མཚོ་སྔོན་པོ་དྲ་བའིAPPམ་ལག་དངོས་སུ་ཤར་གཏོང་བྱས།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-11-28
ཀློག་གྲངས།:
མཚོ་སྔོན་པོ་དྲ་བ་ནི2007ལོའི་ཟླ11པའི་ཚེས28ཉིན་དངོས་སུ་ཤར་གཏོང་བྱས་པ་ནས་ད་ལྟའི་བར་མི་ལོ15འདས་ཤིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བསྒྲུབས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་དྲ་ཚིགས་ཤིག་ཡིན། མི་ལོ་བཅོ་ལྔའི་རིང་བོད་ཀྱི་རིག་གནས་དང་ལེགས་རྩོམ། རྒྱལ་ཕྱི་ནང་གི་གསར་འགྱུར་སྣ་ཚོགས། སློབ་གསོ། དམངས་སྲོལ། ཆོས་ལུགས། མི་སྣ། སྐྱེ་ཁམས། བརྡ་ཆད་ཁྱབ་བསྒྲགས་སོགས་ལེ་ཚན་སྣ་མང་བརྒྱུད་སྤེལ་བྱ་སའི་གཞུང་གཉེར་སྟེགས་བུ་ཆེ་གྲས་ཤིག་ཡིན། ལྷག་པར་དུ་མཚོ་ལྷོ་ཁུལ་གྱི་དྲ་རྒྱའི་འདུ་ཤེས་འཛིན་སྟངས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་པ་མཐའ་འཁྱོངས། དྲ་རྒྱའི་བདེ་འཇགས་ཀྱི་གཡུལ་ས་བརྟན་དུ་བཏང་ནས། བོད་འབྲེལ་ས་ཁུལ་གྱི་ཁྱབ་ཁོངས་ཁག་གི་བརྗོད་བྱ་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་དྲིལ་བསྒྲགས་མང་དུ་བྱས་ཤིང་སྤྱི་ཚོགས་སྟེང་དོ་སྣང་དང་དགའ་བསུ་བླ་ལྷག་གིས་ཐོབ་མྱོང་པ་རེད།
ད་ལམ་ཡང་མཚོ་སྔོན་པོ་དྲ་བས་སྔར་ལས་ལྷག་པའི་སྒོ་ནས་དྲ་བའི་དུས་རབས་ཀྱི་ནུས་པ་འདོན་སྤེལ་དང་སྤྱི་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་རང་ས་གནས་ཀྱི་ཆ་འཕྲིན་རིག་གནས་བརྒྱུད་བསྒྲགས་ཀྱི་ལས་དོན་སྔར་ལས་ཆེ་རུ་འདོན་ཆེད། ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་ན་ནིང་ནས་བཟུང་མཚོ་སྔོན་པོ་དྲ་བའིAPPམ་ལག་ཞིབ་འཇུག་གསར་སྤེལ་གྱི་ལས་ཀ་བྱེད་པའི་འཆར་འགོད་བཟོས་ཤིང་། ད་ལོའི་ཟླ་དྲུག་པར་ལས་འགོ་བརྩམས་པ་ནས་ཟླ་གསུམ་རིང་ཞིབ་འཇུག་གསར་སྤེལ་དང་བཟོ་བཅོས་སོགས་ཀྱི་ལས་རིམ་རབ་དང་རིམ་པ་བརྒྱུད་ཟླ11པའི་ཚེས28ཉིན་སྟེ་མཚོ་སྔོན་པོ་དྲ་བ་ཤར་གཏོང་བྱས་ནས་ལོ་འཁོར་བཅོ་ལྔ་འཁོར་བའི་དུས་བཟང་དང་བསྟུན་ཕྱོགས་ཡོངས་ནས་ཤར་གཏོང་བྱེད་ཐུབ་པ་བྱུང་ཡོད། APPམ་ལག་ལ་དྲ་བའི་སྔར་ཡོད་ཀྱི་ལེ་ཚན་དག་གཞི་རྩ་བྱས་ཏེ་ད་ལམ་བོད་འབྲེལ་ས་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་ལ་སྔར་ལས་རམ་འདེགས་དང་གཅིག་གྱུར་ཡོང་ཆེད་རྒྱ་བོད་ཤན་སྦྱར་གྱི་ལམ་ནས་མཚོ་ལྷོའི་ས་མིང་རིག་གནས་དང་གསར་བྱུང་གི་བརྡ་ཆད་གསར་བའི་ལེ་ཚན་གཉིས་ཁ་སྣོན་དང་། དེ་མིན་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་ལེ་ཚན་སྒྲོག་འདོན་གྱི་བྱེད་ནུས་གསར་བ་ཞིག་ཀྱང་ལས་ཡོད་པས་འདི་ནི་མིག་སྔར་བོད་ཡིག་གིAPPམ་ལག་གཞན་དག་མེད་པ་ཞིག་ཡིན།
APPམ་ལག་དངོས་སུ་ཤར་གཏོང་བྱས་རྗེས་རང་ཁུལ་གྱི་སྨྱན་སྦྱོར་ཁྱབ་སྤེལ་གྱི་ལས་དོན་ལ་སྔར་ལས་རམ་འདེགས་དང་ཤུགས་སྣོན་བརྒྱབ་ཏེ་དུས་རབས་གསར་པའི་ས་གནས་ཀྱི་རིག་གནས་དང་ཡུལ་སྐོར། དཔལ་འབྱོར། ཚན་རྩལ་འཕེལ་རྒྱས་སོགས་ཁྱབ་བསྒྲགས་བྱེད་པར་ཕན་ནུས་རྒྱ་ཆེར་ཐོན་ཐུབ་པ་གདོན་མི་ཟའོ། །
གཤམ་གྱི་སྟེགས་བུ་འདི་དག་བརྒྱུད་དེ་ཕབ་ལེན་བྱ་ཆོག
ཕབ་ལེན་བྱ་གནས།
འབྲེལ་ཡོད་འོས་སྦྱོར།