བོད་ལྗོངས་ཀྱིས་རྫོང་རིམ་པའི་གྲངས་ཀའི་དཔེ་མཛོད་ཁང་ཁྱབ་སྤེལ་གཏོང་བའི་འཆར་གཞིའི་འཛིན་གྲྭ་བསྒྲུབས་པ།
སློབ་མ་རྣམས་ཀྱིས་དགེ་རྒན་གྱི་མཛུབ་སྟོན་འོག་ཏུ་མ་ལག་ནང་འཇུག་དང་ལག་རྩལ་བཀོལ་ཐབས་ཐད་ལ་རྒྱུས་ལོན་བྱེད་པ།
2011ལོའི་ཟླ1ཚེས18ཉིན། བོད་ལྗོངས་དཔེ་མཛོད་ཁང་དུ་བོད་རང་སྐྱོང་རིག་གནས་ཐིང་གིས་བློ་སེམས་རྩེ་གཅིག་གིས་རྩ་འཛུགས་བྱས་ཤིང་། བོད་རང་སྐྱོང་ལྗོངས་རིག་གནས་མཉམ་སྤྱོད་ལས་གཞིའི་ཞིང་ཆེན་རིམ་པའི་ཡན་ལག་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བའི“རྫོང་རིམ་པའི་གྲངས་ཀའི་དཔེ་མཛོད་ཁང་ཁྱབ་སྤེལ་གཏོང་བའི་འཆར་གཞིའི”འཛིན་གྲྭ་དངོས་སུ་བསྒྲུབ་འགོ་ཚུགས་པ་རེད།
སློབ་མ་རྣམས་ཀྱིས་དགེ་རྒན་གྱི་མཛུབ་སྟོན་འོག་ཏུ་མ་ལག་ནང་འཇུག་དང་ལག་རྩལ་བཀོལ་ཐབས་ཐད་ལ་རྒྱུས་ལོན་བྱེད་པ།
“རྫོང་རིམ་པའི་གྲངས་ཀའི་དཔེ་མཛོད་ཁང་ཁྱབ་སྤེལ་གཏོང་བའི་འཆར་གཞིའི”དམིགས་ཡུལ་གཙོ་བོ་ནི། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་རྫོང་རིམ་པའི་ཡན་ལག་ལྟེ་གནས་ཀྱི་ལས་སྟེགས་འདི་བརྒྱུད་དེ། རྒྱལ་ཁབ་དཔེ་མཛོད་ཁང་གིས་རིན་མི་ལེན་པར་མཁོ་འདོན་བྱེད་པའི་ཕུལ་དུ་བྱུང་བའི་གྲངས་ཀའི་ཐོན་ཁུངས་དེ་རྫོང་རིམ་པའི་དཔེ་མཛོད་ཁང་རེ་རེར་བསྐྱལ་རྒྱུ་དེ་ཡིན།