logo

ཨབ་བྲའི་གནོད་འཚེ་བཅོས་ཐབས་ཀྱི་ལག་རྩལ།

རྩོམ་པ་པོ།:ཚེ་བརྟན ཡོང་ཁུངས།:བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2008-05-15 ཀློག་གྲངས།:

  ཨབ་བྲའི་གནོད་འཚེ་ནི་རྩྭ་ཐང་མཁོ་མེད་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོའི་རིགས་ཤིག་ཡིན། རང་ལྗོངས་སུ་རང་བྱུང་རྩྭ་ཐང་ཁྱབ་རྒྱ་ཆེ་ཞིང་འབོར་ཚད་ཀྱང་མང་པོ་ཡིན། སོ་ཅན་སྲོག་ཆགས་ཀྱི་རིགས་དཔེར་ན་ས་མཐོའི་ཨབ་བྲ་དང༌། འཕྱི་ཕིག ཙི་ཙི༌། རི་བོང་ལྟ་བུ་ཡོད། དེ་ཚོའི་ནང་ནས་ཨབ་བྲ་དང་འཕྱི་ཕིག་གཉིས་ཀྱིས་རྩྭ་ཐང་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱིན་ཡོད་པས་ཨབ་བྲ་མེད་པར་བཟོ་ཐབས་མང་པོ་ཡོད་པ་ལས་དངོས་ཁམས་ལ་བརྟེན་ནས་ཨབ་བྲ་མེད་པ་བཟོ་ཐབས་དང༌། རྫས་འགྱུར་ལ་བརྟེན་ནས་ཨབ་བྲ་མེད་པ་བཟོ་ཐབས། སྐྱེ་ཁམས་རིག་པར་བརྟེན་ནས་ཨབ་བྲ་མེད་པ་བཟོ་ཐབས། འབྱུང་ཁམས་རིག་པར་བརྟེན་ནས་ཨབ་བྲ་མེད་པ་བཟོ་ཐབས་བཅས་ཐབས་བཞི་ལ་དབྱེ་བ་ཡིན། དེ་སོ་སོར་ཁྱད་ཆོས་རེ་ལྡན་ནའང་བེད་སྤྱོད་བྱེད་སྐབས་ཕན་ཚུན་མཐུན་སྦྱོར་བྱས་ཏེ་ཐབས་སོ་སོའི་དགེ་མཚན་འདོན་སྤོང་གང་ལེགས་ལ་བརྟེན་ནས་ཕན་ནུས་ལེགས་པོ་ཐོན་ཐུབ་པ་བྱ་དགོས་པ་ཡིན།

  དང་པོ། དངོས་ཁམས་རིག་པར་བརྟེན་ནས་ཨབ་བྲ་མེད་པ་བཟོ་ཐབས།

  ཐབས་ཤེས་སྟབས་བདེ་སྤྱད་དེ་ཨབ་བྲ་འཛིན་པ་ནི་མི་ཕྱུགས་གཉིས་ཀར་གནོད་པ་མེད་པར་བརྟེན། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཐབས་དེ་སྤྱོད་མཁན་མང་ཙམ་ཡོད་ཀྱང་ཡངས་ཤིང་རྒྱ་ཆེ་བའི་རང་བྱུང་རྩྭ་ཐང་ཐོག་ཐབས་དེ་རིགས་སྤྱོད་མཁན་དེ་ཙམ་ལས་མེད།

  གཉིས་པ། རྫས་འགྱུར་ལ་བརྟེན་ནས་ཨབ་བྲ་མེད་པ་བཟོ་ཐབས།

  རྫས་འགྱུར་གྱི་སྨན་རིགས་སྤྱད་དེ་ཨབ་བྲ་མེད་པ་བཟོ་ཐབས་ལ་རྫས་འགྱུར་གྱི་ཨབ་བྲ་མེད་པ་བཟོ་ཐབས་ཟེར་ཞིང༌། ཨབ་བྲ་མེད་པ་བཟོ་ཐབས་ཀྱི་རྫས་འགྱུར་སྨན་རིགས་ལ་གསོད་སྨན་དང༌། འཕེལ་འགོག་སྨན། གཡོལ་འགྲོ་བའི་སྨན་བཅས་ཡོད་ཅིང༌། དེའི་ནང་ནས་གསོད་སྨན་བེད་སྤྱོད་ཆེ་ཤོས་གཏོང་གི་ཡོད། རང་ལྗོངས་ཀྱིས་སྔར་བེད་སྤྱོད་གཏོང་བའི་གསོད་སྨན་གཙོ་བོ་ནི་བུར་ཤིང་ཡིན།

  (གཅིག) དུག་སྨན་བཟོ་ཐབས།

  རྒྱུན་སྤྱོད་དུག་སྨན་སྦྱོར་ཐབས་ནི་གྲོ་ཞིབ་དང་རྩམ་པ། སྔོ་ཚལ། རྩྭ་སྔོ་སྐམ་བཏང་བ། གཟན་པ་སྔོ་སྐམ་བཏང་བ་སོགས་དང་སྦྱར་ན་འཐུས། དུག་སྨན་དེ་པད་སྣུམ་དང༌། གྲོ་ཕྱེ་དང་རྩམ་པ་སོགས་ཀྱི་སྐྱོ་མ་བཟོས་ཏེ་འབྲུ་རིགས་དང་ཚལ་རིགས་ གང་རུང་ལ་བསྐུས་ནས་སྟེར་བ་ཡིན།

