རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་དྲ་ཚིགས་ཤར་གཏོང་བྱེད་ལ་ཉེ།
འདིར་གཉན་པོ་གཡུ་རྩེ་ཤེས་རིག་ལྟེ་གནས་ཀྱིས་བཟོ་བསྒྲུབ་བྱས་པའི་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་དྲ་ཚིགས་ཉེ་ལམ་ཤར་གཏོང་བྱེད་ལ་ཉེ། དྲ་ཚིགས་འདིའི་ལེའུ་ཚན་གྱི་གྲུབ་སྟངས་ཚན་པ་བདུན་དུ་བགོས་ཡོད་ལ་ལེའུ་ཚན་བདུན་གྱི་ནང་དུ་སློབ་གྲྭ་ངོ་སྤྲོད་དང་སྦྱང་བ་ངོ་སྤྲོད་དགེ་རྒན་ངོ་སྤྲོད་སློབ་མ་བསྡུ་བའི་ཆ་རྐྱེན་སློབ་གྲྭའི་ཁོར་ཡུག་དང་ཕུལ་བྱུང་བློབ་མའི་ངོ་སྤྲོད་སློབ་གྲྭ་དང་འབྲེལ་བའི་གསར་འགྱུར་སོགས་གཤམ་ལྟར།
སློབ་གྲྭའི་ཁོར་ཡུག
ལེའུ་ཚན་འདིའི་ནང་དུ་སློབ་གྲྭའི་འཛུགས་བསྐྲུན་གྱི་རྣམ་པ་དང་ཁོར་ཡུག་གི་མཛེས་ལྗོངས་སོགས་གཙོར་བྱས་ནས་སྤེལ་ཡོད། སྦྱང་བྱའི་རྣམ་གྲངས། ལེའུ་ཚན་འདིའི་ནང་དུ་རྒྱལ་ཁབ་རིམ་པའི་ཚད་ལྡན་སྦྱང་བྱའི་རིག་གནས་དང་མ་འོངས་པའི་སྤྱི་ཚོགས་དང་མི་སྒེར་གྱི་དགོ་མཁོ་དང་བསྟུན་པའི་རྨང་གཞིའི་འཛིན་གྲྭ་དང་ཆེད་སྦྱོང་འཛིན་གྲྭའི་སྦྱང་བྱ་གཙོར་བྱས་ནས་སྤེལ་ཡོད།
དགེ་རྒན་ངོ་སྤྲོད།
ལེའུ་ཚན་འདིའི་ནང་དུ་རྨང་གཞིའི་འཛིན་གྲྭའི་དགེ་རྒན་དང་ཆེད་ལས་དགེ་རྒན་དག་གི་ཡིག་ཚགས་གཙོར་བྱས་ནས་སྤེལ་ཡོད། ཕུལ་བྱུང་དགེ་སློབ། ལེའུ་ཚན་འདིའི་ནང་ལོ་རེ་རེའི་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་མའི་ངོ་སྤྲོད། ཕུལ་བྱུང་དགེ་རྒན་ལ་ཤེས་ཡོན་ཕུལ་བྱུང་དང་བསམ་བློ་ཕུལ་བྱུང་ལས་བརྩོན་ཕུལ་བྱུང་སོགས་དང་སློབ་མ་ཕུལ་བྱུང་ལ་ཤེས་ཡོན་ཕུལ་བྱུང་ལག་རྩལ་ཕུལ་བྱུང་ བསམ་བློ་ཀུན་སྤྱོད་ཕུལ་བྱུང་འབད་བརྩོན་ཕུལ་བྱུང་སོགས་དབྱེ་བ་དུ་མའི་སྒོ་ནས་སྤེལ་རྩིས་ཡོད།
གསར་འགྱུར།
ལེའུ་ཚན་འདིའི་ནང་དུ་སློབ་གྲྭ་དང་འབྲེལ་བའི་གསར་དོན་གྱི་སྐོར་སྣ་ཚོགས་དང་དེ་མིན་ཕྱོགས་གཞན་གྱི་སློབ་གསོའི་སྐོར་དང་འབྲེལ་བའི་ལས་དོན་སྣ་ཚོགས་སྤེལ་རྩིས་ཡོད།
