚེས15ཉིན་ཆེད་དོན་མཇུག་བསྡུ་ཞིབ་བཤེར་གྱི་རྒྱུ་ཆ་སོ་སོ་དང་སྤྱིའི་གནས་ཚུལ་སྙན་ཞུ་ཡི་གེ་སོགས་སློབ་གྲྭར་སྤྲད་ཅིང་། སྐབས་འདི་ནས་བོད་རིག་པའི་སློབ་གླིང་གི“2012ལོའི་རྒྱལ་ཡོངས་སློབ་ཆེན་སློབ་མའི་ལས་རིགས་གསར་སྐྲུན་སྦྱོང་བརྡར་ལས་གཞིའི”ཆེད་དོན་མཇུག་བསྡུའི་ཞིབ་བཤེར་བྱ་བ་ཡོངས་སུ་མཇུག་སྒྲིལ་བ་རེད།