མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ་ཉར་བའི“སྒོར་མོ”དེ་དག
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2022-09-09
ཀློག་གྲངས།:
མི་ཚང་མས་རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་འདྲ་ཞེས་བཤད་ནའང་། ལྭ་བ་ཉོ་བ་དང་། ཕྱི་ནས་ཟ་མ་ཟ་བ། རླངས་འཁོར་དང་ཁང་བ་ཉོ་བ་སོགས་གང་ཞིག་བྱེད་ཀྱང་། སྒོར་མོ་དང་ཁ་འབྲལ་ཐབས་མེད། དེའི་དབང་གིས། “སྒོར་མོ་ནི་ནུས་པ་ཀུན་འཛོམས་ཤིག་མིན་ཡང་། གཏན་ནས་མེད་མི་རུང”ཞེས་པའི་ཁ་དཔེ་དེས་སྒོར་མོའི་གལ་ཆེན་རང་བཞིན་ལ་སྤྱི་བསྡོམས་བྱས་ཡོད།
མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་གོ་རིམ་ནང་དུ། སྒོར་མོ་མེད་ས་ཞིག་མེད། རྒྱལ་རབས་ཀྱི་དར་རྒུད་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས། ཐོན་སྐྱེད་ནུས་ཤུགས་ཀྱི་ཡར་ཐོན་བཅས་གང་ཞིག་ཏུའང་། སྒོར་མོའི་གཟུགས་བརྙན་མཐོང་ཐུབ། དེར་བརྟེན། མི་ཁ་ཤས་ཀྱིས་ཀྲུང་གོའི་སྒོར་མོའི་ལོ་རྒྱུས་ཀྱང་ཀྲུང་གོའི་ལོ་རྒྱུས་ཤིག་ཡིན་ཞེས་བཤད་ཡོད།
མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ། ལོ5300ཡི་སྔོན་གྱི་རྡོ་ཆས་གསར་མའི་དུས་རབས་ནས་ཉེ་དེང་རབས་བར་དུ་སྤྱད་པའི་སྒོར་མོའི་རིགས་འགའ་ཉར་འཇོག་བྱས་ཡོད་པ་དང་། དེ་རུ་ཏ་སིག་ས་ཧྲན་རྒྱལ་རབས(波斯萨珊朝)ཀྱི་དངུལ་སྒོར་དང་རོ་མ(罗马)ཡི་གསེར་སྒོར་ཡོད་པར་མ་ཟད། ད་དུང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་བོད་ས་གནས་སྲིད་གཞུང་གི་དངུལ་ཊམ(藏币)ཡང་ཡོད་པ་རེད།
གནའ་བོའི་སྒོར་མོ་གླེང་ཡོང་ན། ཁྱོད་ཀྱིས་སེམས་ལ་ཐེངས་དང་པོར་དྲན་ཡོང་བ་ནི་ཕྱི་སྒོར་དབྱིབས་དང་ནང་གྲུ་བཞི་ཡི་དུང་ཙེ་ཡིན་སྲིད། བཟོ་ལུགས་འདི་འདྲའི་སྒོར་མོ་ནི་ཀྲུང་གོའི་ལོ་ངོ་ཉིས་སྟོང་གི་ཤེས་རིག་ལོ་རྒྱུས་བརྒྱུད་མྱོང་བར་མ་ཟད། ད་དུང་ཀྲུང་ཧྭའི་མི་སེར་རྒྱལ་ཁབ་བར་དུ་རྒྱུན་ཆད་མེད་པར་བཀོལ་སྤྱོད་ཀྱང་བྱས་ཡོད། དོན་དངོས