༄༅།། རྩྭ་ཐང་གི་འབུ་སྐྱོན་འགོག་བཅོས་ལག་རྩལ།
དང་པོ། རང་ལྗོངས་ཀྱི་རྩྭ་ཐང་གནོད་འབུ་གཙོ་བོ།
བོད་ལྗོངས་ཀྱི་རྩྭ་ཐང་གནོད་འབུ་གཙོ་བོ་རྩྭ་འབུ་སྤུ་གཟེངས་དང༌། རྩྭ་འབུ། ཆ་ག་པ། མེ་ལྕེབ་ཕྱེ་ལེབ། ས་འབུ་མགོ་སེར་སོགས་ཡིན། རང་བྱུང་རྩྭ་ཐང་ལ་རྩྭ་འབུའི་གནོད་འཚེ་ཆེ་ཤོས་ཡིན་པ་དང༌། མིས་བཟོས་རྩྭ་རར་ས་འབུ་མགོ་སེར་གྱི་གནོད་འཚེ་ཆེ་ཤོས་ཡིན།
གཉིས་པ། གནོད་འབུས་རྩྭ་ཐང་ལ་བཟོས་པའི་གནོད་འཚེ།
རྩྭ་འབུ་སྤུ་གཟེངས་ནི་ཕྱི་རོལ་གྱི་གནམ་གཤིས་ལ་བསྟུན་ནས་འཚོ་བ་ཞིག་ཡིན་པས་དྲོད་ཚད་དམའ་ན་འབུ་ཕྲུག་འགུལ་ཐབས་བྲལ་ཞིང༌། དྲོད་ཚད་℃༡༠ནས་℃༡༥སླེབས་པ་དང༌། ཉི་ཟེར་ཤུགས་ཆུང་བའི་སྐབས་འབུ་ཕྲུག་དེ་རིགས་འགུལ་སྐྱོད་གང་མང་བྱེད་ཅིང༌། སྤྱིར་བཏང་ཉིན་རེ་ཞོགས་པའི་ཆུ་ཚོད་༩ནས་༡༡བར་དང༌། ཕྱི་དྲོ་ཆུ་ཚོད་༣ནས་༧གྱི་བར་འབུ་དེ་རིགས་ཟས་ཟ་བའི་སྒང་འཁེལ་བཞིན་ཡོད། དེ་ནི་གཙོ་བོ་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༣༠༠༠ནས་༥༠༠༠བར་ཡོད་པའི་ས་མཐོའི་རྩྭ་ཐང་དང་སྤང་ལྗོངས་སུ་སྐྱེ་འཕེལ་འབོར་ཆེན་བྱས་ཏེ་གླིང་དང་གླིང་གི་སའི་རྩྭ་ཁ་གཙང་དག་བཟས་ནས་ཕྱུགས་རིགས་དང་རྩྭ་ཁ་འཕྲོག་རེས་བྱེད་མཁན་ལྟ་བུའི་གནོད་འབུ་ཞིག་ཡིན་སྟབས། དེས་ཟས་ཤུལ་གྱི་རྩྭ་རིམ་བཞིན་ཉམས་ཞན་དུ་གྱུར་བ་དང་རྩྭ་ངན་གཞན་དང་དུག་རྩྭའི་རིགས་སྐྱེ་མང་དུ་སོང་སྟེ་མཐར་རྩྭ་ཐང་གོ་སྔོ་རྩྭ་སྐྱོ་ཚད་ཞན་པོར་འགྱུར་གྱི་ཡོད། རྩྭ་འབུ་སྤུ་གཟེངས་དེ་དཔྱིད་རྩྭ་ཁ་འབུས་ཙམ་ནས་སྟོན་རྩྭ་སེར་པོར་མ་འགྱུར་བར་དང་ལྷག་པར་དུ་དཔྱིད་དུས་སྔོ་རྩྭ་ཁ་འབུས་སྐབས་འབུ་ཕྲུག་ཚོ་རྩྭ་ཟ་འགོ་ཚུགས་པ་དང་སྔོ་རྩྭ་རྣམས་ཁ་འབུས་མ་ཐག་ནས་གནོད་འབུ་དེ་རིགས་ཀྱིས་བཟས་སྟབས་རྩྭ་ཐང་སྔོ་རྩྭའི་སྐྱེ་སྟོབས་ཉམས་ནས་རྩྭ་ཁ་བཟང་པོ་སྐྱེ་རྒྱུར་གནོད་སྐྱོན་ཆེན་པོ་བཟོ་བ་དང༌། གནོད་ཚབས་ཆེ་སར་རྩྭ་ཐང་རྨིད་ངོས་གྲུ་མ་རེ་རེའི་སར་གནོད་འབུ་༥༠༠ནས་༦༠༠ཙམ་ཐོན་ནས་རྩྭ་ཁ་བཟས་སྟབས་རྩྭ་ཐང་གི་རྒྱ་ཁྱོན་གླིང་དང་གླིང་གི་སྔོ་རྩྭ་གཙང་དག་བཟོས་ནས་སྡེར་སྟོང་དུ་གྱུར་གྱི་ཡོད།
རྩྭ་འབུ་སྤུ་གཟེངས་འདི་རིགས་ཀྱིས་རྩྭ་ཐང་ཐོག་གི་རྩྭ་ཁར་གནོད་འཚེ་གཏོང་བས་མ་ཚད་མི་ཕྱུགས་ལའང་གནོད་འཚེ་ངེས་ཅན་གཏོང་གི་ཡོད།
