logo

༄༅།། རྩྭ་རའི་དུག་རྩྭ་སྔོན་འགོག་གི་ལག་རྩལ།

རྩོམ་པ་པོ།:ཚེ་བརྟན ཡོང་ཁུངས།:བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2008-05-15 ཀློག་གྲངས།:

 དང་པོ། རང་ལྗོངས་སུ་ཡོད་པའི་དུག་རྩྭ་གཙོ་བོ།

  རང་ལྗོངས་ཀྱི་རང་བྱུང་སྤང་ལྗོངས་ཐོག་ཕྱུགས་ཟོག་གིས་ཟ་རུང་པའི་རྩྭ་རྣམས་ཕུད་ད་དུང་ཕྱུགས་ཟོག་གིས་ཟ་མི་རུང་པའི་དུག་རྩྭའི་རིགས་ཀྱང་སྐྱེ་བཞིན་ཡོད། དུག་རྩྭ་དེ་དང་དེ་ལྟ་བུ་ཡུལ་ལུང་སོ་སོའི་ཤེས་པར་བརྟེན་ནས་མེད་པ་བཟོ་གང་ཐུབ་བྱེད་དགོས།

  གཉིས་པ། དུག་རྩྭའི་གནོད་སྐྱོན།

  རང་བྱུང་སྤང་ལྗོངས་དང་རྩྭ་རའི་ནང་དུག་ཤེད་ཆེ་བའི་རྩྭ་ངན་སྐྱེ་བ་དེས་ས་ཆུའི་འཚོ་བཅུད་འཐེན་འགྲོ་བ་མ་ཟད་ཟོག་རྩྭའི་སྐྱེ་འཚར་ལའང་གནོད་སྐྱོན་བཟོས་ཏེ་རང་བྱུང་རྩྭ་ཐང་གི་རྩྭ་སྤུས་དང་ཐོན་འབབ་ལ་སྐྱོན་བཟོ་བས་མ་ཚད་དུག་རྩྭ་སྐྱེས་མང་བའི་སྐབས་ཕྱུགས་ཟོག་གིས་ནོར་ནས་བཟས་རྐྱེན་ཕྱུགས་ཟོག་ལ་རྩྭ་དུག་ཕོག་ནས་ཕྱུགས་ཟོག་ཐོན་ལས་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད། དཔེར་ན་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་དང་མཚོ་ཆེན་རྫོང་དུ་ཕྱུགས་ཟོག་གིས་དུག་ཕོག་ཉེས་ཤོར་ནས་འཆི་སྐྱོན་བྱུང་བའི་ཕྱུགས་ཟོག་གི་སྤྱི་གྲངས་ཀྱི་༥༠%དང་༢༠%ཟིན་མྱོང་ཡོད།

  གསུམ་པ། དུག་རྩྭའི་ཁྱབ་ཁོངས།

  རང་ལྗོངས་སུ་དུག་རྩྭ་སྐྱེ་ཁོངས་རྒྱ་ཆེ་ཞིང་སྣེ་རིགས་མང་པོ་ཡོད་པ་རྣམས་ཕལ་ཆེ་བ་ནུབ་རྒྱུད་སྤང་ཐང་ཐོག་སྐྱེ་བ་ཡིན།

  བཞི་པ། དུག་རྩྭ་འགོག་བཅོས་བྱ་ཐབས།

  དུག་རྩྭ་འགོག་བཅོས་བྱ་ཐབས་ལ་འཕྲུལ་ཆས་ཀྱི་འགོག་བཅོས་དང་རྫས་འགྱུར་གྱི་འགོག་བཅོས་བྱ་ཐབས་གཉིས་ཡོད།

  (གཅིག) འཕྲུལ་ཆས་ཀྱི་འགོག་བཅོས་བྱ་ཐབས།

  མིས་ཟོར་བ་དང་རྐོ་མ་སོགས་སྤྱད་དེ་དུག་རྩྭ་འགོག་བཅོས་བྱེད་རྒྱུ་དང། འཕྲུལ་འཁོར་སྤྱད་དེ་དུག་རྩྭ་འགོག་བཅོས་བྱ་ཐབས་ནི་ལྐུགས་རྟགས་ཆེ་ལ་མི་ཤུགས་མང་པོ་འདོན་དགོས་པས་རྩྭ་ཐང་ཆུང་ངུའི་ཐོག་མ་གཏོགས་སྤྱོད་ཐབས་དཀའ་བ་ཡོད། ཡིན་ན་ཡང་གལ་ཏེ་མང་ཚོགས་སྐུལ་སློང་དང༌། སྒྲིག་འཛུགས་གང་ལེགས་བྱེད་ཐུབ་ན་ཕན་འབྲས་ཆེན་པོ་ཐོན་ཐུབ། མིས་བཀོག་པའི་རྩྭ་ངན་སླར་སྐྱེ་བ་ཡིན་པས་འགོག་ཐེངས་མང་ཙམ་བྱེད་དགོས་པ་ཡིན། སྤྱིར་ན། འཕྲུལ་ཆས་ཀྱིས་རྩྭ་ངན་འགོག་བཅོས་བྱེད་སྐབས་དོ་སྣང་བྱེད་དགོས་པ་གཤམ་གསལ།