་སུ། སྒོར་མོའི་ཆེས་ཐོག་མའི་རྣམ་པ་ནི་ཕྱི་སྒོར་དབྱིབས་དང་ནང་གྲུ་བཞི་ལྟ་བུ་ཞིག་མིན། ཀྲུང་གོའི་ཆེས་སྔ་བའི་དངུལ་ལོར་ནི་འགྲོན་བུའི་སྒོར་མོ་ཡིན་ཞིང་། སྐབས་དེའི་འགྲོན་བུའི་སྒོར་མོ་ནི་མཚོ་ནང་གི་འགྲོན་བུ་ཡིན། རྗེས་སུ་བཙོ་སྦྱོང་ལག་རྩལ་ལ་བྱང་ཆ་ལྡན་པ་དང་བསྟུན་ནས། འཁར་བའི་འགྲོན་བུའི་སྒོར་མོ་བྱུང་བ་དང་། ཐ་ན་སྐུ་དྲག་ཁ་ཤས་ཀྱིས་གསེར་སྤྱད་ནས་གསེར་གྱི་འགྲོན་བུའི་སྒོར་མོ་བཟོས་ཏེ། རང་ཉིད་ཀྱི་ཐོབ་ཐང་ངོམ་པའང་ཡོད། གླེང་དགོས་པ་ཞིག་ལ། འཁར་བའི་འགྲོན་བུའི་སྒོར་མོ་དང་གསེར་གྱི་འགྲོན་བུའི་སྒོར་མོ་ལ། སྐབས་དེར་རིན་ཐང་ཧ་ཅང་ཆེན་པོ་ཡོད་སྟབས། འབངས་དཀྱུས་མ་ལ་གཏན་ནས་ཡོད་མི་སྲིད།
ད་སྐབས། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཡ་གྱལ་ཞིག་ཡིན་པའི་སྒོར་མོའི་རིག་གནས་ཀྱི་དོན་སྙིང་ནི་སྒོར་མོ་རང་གི་འགྲོ་རྒྱུག་དངུལ་ལོར་གྱི་ཁྱབ་ཁོངས་ལས་བརྒལ་ཡོད། སྒོར་མོའི་ཁྲོམ་ར་ཡི་འཕེལ་རྒྱས་བྱུང་བ་དང་། ལོ་རྒྱུས་དུས་སྐབས་ཁག་གི་ཆབ་སྲིད་དང་དཔལ་འབྱོར། མི་དོན། རིག་གནས་བཅས་ཀྱི་བར་ལ་འབྲེལ་བ་དམ་ཟབ་ཡོད་པ་ལས། སྤྱི་ཚོགས་འཚོ་བའི་ཕྱོགས་ཚང་མར་ཤན་ཤུགས་ཐེབས་ཡོད། སྒོར་མོའི་རིག་གནས་འདི་རིག་དངོས་གཞན་པ་སྣ་ཚོགས་ཀྱི་ཐོག་ཏུ་མངོན་པར་གྱུར་ནས། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ། མི་རྣམས་ཀྱིས་རྒྱུ་ནོར་བཙལ་བ་དང་བདེ་སྐྱིད་འཚོ་བ་ལ་རེ་སྨོན་བྱེད་པ་དེ་མཚོན་ཡོད།
“ཏ་ཆོན་ལྔ་བཅུ(大泉五十)”རྫའི་པར་ཀོང་།(ཧན་རྒྱལ་རབས་ཀྱི་དུས་སྐབས།)
ཏ་སིག་ས་ཧྲན་རྒྱལ་རབས་ཀྱི་དངུལ་སྒོར།(ལྷོ་བྱང་རྒྱལ་རབས་ཀྱི་དུས་སྐབས།)
རོ་མའི་གསེར་སྒོར།(ལྷོ་བྱང་རྒྱལ་རབས་ཀྱི་དུས་སྐབས།)
“ཁྲུང་ཉིང་ཐུང་པའོ(崇宁通宝)”དུང་ཙེ།(སུང་རྒྱལ་རབས་ཀྱི་དུས་སྐབས།)
ཡོན་རྒྱལ་རབས་ཀྱི་ཤོག་དངུལ།(ཡོན་རྒྱལ་རབས་ཀྱི་དུས་སྐབས།)
བོད་ས་གནས་སྲིད་གཞུང་གི་དངུལ་ཊམ།(ཉེ་དེང་རབས་ཀྱི་དུས་སྐབས།)
འབྲེལ་ཡོད་འོས་སྦྱོར།