གསུམ་པ། རྩྭ་ཐང་གི་གནོད་འབུ་འགོག་བཅོས་བྱེད་སྟངས་དང་ཐབས་ཤེས།
རྒྱ་ཁྱོན་ཆེ་བའི་རྩྭ་ཐང་ལ་འབུ་སྐྱོན་འགོག་བཅོས་མ་བྱས་གོང་དེ་ཁུལ་རྒྱ་ཁྱོན་དང༌། ས་བབ། ས་རིམ་མཐོ་ཚད། གནོད་འབུའི་ཁྱབ་ཞིབ་ཚད་དང༌། གནོད་འབུའི་ན་སོ་རྒན་གཞོན། ཁྱབ་ཡུལ་གྱི་གནས་ཚུལ་སོགས་ལ་བརྟག་དཔྱད་ཞིབ་འཇུག་ནན་པོ་བྱས་རྗེས་གཞི་ནས་འགོག་བཅོས་ཀྱི་བྱ་ཐབས་ཡང་དག་པ་གཏན་འཁེལ་བཟོ་དགོས།
རྩྭ་འབུ་སྤུ་གཟེངས་འགོག་བཅོས་བྱེད་སྟངས།
རྩྭ་ཐང་གི་གནོད་འབུ་རིགས་ཤིན་ཏུ་མང་པོ་ཡོད་ཅིང༌། འདིར་རང་ལྗོངས་ཀྱི་རྩྭ་ཐང་ལ་གནོད་འཚེ་ཆེ་ཤོས་དང་ཁྱབ་ཚད་རྒྱ་ཆེ་ཤོས་ཀྱི་རྩྭ་འབུ་སྤུ་གཟེངས་དང་ཆ་ག་པ་འགོག་བཅོས་བྱེད་སྟངས་ངོ་སྤྲོད་རོབ་ཙམ་བྱས་ན་ནི།
༡ རྩྭ་འབུ་སྤུ་གཟེངས་འགོག་བཅོས་བྱེད་སྟངས།
རྫས་འགྱུར་གྱི་འབུ་སྨན་སྤྱད་དེ་འགོག་བཅོས་བྱེད་སྟངས། དེ་ནི་འབུ་གསོད་མྱུར་བ་དང༌། གསོད་ནུས་ཐོན་ཆེ་བ། དུས་ཐུང་ནང་གནོད་འབུ་འབོར་ཆེན་གསོད་ཐུབ་པ་བཅས་ཡིན་པས་སྐྱེ་དངོས་སྲུང་སྐྱོང་ཐད་ནུས་པ་ཆེན་པོ་ཐོན་གྱི་ཡོད་པ་མ་ཟད། སྤྱོད་སྟབས་བདེ་ཞིང་ནམ་དུས་ཀྱི་ཁྱད་པར་མེད་སྟབས་རྒྱ་ཁྱོན་ཆེ་སར་སྤྱོད་རྒྱུ་དང་འཕྲུལ་འཁོར་གྱིས་གཏོར་ན་ཆོག་པ་བཅས་ཡིན་པས་རྫས་འགྱུར་འབུ་སྨན་གྱིས་གནོད་འབུ་འགོག་བཅོས་བྱ་རྒྱུ་དེས་གལ་ཆེའི་གནས་བབ་བཟུང་ཡོད། འོན་ཀྱང་རྫས་འགྱུར་གྱི་འགོག་བཅོས་དེ་རིགས་ལའང་ཞན་ཆ་ཟུང་དུ་གནས་པ་ནི་འབུ་སྨན་བཏབ་པ་ལས་གནོད་འབུ་ཤི་བ་དང་ལྷན་དུ་གནོད་འབུའི་ཁ་གནོན་བྱ་རིགས་རྣམས་ལའང་ལྷན་དུ་ཤི་སྐྱོན་བྱུང་སྟེ་གནོད་འབུ་ཟ་མཁན་མ་བྱུང་བར་གནོད་འབུ་མྱུར་པོར་སླར་འཕེལ་ཐུབ་པ་མ་ཟད། དེ་སྔོན་ལས་མང་བ་འཕེལ་བ་དང༌། འབུ་སྨན་དེ་སྤྱད་དབང་གིས་གནོད་འབུ་གཞན་དར་སྲིད་ལ་རྩྭ་ཐང་ལ་གནོད་སྐྱོན་འབྱུང་སྲིད་པས་དོན་དངོས་ལ་བསམ་གཞིགས་བྱས་ཏེ་རྫས་འགྱུར་གྱི་འབུ་སྨན་སྤྱོད་ཐབས་ཡང་དག་སྤྱད་དེ་གནོད་འབུ་འགོག་བཅོས་བྱེད་དགོས་པ་གལ་ཆེའོ། །
“བརྒྱ་འདུལ་འབུ་སྨན་”སྟོར་ཐབས། དེ་ནི་སྤང་དང༌། རྩི་ཤིང་ཁྱབ་པར་སྐྱེས་པའི་འབུ་ཆ་ག་པ་ཁྱབ་ཆེ་སར་སྟོར་རྒྱུ་དང༌། རྒྱ་ཁྱོན་མུའུ་རེའི་སར་འབུ་སྨན་སྤྱི་རྒྱ༡.༥ནས་༢.༥བར་སྟོར་ན་ཆ་ག་པ་དང་རྩྭ་འབུ་སྤུ་གཟེངས་ཀྱི་གནོད་སྐྱོན་འགོག་ཐུབ།
དུག་སྨན་རྒྱག་ཐབས། དེ་ནི་སྤང་རྩྭ་སྲབ་སར་རྒྱག་རྒྱུ་དང༌། དུག་སྨན་སྦྱོར་སྐ