  ༡. རྩྭ་ངན་རྩ་འགོག་གཏོང་བ་དང་མཆེ་བ་གཏོང་སར་གཏོར་བཤིག་བཏང་ནས་རྩྭ་ངན་སླར་སྐྱེ་མི་ཐུབ་པ་བཟོ་དགོས།

  ༢. ཆར་པ་བབས་རྗེས་སུ་བྱས་ན་ས་གའི་འབོལ་བས་རྩ་བ་འགོག་བདེ་བ་ཡོད།

  ༣. ངེས་པར་དུ་དུག་རྩྭ་རྣམས་འབྲུ་གུ་མ་བཏགས་གོང་བྱེད་དགོས།

  (གཉིས) རྫས་འགྱུར་གྱི་འགོག་བཅོས་བྱ་ཐབས།

  རྒྱུན་དུ་སྤྱོད་པའི་དུག་རྩྭ་འགོག་བཅོས་བྱེད་པའི་སྨན་རིགས་༢་༤—Dདང༢—༤.༥—D༢.༤—Dཏིང་ཚུར་(丁醋)ཡོད་པ་རང་ལྗོངས་ཀྱི་རྩྭ་ཐང་ཐོག་བེད་སྤྱོད་མང་ཤོས་གཏོང་བ་དང༌། དུག་རྩྭ་མེད་པ་བཟོ་ནུས་ཆེ་བའི་སྨན་རིགས་ནི་༢.༤—Dཏིང་ཚུར་དེ་ཡིན། སྨན་རིགས་དེ་ཉིད་ལོ་རབས་དགུ་བཅུའི་ལོ་འགོར་ནག་ཆུ་ཁུལ་དུ་ཚོད་ལྟ་བྱས་པར་སྨན་ནུས་༩༠%ཐོན་ཡོད།

  ༢.༤—Dཏིང་ཚུར་ནི་གསོད་རྨས་ཀྱི་ནུས་པ་ཆེ་བས་སྐྱེ་ལོ་གཅིག་ཡིན་པ་དང་ལོ་མང་ཡིན་པའི་དུག་རྩྭ་ལོ་མ་ཉིས་སྐྱེས་ལ་སྐྱོན་ཤུགས་ཆེན་པོ་གཏོང་ཐུབ་པ་དང༌། ལོ་མ་གཅིག་སྐྱེས་ཀྱི་དུག་རྩྭའི་རིགས་ལ་སྐྱོན་གཏོང་ནུས་ཚད་ཞན་ཙམ་ཡིན།

  སྨན་དེ་སྦྱོར་ཐབས་ནི། མུའུ་རེའི་སར་སྨན་སྤྱོད་ཚད་རྒྱ་མ་༠.༢ལ་ཆུ་རྒྱ་མ་ ༢༠༠སྦྱར་ནས་ཟེགས་གཏོར་བྱ་རྒྱུ་ཡིན།

  སྨན་ཁུ་གཏོར་བའི་ལག་རྩལ་ནི། མིག་སྔར་སྤྱོད་ཆེ་ཤོས་ནི་རླངས་གཏོར་བྱ་རྒྱུ་ ཡིན་ཞིང་ཕྱེ་གཏོར་བྱེད་པའང་ཡོད།

  དར་རྒྱས་ཆེ་བའི་རྒྱས་ཁབ་ཀྱིས་མཁའ་མཐོངས་ནས་གནམ་གྲུས་གཏོར་ཞིང༌། ངེས་པར་དུ་སྨན་ཁུའི་གར་ཚད་དགོས་དབང་ལྟར་བཟོས་རྗེས་གནམ་དྭངས་ཤིང་ཉི་ཟེར་ཤུགས་ཆེ་བའི་ཉིན་ཞིག་ལ་གཏོར་ན་ལེགས་པོ་ཡོད། སྐམ་ཤས་ཆེ་ཁུལ་དུ་ཞ་ཚད་དམའ་བས་ཞོགས་པ་ཞ་ཚད་ཆེ་སྐབས་གཏོར་བ་ཡིན། རྒྱ་ཁྱོན་ཆེ་བའི་རྩྭ་ཐང་ཐོག་གཏོར་དགོས་ན་ངེས་པར་དུ་སྔོན་ལ་རྒྱ་ཁྱོན་ཆུང་བའི་རྩྭ་ཐང་ཐོག་ཚོད་ལྟ་བྱས་ནས་སྨན་ཁུ་དེས་སྐྱེ་དངོས་སྣ་ཚོགས་སོ་སོར་སྐྱོན་ཤུགས་གང་བྱེད་དང༌། སྨན་ཁུ་སྤྱོད་ཚད། སྨན་ཁུའི་གར་ཚད་སོགས་གཏན་ལ་ཕབ་དགོས།


འབྲེལ་ཡོད་འོས་སྦྱོར།