དུས་ཡུན་རིང་ཤོས་ཀྱི་ཟླ་འཛིན།
དེ་རིང་ནི་སྤྱི་ལོ་༢༠༡༡ ལོའི་ཟླ་༦ ཚེས་༡༥ དང་། བོད་དབུས་ཕྱོགས་ཀྱི་ལོ་ཐོ་བརྩི་ལུགས་ཀྱི་ས་ག་ཟླ་བ་སྟེ། བོད་ཟླ་༤ ཚེས་པ་༡༥ ཉིན་འཁེལ་ཡོད་ཅིང་། སྤྱི་ལོ་༢༠༠༠ ལོའི་ཟླ་བདུན་པ་ཚུན་གྱི་ལོ་ངོ་བཅུའི་རིང་གི་ཆེས་མུན་ནག་དང་དུས་ཡུན་ཆེས་རིང་ཤོས་ཀྱི་ཟླ་འཛིན་བྱུང་ཡོད།
ཆེད་ལས་གནམ་རིག་པས་བརྗོད་པ་ལྟར་ན། ཐེངས་འདིའི་ཟླ་བ་ཧྲིལ་འཛིན་གྱི་དུས་ཡུན་ནི་སྐར་མ་བརྒྱ་ཐམས་པ་ཡིན་པ་དང་། ཟླ་འཛིན་བྱུང་བ་ནས་མཇུག་མ་རྫོགས་པར་དུ་ཕལ་ཆེར་དུས་ཡུན་སྐར་མ་༢༡༩ འགོར་གྱིན་ཡོད་པ་རེད།
ཉི་མའི་འོད་ཟེར་མང་པོ་ཞིག་ཟླ་བར་ཐད་ཀར་ཕོག་མ་ཐུབ་པས་ཟླ་བ་དམར་པོར་སྣང་བ།
སའི་གོ་ལའི་གྲིབ་མ་ཟླ་བའི་ཟུར་ངོས་སུ་ཕོགས་འགོ་རྩོམ་པ།
སའི་གོ་ལའི་གྲིབ་མ་ཟླ་བའི་ཟུར་ངོས་སུ་ཕོགས་པ།
སའི་གོ་ལའི་གྲིབ་མ་ཟླ་བར་ཕོག་པ།
ཟླ་བ་སའི་གོ་ལ་དང་ཉི་མ་གཉིས་ཀྱི་བར་དཀྱིལ་ཏག་ཏག་ཏུ་འབྱོར་བས། གོ་སའི་གྲིབ་ནག་གིས་ཟླ་བ་ཡོངས་སུ་སྒྲིབ་པ།
སའི་གོ་ལ་འདི་བཞིན་རིལ་རིལ་ཞིག་ཡིན་པས་ན། ཟླ་འཛིན་དང་ཉི་འཛིན་སོགས་ཅི་ཞིག་འབྱུང་རུང་དེ་དག་གི་སྣང་ཚུལ་དང་། དུས་ཡུན་རིང་ཐུང་གི་ཁྱད་པར་སོགས་ཆེས་ཆེན་པོ་ཡོད་པ་མ་ཟད། ས་ཁུལ་རེ་ཟུང་དུ་ཟླ་འཛིན་དང་ཉི་འཛིན་མཐོང་མི་ཐུབ་པ་ཡང་ཡོད་པ་རེད། གཤམ་གྱི་དཔེ་རིས་སུ་དེ་རིང་གི་ཟླ་འཛིན་ས་གནས་གང་དང་གང་དུ་མཐོང་ཐུབ་མིན་དང་། གནས་སྐབས་གང་དུ་མཐོང་ཐུབ་མིན་སོགས་བཀོད་ཡོད།
གཤམ་གྱི་པར་རིས་འདིས་ཟླ་འཛིན་སྣང་ཚུལ་གྱི་དུས་རིམ་དང་གྲིབ་ནག་ཕོག་ཚད་བཅས་ལ་ཁྱད་པར་དེ་འདྲ་ཞིག་ཤོར་དགོས་དོན་ཅི་ཞིག་ཡིན་ནམ་ཐད་ཁྱོད་ལ་ངེས་ཤེས་བསྐྱེད་ཐུབ།