logo

ཚན་ཞིབ་གསར་སྐྲུན་རུ་ཁག་འཛུགས་སྐྲུན་བྱེད་པ།

རྩོམ་པ་པོ།:རྡེའུ་དཀར་ནག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2010-11-08 ཀློག་གྲངས།:
  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་གཉིས་རིང་ལ། སློབ་གྲྭའི་ཚན་ཞིབ་ལས་དོན་སྔར་ལས་ལྷག་པའི་སྒོ་ནས་དར་རྒྱས་གཏོང་བ་དང་། སློབ་གྲྭའི་རིག་གཞུང་གསར་སྐྲུན་ནུས་ཤུགས་དང་ཆུ་ཚད་ཇེ་དྲག་ཏུ་གཏོང་བ། རྒྱ་ཆེའི་དགེ་རྒན་དང་ཚན་ཞིབ་ལས་དོན་པས་ཚན་རིག་ཞིབ་འཇུག་བྱེད་པར་ཧུར་བརྩོན་བྱས་ནས་རིམ་པ་མཐོ་ཞིང་གསར་སྐྲུན་རང་བཞིན་ལྡན་པའི་ཚན་ཞིབ་གྲུབ་འབྲས་ཐོན་པར་སྐུལ་མ་དང་རྒྱབ་སྐྱོར་གང་ལེགས་བྱེད་ཆེད། བོད་ལྗོངས་སློབ་ཆེན་གྱིས“རུ་ཁག་ཆེན་མོ་གསར་འཛུགས་དང་། ལས་གཞི་ཆེན་མོ་བརྩོན་ལེན་བྱེད་པ། གྲུབ་འབྲས་ཆེན་པོ་ཞིག་ཐོབ་པ”བཅས་ཀྱི་བླང་བྱ་བཏོན་ནས། ཚན་ཞིབ་གསར་སྐྲུན་རུ་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད། ད་ལོར་སློབ་གྲྭས་ཐོག་དང་པོར་ཆོག་མཆན་བཀོད་ནས། བོད་ཡིག་གི་བརྡ་འཕྲིན་ཐག་གཅོད་ལག་རྩལ་དང་། བོད་ལྗོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་རྒྱུན་མཐུད་དུ་བེད་སྤྱོད་བྱེད་པ། བོད་ལྗོངས་ས་ཁུལ་གྱི་དཔལ་འབྱོར་དང་དོ་དམ། མི་རིགས་སྒྱུ་རྩལ། ས་མཐོའི་གསོ་རིག ལོ་རྒྱུས་དང་རིག་གནས། བོད་ཀྱི་སྐད་ཡིག་དང་རྩོམ་རིག འཇིག་རྟེན་གློག་ཐིག་བཅས་ཚན་ཞིབ་རྣམ་གྲངས་བརྒྱད་ཀྱི་གསར་སྐྲུན་རུ་ཁག་འཛུགས་སྐྲུན་བྱས་ཏེ། ཚན་ཞིབ་གསར་སྐྲུན་རུ་ཁག་རེར་སྒོར་ཁྲི15རེ་སྤྲད་ནས་རུ་ཁག་འཛུགས་སྐྲུན་བྱས་ཡོད། བོད་ཡིག་ཆ་འཕྲིན་ལག་རྩལ་ནི་སློབ་གྲྭའི་ཆེས་ཁྱད་ཆོས་ལྡན་པའི་རིག་ཚན་ཁ་ཕྱོགས་ཀྱི་གྲས་ཤིག་ཡིན་པ་མ་ཟད། ད་དུང་བོད་རང་སྐྱོང་ལྗོངས་ཉིད་ཆ་འཕྲིན་ཅན་གྱི་ལམ་དུ་བསྐྱོད་པའི་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པ་ཡིན་ནོ།  །


འབྲེལ་ཡོད་འོས་སྦྱོར།