   (གཉིས) དུག་སྨན་སྦྱོར་ཐབས་ཀྱི་ཚད་གཞི་ནི།

  བུར་ཤིང་དང་གྲོ་སོག་གི་དུག་སྨན་བཟོ་ཐབས་ནི་བརྒྱ་ཆའི་༠.༥ཡིན་པ་དཔེར་ན། བུར་ཤིང་སྤྱི་རྒྱ་༠.༥ལ་ཆུ་སྤྱི་རྒྱ་༡༠སྦྱར་ཏེ་ནེ་ནས་གྲོ་སོག་སྤྱི་རྒྱ་༡༠༠བསྲེས་པའི་ཐོག་པད་སྣུམ་ཕྲན་བུ་སྦྱར་བ་བཅས་ཡིན། སྦྱོར་སྡེ་བྱེད་སྐབས་བུར་ཤིང་ (གནམ་གཤིས་གྲང་དུས་ཆུ་དྲོད་འཇམ་)དང་གྲོ་སོག་བཏགས་མ་སྦྱར་ཏེ་ལྕགས་སྣོད་ནང་སྨན་སྦངས་པའི་ཆུ་བླུགས་ཏེ་དཀྲུག་པ་དང་འབྲེལ་ཆུ་ཚོད་༢༤ཙམ་སྦངས་རྗེས་བུར་ཤིང་དང་གྲོ་སོག་བཏགས་མར་སྨན་ཆུ་རྣམས་ཐིམ་མཚམས་པད་སྣུམ་ཕྲན་བུ་སྦྱར་ནས་དཀྲུག་དཀྲུག་ཡག་པོ་བཏང་རྗེས་དུག་སྨན་བཟོས་ཟིན་པ་ཡིན།

   (གསུམ) དུག་སྨན་རྒྱག་ཐབས།

  གཅིག་གྱུར་གྱི་བཀོད་འདོམས་འོག འཆར་གཞི་བཀོད་རྒྱུད་དུ་སྟར་ཕྲེང་དུ་མི་རེའི་དབར་བར་ཐག་རྨིད་༤—༥བར་བཞག་ཐོག་ཙེ་ཁུང་གི་ཁུང་འགྲམ་དུ་དུག་སྨན་རྒྱག་པ་དང་ཙི་ཁུང་རེའི་འགྲམ་དུག་སྨན་རིལ་བུ་༡༠—༡༥བར་རྒྱག་རྒྱུ་དང་བར་སྟོང་མ་ལུས་པ་རྒྱག་དགོས།

   (བཞི)ཨབ་བྲ་གསོད་པའི་ནམ་དུས།

  དུག་སྨན་སྤྱད་དེ་ཨབ་བྲ་གསོད་པའི་ནམ་དུས་ནི་དགུན་དཔྱིད་གཉིས་ཡིན་པ་ནི་སྤྱི་ཟླ་༡༡ནས་༢བར་ཡིན། ནམ་དུས་དེའི་ནང་ལོ་སྔ་མའི་ནང་སྐྱེས་པའི་རྩྭ་རྣམས་སྐམ་པ་དང༌། ལོ་རྗེས་མའི་རྩྭའི་རིགས་སྐྱེ་རྒྱུ་ཡིན་པ། ཧའི་བང་རིམ་རྣམས་འཁྱགས་ཐེབས་ནས་ཨབ་བྲའི་ཟས་རིགས་འཚོལ་དཀོན་པའི་དུས་དང་བསྟུན་ནས་དུག་སྨན་བརྒྱབ་ན་ཨབ་བྲ་དུག་སྨན་གྱིས་གསོད་བདེ་བ་ཡོད། གཞན་ཡང་གངས་བཏང་རྗེས་སུ་ཙི་ཁུང་གངས་ཀྱིས་བཀབ་སྟབས་ཨབ་བྲ་ཡོད་པའི་ཁུང་བུའི་ཁ་གསར་དུ་དྲུས་པ་མཐོང་རྒྱུ་ཡོད་ལ་གངས་བབས་པའི་དབང་གིས་ཨབ་བྲའི་ཟས་རིགས་དཀོན་པས་སྐབས་དེ་དང་བསྟུན་ནས་ཁུང་བུའི་ཁ་འགྲམ་དུ་དུག་སྨན་བཀྲམ་ན་ཨབ་བྲ་གསོད་ཀྱི་ཡོད།

  རྫས་འགྱུར་གྱི་ཐབས་ལ་བརྟེན་ནས་ཨབ་བྲ་གསོད་མགྱོགས་པ་ཡོད་ཀྱང་རྫས་འགྱུར་སྤྱོད་ཐབས་ལ་མ་གནས་ཐོབ་ཆེ་བ་དང༌། སྤྱོད་ཐབས་མཁས་པོ་མ་བྱུང་ཚེ་མི་ཕྱུགས་ཚང་མར་གནོད་འཚེ་འབྱུང་བའིམ་ཐ་ན་ཤི་སྐྱོན་ཡང་འབྱུང་སྲིད་པས་དུག་གིས་ཤི་བའི་རོ་གཞན་གྱིས་ཟོས་ཚེ


འབྲེལ་ཡོད་འོས་སྦྱོར།