logo

ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་རིག་ལྡན་ལག་འཕྲིན་ཚང་རར་འགྲེམ་པའི་སྔོན་བརྡ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-13 ཀློག་གྲངས།:

ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་རིག་ལྡན་ལག་འཕྲིན་ཚང་རར་བཀྲམ་པའི་སྔོན་བརྡ།

        ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་དང་པོ་ནི2012ལོའི་ཟླ9པའི་ཚེས20ཉིན་འགོ་བརྩམས་ནས་མཚོ་སྔོན་ཡུལ་ཤུལ་ས་ཁུལ་དུ་ཚང་རར་བཀྲམ། འོན་ཀྱང་གནས་ཚུལ་ངེས་ཅན་ཞིག་གིས་ས་ཁུལ་ཡོངས་ལ་འགྲེམ་པའི་གོ་སྐབས་མ་བྱུང་། ད་ལྟ་ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་རིག་ལྡན་ལག་འཕྲིན་ཀུང་སིའི་མི་སྣ་ཡོངས་ཀྱི་བརྩོན་པ་ལྷུར་ལེན་དང་བཀའ་སྤྱད་སྡུག་རུས་ཀྱི་སྙིང་སྙོབས་ལ་བརྟེན་ནས་ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་གཉིས་པ་དང་ཨེ་མ་ཧོ་སྤྱིར་བཏང་བོད་ཡིག་ལག་འཕྲིན་བཅས་ཟླ12པའི་ཚེས12ཉིན་འགོ་བརྩམས་ནས་བོད་ཁུལ་ཡོངས་ཀྱི་ཚང་རར་འགྲེམ་འཆར་ཡོད་པ་རེད།

        འདིར་ཐོན་རིམ་དང་པོའི་རྨང་གཞིའི་སྟེང་སྲ་ཆས་དང་སྙི་ཆས་གྲངས་མང་ཞིག་སྔར་ཡོད་དར་སྤེལ་དང་སྙིགས་དོར་བཅུད་ལེན་གྱི་སྤུས་དག་ཞིག་ཡོད་པ་མ་ཚད། བཀོལ་ཡོད་པའི་མིང་བརྡ་ཚིག་གསུམ་སོགས་ཀྱང་འབྱུང་ཁུངས་མེད་པའི་ཡིག་ནོར་བརྡ་མ་རྡིབ་ཅིག་ཡེ་ནས་མིན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པར་དུ་སྐྲུན་པའི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་བརྡ་འཕྲིན་ལག་རྩལ་མིང་མཛོད་བཅས་གཞིར་བྱས། ཞོར་དུ་མདོ་དབུས་ཁམས་གསུམ་གྱི་གཙུག་ཏུ་ཁུར་བའི་དགེ་རྒན་དང་མཁས་དབང་གྲངས་མང་ཞིག་གི་ཐུགས་ཁུར་དང་རྒྱབ་སྐྱོར་སོགས་ལ་བརྟེན་ནས་མིང་ཚིག་དང་ཐ་སྙད་ཀྱི་དཀའ་ངལ་གཞི་རྩའི་ཆ་ནས་སེལ་འགོ་བརྩམས།

        ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་གཉིས་པ་འདི་ལ་ནུས་པའི་སྟེང་ནས་ཐོན་རིམ་དང་པོའི་རྨང་གཞི་ཐོག་གཤམ་བཀོད་ལྟར་རིམ་སྤར་བྱས་ཡོད།
ཀ མ་ལག་པར་རིམ་android2.2.3ནས་android2.3.6ལ་སྤར་ཡོད།
ཁ་།  རྒྱུད་ཁོངས་མ་ལག་གཏན་འཇགས་རང་བཞིན་གོང་འཕེལ་དུ་གཏོང་ཡོད།
ག  འཆར་ཡོལ་སྣེ་ཟུར་གྱི་མཐོང་རྒྱ་ཆེ་རུ་བཅུག་པས་འཆར་བའི་སྤུས་ཚད་སྔར་ལས་བཟང་།
ང་། པར་ཆས་ཀྱིས་པར་ལེན་སྐབས་རང་འགུལ་དམིགས་སྒྱུར་གྱི་བྱེད་ནུས་གསར་སྣོན་བྱས་ཡོད།
ཅ། པར་ཆས་ཀྱིས་པར་ལེན་སྐབས་པར་རིས་སྔོན་ལས་མངོན་གསལ་དོད་པ།
ཆ། ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་གྱི་སྒྲིག་སྦྱོར་གཤམ་ལྟར།
འཆར་ཤེལ། དབྱིན་ཚོན4.0   480*800དྭངས་གསལ་ཅན།
མ་ལག Android 2.3.6
བརྙན་མིག  བརྙན་རྒྱུ་ཁྲི་ལྔ་བརྒྱ།
དྲ་བའི་རྒྱབ་སྐྱོར།CDMA2000 EVDO RevA,1x, 800MHz ,GSM:900/1800MHZ
ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་འཁྱེར་འཕྲིན། ཀྲུང་གོ་འབྲེལ་འཕྲིན་བཅས་ཀྱི་དྲ་བར་རྒྱབ་སྐྱོར་འདུག
ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་གཉིས་པའི་ནང་དུ་སྒྲིག་འཇུག་བྱས་པའི་བཀོལ་སྤྱོད་བསྒྲིགས་རིམ་གཤམ་བཀོད་ལྟར།
ཀ བོད་ཡིག་ལྡན་པའི་འཕྲིན་ཕྲན།
ཁ། བོད་ཡིག་གླུ་ཚིག་འཆར་ཐུབ་པའི་གླུ་གཞས་གཏོང་ཆས།
ག  བཀོལ་སྤྱོད་བདེ་བའི་བརྗེད་ཐོ་འབྲི་དེབ།
ང་། དཔེ་ཆ་བརྒྱ་ལྷག་ཡོད་པའི་གློག་རྡུལ་དཔེ་ཆ་ཀློག་ཆས།
ཅ། བྱིས་པའི་རྩེད་མོ་ཀ་ཁ་སྦྲེལ་པ།
ཆ། རྩེད་མོ་བོད་བསྒྱུར་བྱས་པའི་ཤིང་ཏོག་གཤག་པ།

ཨེ་མ་ཧོ་སྤྱིར་བཏང་བོད་ཡིག་ལག་འཕྲིན།
        སྤྱིར་བཏང་བོད་ཡིག་ལག་འཕྲིན་འདི་རིན་གོང་དམའ་ན་ཡང་ཁྱད་ཆོས་མི་དམན་པ་ཞིག་ཡོད་དེ། CDMAདངGSMགཉིས་ཀྱི་དྲ་བའི་བྱང་བུ་འཇུག་ཆོག་པ་དང་འཆར་ངོས་ལ་བྲིས་འཇུག་ཆོག ད་དུང་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ནི་མཐེབ་ནོན་གྱི་སྟེང་དུ་དབྱངས་གསལ་རིམ་པ་བཞིན་བཀོད་ཡོད་པ་དེ་དག་གིས་ཆ་འཕྲིན་སྐུར་བ་དང་མིང་ཐོ་ཉར་བ་སོགས་བྱེད་པར་སྟབས་བདེ་བསྐྲུན།

མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སི།
ཡིག་ཟམ། Email:amahoo@amahoo.cn
ཁ་པར། 0971-6516233
སྡོད་གནས། ཟི་ལིང་གྲོང་ཁྱེར་ཁུ་ནུ་བར་ལམ་ཨང18པ་རྒྱལ་སྤྱི་དང་པོའི་ཐོག་བརྩེགས25དུ།(青海省西宁市昆仑中路18号国际壹号25楼)

 

 

 

འབྲེལ་ཡོད་འོས་སྦྱོར།