སྐད་འཇོག་ས།
ཚན་པ་འདིར་སློབ་མའི་ཁྱིམ་དང་རྒྱལ་ཕྱི་ནང་གི་བོད་ཀྱི་སློབ་གསོའི་འཕེལ་ཕྱོགས་ལ་བསམ་གཞུགས་དང་སློབ་གྲྭ་འདིའི་སློབ་གསོའི་གནས་བབས་ལ་ཐུགས་ཁུར་གནང་བཞིན་པའི་གྲོགས་པོ་ཚོས་གང་འདོད་དུ་སྐད་འཇོག་ཆོག་པར་མ་ཟད་དྲ་ཚིགས་དོ་དམ་པས་ཞིབ་བཤེར་བྱས་རྗེས་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་དཔྱོད་ཚན་ཁག་ལ་ཡར་ཞུ་བྱེད་ངེས་ཡིན།
འབྲེལ་གཏུག་བྱེད་རོགས།
ཚན་པ་འདིའི་ནང་དུ་སློབ་གྲྭའི་ས་གནས་དང་སློབ་གྲྭའི་འབྲེལ་ཡོད་མི་སྣ་དག་གི་འབྲེལ་གཏུག་ཐབས་ལམ་ཡོད་པས་སློབ་གྲྭའི་གནས་ཚུལ་རྗེས་ལོན་དང་བསམ་འཆར་སོགས་ཅི་ཡོད་འབྲེལ་ཡོད་མི་སྣར་ཐད་ཀར་འབྲེལ་གཏུག་བྱེད་ཆོག
དྲ་ངོས་ཀྱི་ཕྱོགས་རེ།
མདུན་ངོས།
ཁ་བྱང་རིམ་པའི་ངོས།
བརྗོད་བྱའི་ངོས།
སྐད་འཇོག་སའི་ངོས།
སྐད་བརྡ།
མདུན་ངོས་སྐད་བརྡ། extjs+jquery+ javascript+css+html རྩ་བའི་སྐད་བརྡ། hibernate+spring+mvc+.net(C#) དང་དན་གྲངས་མཛོད་ཀྱི་སྐད་བརྡ་སོགས་ཉེ་ལམ་ཆེས་དུས་དར་དུ་འགྲོ་བཞིན་པའི་སྐད་བརྡ་དག་གཙོར་བྱས་ནས་བཟོས་པ་ཡིན་པས་བདེ་འཇག་དང་མགྱོགས་ཚད་མཛེས་ཆ་སོགས་ཕྱོགས་གང་ཐད་ནས་ཉེ་སྔོན་བཟོས་པའི་འདི་ཀའི་དྲ་ཚིགས་དག་དང་བསྡུར་ན་གོམ་པ་དུ་མའི་སྔོན་དུ་ཐོན་ཡོད་པར་ང་ཚོ་ལ་ཡིད་ཆེས་ཡོད། རྗེས་ཕྱོགས་ཀྱང་མུ་མཐུད་དུ་ངེད་གཉན་པོ་གཡུ་རྩེ་ཤེས་རིག་ལྟེ་གནས་བརྡ་འཕྲིན་ལག་རྩལ་ཚན་ཁག་གིས་བོད་ཀྱི་མ་འོངས་པའི་བརྡ་འཕྲིན་རིག་གནས་ཀྱི་འཕེལ་ཕྱོགས་ལ་གདེངས་འཇོག་མཐོན་པོ་བྱས་ནས་བོད་ཀྱི་སྐད་ཡིག་དང་འཚམས་པའི་ལག་རྩལ་གསར་བ་ཞིབ་འཇུག་དང་འབད་བརྩོན་བྱེད་པའི་པའི་འདུན་པ་རྒྱུན་སྐྱོང་རྒྱུ་ཡིན་པས་རྒྱ་ཆེའི་དྲ་གྲོགས་དག་དང་རྒྱལ་ཕྱི་ནང་གི་ཤེས་ཡོན་པ་དང་ལྷག་བསམ་ཅན་དག་གཙོར་བྱས་ནས་ངེད་ཚོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་རེ་འདུན་ཞུ།