མིའི་རིགས་མཐོ་སྒང་དུ་མཆེད་ནས་གཏན་སྡོད་བྱས་པའི་བར་ལ་དུས་རིམ་ལྔ་བརྒྱུད་ཡོད།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2022-09-19
ཀློག་གྲངས།:
ཉེ་ཆར། མདོ་དབུས་མཐོ་སྒང་ཚན་རིག་རྟོག་ཞིབ་ཀྱི་རིག་གཞུང་སྤེལ་རེས་བྱེད་སྒོ་ཐེངས་བདུན་པ་སྟེ“ས་གཤིས་འཕོ་འགྱུར་དང་མིའི་རིགས་ཀྱི་འཕྲོད་མཐུན”ཞེས་པའི་ཆེད་དོན་སྤེལ་རེས་ཚོགས་འདུ་པེ་ཅིང་སློབ་ཆེན་དུ་འཚོགས་པ་རེད།
མདོ་དབུས་མཐོ་སྒང་གི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་དུས་ཀྱི་མིའི་རིགས་ཀྱི་འགུལ་སྐྱོད་ཁྱབ་ཚུལ།
ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཁྲེན་ཧྥ་ཧུའུ་ཡིས་མཚམས་སྦྱོར་བྱས་ན། མདོ་དབུས་མཐོ་སྒང་གི་གནའ་ཤུལ་རྟོག་ཞིབ་ལ་བརྟག་དཔྱད་སྔོག་འདོན་དང་། མཚེའུ་ཡི་དིམ་བསགས་དངོས་པོ་དང་ལོ་རྒྱུས་ཡིག་ཆ་ལ་དབྱེ་ཞིབ་བྱས་པ་བརྒྱུད། མིའི་རིགས་མཐོ་སྒང་དུ་མཆེད་ནས་གཏན་སྡོད་བྱས་པའི་བར་དུ་དུས་རིམ་ལྔ་ཡོད་པ་ཤེས་རྟོགས་བྱུང་བ་རེད། དེ་ལས་དུས་རིམ་དང་པོ་ལ། གནའ་བོའི་རིགས་ཀྱི་ཤེས་མི་གསར་བསྒྱུར་དུས་སྐབས་ཀྱི་མཇུག་དུས་ནས་བཟུང་མཐོ་སྒང་ལ་ལུས་ཁམས་འཕྲོད་མཐུན་བྱུང་བ་དང་། དུས་རིམ་གཉིས་པ་ལ། དེང་རབས་ཤེས་མི་ནི་ལོ་ཁྲི4ནས3ཡི་སྔོན་ནས་བཟུང་མཐོ་སྒང་གི་ལྟེ་བའི་ས་ཆར་འཚོལ་ཞིབ་བྱེད་མགོ་ཚུགས་པ། དུས་རིམ་གསུམ་པ་ལ། ཐེངས་མཐའ་མའི་འཁྱགས་ཞུ་དུས་སྐབས་ནས་བཟུང་བའི་ནམ་ཟླ་དྲོ་འགྱུར་གྱི་དུས་རིམ་ལ། ཞིབ་བཟོ་རྡོ་ཆས་སྤྱོད་པའི་མི་ཚོགས་མཐོ་སྒང་གི་ཁྱབ་ཁོངས་ཆེ་སར་ཁྱབ་པ། དུས་རིམ་བཞི་པ་ལ། ཁྲེ་རྒོད་ཞིང་ལས་ཀྱི་མི་ཚོགས་ནི་ལོ5200ཡི་སྔོན་ནས་བཟུང་མཐོ་སྒང་ཤར་རྒྱུད་ཀྱི་མཚོ་འཕགས་དམའ་བའི་རོང་ཁུལ་དུ་ཐོན་པ་དང་ལོ4800ཡི་སྔོན་ལ་མཐོ་སྒང་ཤར་རྒྱུད་ཀྱི་མཚོ་འཕགས་སྨི3000ཡན་གྱི་ཁྱབ་ཁོངས་སུ་འཚོ་སྡོད་བྱས་པ། དུས་རིམ་ལྔ་པ་ལ། ལོ3500ཡི་སྔོན་ལ་གྲོ་རིགས་དར་བ་དང་ཕྱུགས་ལས་དཔལ་འབྱོར་འཕེལ་རྒྱས་བྱུང་བ་གཉིས་ཀྱིས་མིའི་རིགས་མཚོ་འཕགས་མཐོ་ཁུལ་གྱི་ཁྱབ་ཁོངས་ནས་གཞི་རྒྱ་ཆེ་བའི་ངང་གཏན་སྡོད་བྱེད་པ་ལ་རོགས་འདེགས་བྱས་པ་བཅས་ཡིན།
མདོ་དབུས་མཐོ་སྒང་གི་ས་དབྱིབས་དང་ཆུ་ལག དེའི་ཉེ་འཁོར་ས་ཁུལ་གྱི་རྡོ་ཆས་རྙིང་བ(དམར་མདོག་སྒོར་དབྱིབས)དང་རྡོ་ཆས་བར་མ(ལྗང་མདོག་གྲུ་བཞི)ཡི་གནའ་ཤུལ་ཁྱབ་ཚུལ།
