གསུམ་བརྒྱད་བུད་མེད་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ།
ལྷབ་ལྷུབ་བསྐྱོད་པའི་ཕུ་ཐུང་གི་མཉེན་ལྕུག་བར་ནས་དུས་ཆེན་ལ་དགའ་སྤྲོའི་རྟེན་འབྲེལ་ཞུ།
དཔྱིད་གསུམ་རླུང་བུས་རི་ལུང་ལ་བྱབ་བྱབ་བྱེད་བཞིན་དཔྱིད་ཀྱི་བདག་མོར་ཕྱག་བརྡ་གཏོང་བའི་མཚར་ཉམས་ཀྱི་དུས་བཟང་འདི་ལ། ཚང་མས་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་རབ་བྱུང17པའི་ལྕགས་མོ་ཡོས་ཏེ2011ལོའི་རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་ངང་གིས་བསུས།
མཛེས་སྡུག་གར་གྱི་ཁོང་གསེང་ནས་རང་བྱུང་གི་འཛུམ་མདངས་
འདི་ལྟར་མི་གྲོལ་རང་དབང་མི་འདུག
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་བཙུགས་ཚུན་ནས་ད་བར་དུ་སློབ་གྲྭའི་བུད་མེད་དགེ་བཟོ་བ་ཡོངས་ཀྱིས་རང་ནུས་ཡོད་དགུ་དང་ནུས་ཤུགས་རྩལ་དུ་སྤྲུག་ནས་སློབ་གྲྭ་སྤྱིའི་འཕེལ་རྒྱས་ལ་ཤུགས་མི་དམན་པ་བརྒྱབ་པས། དུས་ཡུན་ཐུང་ངུའི་ནང་གཡུར་དུ་ཟ་བའི་འབྲས་བཟང་བླངས་པ་རེད། དུས་དེ་རིང་གནམ་གྱི་ཕྱེད་ཀ་ཐེག་པའི་གནམ་འོག་སྨན་ཤར་རྣམས་ལ་ཐོག་མར་དུས་ཆེན་གྱི་རྟེན་འབྲེལ་ཞུ།
རྫོང་རིག་གནས་ཐང་ཆེན་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་
བུད་མེད་འཁྲབ་སྟོན་ཚོགས་པས་ཉམས་བརྒྱད་གར་གྱི་
སྟངས་སྟབས་སྒྱུར་བཞིན་པའི་ཚུལ་རེད།
ཉེ་སྔོན་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་མ་སྐུལ་དང་བླངས་སྒོས་གསུམ་བརྒྱད་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་སློབ་གྲྭའི་སྨན་ཤར་བུ་མོ་སྐོར་ཞིག་གདམ་བསལ་བྱས་ཏེ་མིག་དབང་འཕྲོག་ཅིང་ཡིད་དབང་འགུག་པའི་རྩེད་མོ་གྱ་ནོམ་པ་ཞིག་གྲ་སྒྲིག་གང་ལེགས་བྱས་པ་བརྒྱུད། རྫོང་རིག་གནས་ཐང་ཆེན་དུ་ལས་ཁུངས་སོ་སོའི་རྩེད་མོའི་འཁྲབ་སྟོན་ལ་ཞུགས་པ་རེད།