logo

སྐབས་གཉིས་པའི་བྱང་ཤར་ཞིང་ཆེན་གསུམ་གྱི་གངས་རྒོད་བུམ་པའི་ལུས་རྩལ་འགྲན་ཚོགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-11 ཀློག་གྲངས།:

སྐབས་གཉིས་པའི་བྱང་ཤར་ཞིང་ཆེན་གསུམ་གྱི་གངས་རྒོད་བུམ་པའི་ལུས་རྩལ་འགྲན་ཚོགས།
གངས་རྒོད་བུམ་པ།

         ཉེ་སྔོན། མི་རིགས་མཐུན་སྒྲིལ་ཤུགས་སྣོན་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བར། བྱང་ཤར་ཞིང་ཆེན་གསུམ་གྱི་མཐོ་རིམ་སློབ་ཆེན་སོ་སོའི་བོད་རིགས་སློབ་མ་རྣམས་ཀྱིས་རྒྱལ་ཁབ་དུས་ཆེན་གྱི་གུང་སེང་བེད་སྤྱད་དེ་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་དུ་སྐབས་གཉིས་པའི་བྱང་ཤར་ཞིང་ཆེན་གསུམ་གྱི་གངས་རྒོད་བུམ་པའི་ལུས་རྩལ་འགྲན་ཚོགས་ཤིག་སྤེལ།


མདོ་འཛིན་པ།


སློབ་མས་དམ་བཅས་པ།

         ཐེངས་འདིའི་གངས་རྒོད་བུམ་པའི་ལུས་རྩལ་འགྲན་ཚོགས་སུ་གཙོ་ཆེར་ཅི་ལིན་སློབ་ཆེན་དང་། བྱང་ཤར་ནགས་ལས་སློབ་ཆེན། ཁྲང་ཁྲུན་རྩིས་ཚན་བཟོ་རིག་སློབ་ཆེན།  བྱང་ཤར་སློབ་ཆེན།  བྱང་ཤར་དགེ་ཐོན་སློབ་ཆེན། ཀྲུང་གོའི་ཉེས་དོན་ཉེན་རྟོག་སློབ་ཆེན་སོགས་ཀྱི་བོད་རིགས་སློབ་མ་རྣམས་ཞུགས་ཡོད་ཅིང་།   མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས་ལས་གཞན་ད་དུང་རིག་རྩལ་འཁྲབ་སྣ་མང་འདུས་པ་རེད། 


རྡུང་ལེན་འཁྲབ་སྟོན་བྱེད་པ།


འཁྲབ་སྟོན་གྱི་ཟུར་ཞིག

         འདི་ལྟ་བུའི་ཁྱད་ཆོས་འབུར་དུ་ཐོན་ཞིང་དགེ་མཚན་ཆེར་བསྐྲུན་པའི་བྱ་འགུལ་ལས་སོ་སོས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་འདི་ག་ས་གང་དུ་བརྗེད་ཀྱི་མེད་ཅིང་། གང་ཡོད་ཅི་ནུས་ཀྱིས་དེ་ཉིད་དར་སྤེལ་གཏོང་བར་གཞོལ་གྱི་ཡོད་པ་རྟོགས་ནུས། འགྲན་ཚོགས་འདི་ནི་སྐབས་གཉིས་པ་ཡིན་པས་རྗེས་སོར་ད་དུང་མུ་མཐུད་དུ་རྒྱུན་སྐྱོང་བྱ་རྒྱུ་ཡིན་ཞིང་། རིག་རྩལ་ནང་དོན་དང་རྣམ་གྲངས་སོགས་ཀྱི་ཐད་ནས་ཀྱང་སྔར་ལས་ལྷག་པར་ཇེ་རྒྱས་ཇེ་ལེགས་སུ་སྤེལ་རྒྱུ་ཡིན་པར་གྲགས།


ཡུལ་དངོས་ཀྱི་རྣམ་པ།


འབྲེལ་ཡོད་འོས་སྦྱོར།