པེ་ཅིང་དགེ་འོས་སློབ་ཆེན་གྱི་ས་རྒྱུས་ཚན་རིག་སློབ་ཚོགས་ཀྱི་འགོ་བ་སྟེ་དགེ་རྒན་ཆེ་མོ་སུང་ཁྲང་ཆིང་གིས་བསྟན་དོན། མདོ་དབུས་མཐོ་སྒང་གི་འདས་པའི་ལོ2000རིང་གི་རུས་ཚོགས་བར་སྟོང་གི་བྱ་སྤྱོད་དང་། ཀྲུང་གོའི་ཤར་རྒྱུད་ས་ཁུལ་གྱི་འགལ་བ་དང་ཞི་བདེ། གནས་སྤོར་སོགས་གལ་ཆེའི་དོན་རྐྱེན་གྱི་ཆ་འཕྲིན་ལ་དབྱེ་ཞིབ་བྱས་པ་བརྒྱུད་ནས་གསལ་བ་ལྟར་ན། དྲོ་འཇམ་དུས་སྐབས་སུ། མདོ་དབུས་མཐོ་སྒང་གི་རུས་རྒྱུད་ཚོགས་ཁག་ལ་མཐོ་སྒང་ནང་ཁུལ་དུ་ཅུང་བརྟན་འཇགས་ཡིན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་། དྲོད་ཚད་འགྱུར་ལྡོག་ཆེ་བའི་སྐབས་སུ། རུས་རྒྱུད་ཚོགས་ཁག་ཁ་ཤས་མདོ་དབུས་མཐོ་སྒང་གི་ས་ཆ་དང་ཁ་བྲལ་ཡོད་པ། གྲང་འཁྱགས་དུས་སྐབས་ལ། ཤར་རྒྱུད་དུ་འགྲོ་འོང་ཡོད་པའི་མདོ་དབུས་མཐོ་སྒང་གི་རུས་རྒྱུད་ཚོགས་ཁག་གིས་མདོ་དབུས་མཐོ་སྒང་གི་མཐའ་མཚམས་སུ་ཡུལ་བཅད་སྲིད་དབང་བཙུགས་ཡོད་པ་རེད།
མདོ་དབུས་མཐོ་སྒང་གི་རྡོ་ཆས་གསར་མ(ཟངས་མདོག་ཟུར་གསུམ)དང་འཁར་བའི་དུས་རབས(སེར་མདོག་གཟེ་དབྱིབས)ཀྱི་གནའ་ཤུལ་ཁྱབ་ཚུལ།
ཚན་རིག་རྟོག་ཞིབ་ཀྱི་འགྱུར་རྡོའི་དཔང་དངོས་དང་ཞིབ་འཇུག་གྲུབ་འབྲས་གསར་ཤོས་ཐོབ་པ་ལ་དམིགས་ནས། ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཏེང་ཐའོ་ཡིས་འོ་འཐུང་སྲོག་ཆགས་དང་ཉ་རིགས། འདབ་ཆགས་རིགས། རྩི་ཤིང་སོགས་ས་གཤིས་དུས་སྐབས་མི་འདྲ་བའི་སྐབས་སུ། མདོ་དབུས་མཐོ་སྒང་དུ་བྱུང་བ་དང་དེ་ནས་འཛམ་གླིང་ས་ཆ་ཁག་ཏུ་མཆེད་པའི་གོ་རིམ་མཚམས་སྦྱོར་བྱས་ཏེ་མདོ་དབུས་མཐོ་སྒང་ནི་དེང་རབས་སྐྱེ་དངོས་སྣ་མང་རང་བཞིན་གྱི་རིམ་འགྱུར་ལྟེ་བ་གལ་ཆེན་དུ་གྱུར་ཚུལ་བསྟན་པ་དང་། མདོ་དབུས་མཐོ་སྒང་ནི་རབས་གསར་དུས་རབས་སུ་ཡར་འཕགས་དྲག་པོ་བྱུང་བ་ལས། མཐོ་སྒང་འདི་དང་ཉེ་འཁོར་གྱི་ནམ་ཟླའི་ཁོར་ཡུག་དང་སྐྱེ་ཁམས་མ་ལག་ལ་ཤན་ཤུགས་གཏིང་ཟབ་ཐེབས་ཏེ་སྐྱེ་དངོས་ཀྱི་རིམ་འགྱུར་ལ་འདེད་སྐུལ་ཆེན་པོ་བཏང་ཡོད། ཨེ་ཤ་ཡ་དང་ཡོ་རོབ་གླིང་། ཨ་ཧྥེ་རི་ཁ་གླིང་བཅས་ཀྱི་བར་དུ་གནའ་བོའི་མིའི་རིགས་ཐེངས་མང་པོར“རྒྱུ་བ་དང་མཆེད་པ”ཡི་དོན་རྐྱེན་བྱུང་བས། ཨེ་ཤ་ཡ་ནི་མིའི་རིགས་རིམ་འགྱུར་གྱི“འདུ་འཛོམས་ས་ཆ”ཡིན་པ་དང་། གདུང་རབས་ཞིབ་འཇུག་བརྒྱུད་ནས་མདོ་དབུས་མཐོ་སྒང་ཡར་འཕགས་པ་ལས་ཨེ་ཤ་ཡའི་གནའ་བོའི་མིའི་རིགས་ཀྱི་རིམ་འགྱུར་གསལ་སྟོན་བྱས་ཡོད།
མདོ་དབུས་མཐོ་སྒང་བྱང་ཤར་རྒྱུད་ཀྱི་གནས་རྫས་རྟོག་ཞིབ་རིག་པའི་རིག་གནས་རིམ་འགྱུར་དང་ཞིང་ལས་དངོས་པོ་བྱུང་བའི་བརྒྱ་ཆའི་བསྡུར་ཚད་འགྱུར་ལྡོག
པེ་ཅིང་སློབ་ཆེན་གྱི་སའི་གོ་ལ་དང་བར་སྟོང་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་ཀྲང་ཅིན་ཅང་གིས་བཤད་ན། བརྗོད་གཞི་ཚོགས་པས་ཏུན་ཧོང་གཞོང་ས་དང་། ཨར་ཅིན་དང་བྱང་རིའི་གྲུབ་ཚུལ་ས་རྒྱུད། སན་ཝེ་རི་བོའི་གས་སྲུབས་སོགས་གྲུབ་ཚུལ་གླིང་དུམ་གཙོ་གནད་ལ་དམིགས་ཏེ་དིམ་བསགས་ཁྱད་ཆོས་དང་དིམ་བསགས་ལོ་རབས་རིག་པའི་ཞིབ་འཇུག་བརྒྱུད་ནས་ཏུན་ཧོང་གཞོང་སའི་དུས་རབས་བཞི་པའི་གནའ་བོའི་མཚེའུ་ཡི་ཁྱབ་ཚུལ་དཔེ་རིས་བསྐྱར་བཟོ་བྱས་ཏེ་དངོས་ཁུངས་དབྱེ་ཞིབ་བྱེད་ཐབས་སྤྱད་ནས་མདོ་དབུས་མཐོ་སྒང་གི་གྲུབ་བཟོ་འགུལ་སྐྱོད་དང་གནའ་བོའི་མཚེའུ་རིམ་འགྱུར་གྱི་མཐུན་སྦྱོར་ནུས་པ་གསལ་འགྲེལ་བྱས་ཏེ་ཡོངས་གསར་དུས་རབས་མཇུག་དུས་ཀྱི་མཚོ་བོད་མཐོ་སྒང་བྱང་ཤར་རྒྱུད་ཀྱི་མཚེའུ་ཡི་བྱེ་འགྱུར་གོ་རིམ་གསལ་སྟོན་བྱས་ཡོད།
སའི་གོ་ལའི་ཕྱེད་བྱང་མའི་ལོ་ཁྲི4ནས་བཟུང་བའི་ནམ་ཟླའི་འགྱུར་ལྡོག་དང་མདོ་དབུས་མཐོ་སྒང་གི་གནའ་རྫས་རྟོག་ཞིབ་ཀྱི་ཟིན་ཐོ།
མཚམས་སྦྱོས་བྱས་པ་ལྟར་ན། ལོ་ལྔའི་རིང་ལ། མདོ་དབུས་མཐོ་སྒང་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ཡིས་མི་ཆོས་ཚན་རིག་དང་རང་བྱུང་ཚན་རིག་ཟུང་འབྲེལ་ཞིབ་འཇུག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་རིག་གནས་ཤུལ་རྗེས་ཀྱི་སྲུང་སྐྱོབ་རྒྱུད་འཛིན་ལ་གཙིགས་ཆེན་དང་ས་རྒྱུས་ཁོར་ཡུག་གིས་ལོ་རྒྱུས་རིག་གནས་གྲུབ་པ་དང་རྒྱུན་མཐུད་ལ་ཤན་ཤུགས་ཐེབས་པར་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། “སའི་གོ་ལའི་སྣེ་གསུམ་པ”ཡི་རིམ་འགྱུར་ལོ་རྒྱུས་ལ་བསྐྱར་འགྲེལ་དང“འཛམ་གླིང་ཡང་རྩེ”ཡི་གྲུབ་ཚུལ་དང་རིམ་འགྱུར་གོ་རིམ་བསྐྱར་འབྲི། མཐོ་གྲང་ཤེས་རིག་གི་རིམ་འགྱུར་ལོ་རྒྱུས་ལ་བཟོ་བཅོས། ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་གི་རིམ་འཕེལ་རྣམ་པ་ལ་འཆད་འགྲེལ་བཅས་བྱས་ཡོད།
གནའ་བོའི་མིའི་རིགས་མདོ་དབུས་མཐོ་སྒང་དུ་གནས་སྤོ་བྱས་པའི་དུས་རིམ་བཞི།
འབྲེལ་ཡོད་འོས་སྦྱོར།