མདོ་དབུས་མཐོ་སྒང་གི་རྩི་ཤིང་སྐྱེ་བའི་གསང་བ།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2023-03-01
ཀློག་གྲངས།:
“འཛམ་གླིང་ཡང་རྩེ”དང“སའི་གོ་ལའི་སྣེ་གསུམ་པ”ཞེས་འབོད་པའི་མདོ་དབུས་མཐོ་སྒང་ནི་མཚོ་འཕགས་མཐོ་བ་དང་ནམ་ཟླ་འཁྱགས་པའི་དབང་གིས། ལོ་མང་རིང་གི་ཁེངས་ས་མང་བོ་ཡོད་པར་མ་ཟད། ད་དུང་ཡུལ་འདི་ནི་སའི་གོ་ལའི་ཕྱེད་བྱང་མའི་རྒྱ་ཁྱོན་ཆེས་ཆེ་བའི་མཐོ་གྲང་ཁེངས་སའི་ཁྱབ་ཁུལ་དུའང་གྱུར་ཡོད།
པར་རིས་ཀྲུང་གོའི་ཚན་རིག་གླིང་ཞི་ཧྲོང་པན་ནའི་ཚ་ཁུལ་རྩི་ཤིང་གླིང་ལས་དྲངས།
ཁེངས་སའི་ཁྱབ་རྒྱ་ཆེ་བའི་མཐོ་སྒང་འདི་རུ། རྩི་ཤིང་རིགས་གང་ཞིག་ཡིན་ནའང་། ས་རྒྱུའི་ནང་གི་ཏན(氮)ནམ་ཡང་ན་མཁའ་དབུགས་ནང་གི་ཏན་བསྡུ་ལེན་བྱེད་པ་བརྒྱུད་རང་ཉིད་སྐྱེ་ཐུབ་པར་བྱེད་བཞིན་ཡོད། ཏན་རྒྱུ(氮素)ནི་རྩི་ཤིང་སྐྱེ་བའི་ཚད་བཀག་རྒྱུ་རྐྱེན་གྱི་ཡ་གྱལ་ཞིག་ཡིན་སྟབས། མདོ་དབུས་མཐོ་སྒང་གི་རྩི་ཤིང་སྐྱེ་བའི་གསང་བ་ཕལ་ཆེར་ཏན་རྒྱུ་ལ་འབྲེལ་བ་ཟབ་མོ་ཡོད།
གསང་བ་འདི་གསེད་བཀྲོལ་བྱ་ཆེད། ཀྲུང་གོའི་ཚན་རིག་གླིང་རྩི་ཤིང་ཞིབ་འཇུག་ཁང་གི་དབྱང་ཡོན་ཧོ་ཞིབ་འཇུག་ཚོགས་པ་ཡིས་མདོ་དབུས་མཐོ་སྒང་གི་གཞི་རྒྱ་ཆེ་བའི་ཁེངས་སའི་རྒྱུད་དུ་རྟོག་ཞིབ་བྱས་ནས་ཁེངས་སའི་མ་དཔེ་མང་བོ་བསྡུ་ལེན་ཐུབ་པ་དང་། རྟོག་ཞིབ་དེ་དག་རྨང་གཞི་བྱས་ཐོག ཁོ་ཚོས་གནས་མཐུན་རྒྱུ་དང་ཆ་རྡུལ་སྐྱེ་དངོས་རིག་པའི་ལག་རྩལ། སྐྱེ་ཁམས་མ་ལག་གི་འདྲ་དཔེ་བཅས་བྱེད་ཐབས་སྣ་ཚོགས་ཟུང་འབྲེལ་བྱས་པ་བརྒྱུད། རྩི་ཤིང་སྐྱེ་བ་ལ་འབྲེལ་བ་ཟབ་མོ་ཡོད་པའི“ཏན་རྒྱུ”ཡི་གསང་བ་གཉིས་ཤེས་རྟོགས་བྱུང་།
པར་རིས་རྒྱལ་ཁབ་མདོ་དབུས་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས་ལས་དྲངས།
གསང་བ་དང་པོ།སའི་གོ་ལའི་ནམ་ཟླ་ཇེ་དྲོར་འགྱུར་བའི་རྒྱབ་ལྗོངས་འོག མདོ་དབུས་མཐོ་སྒང་གི་ཁེངས་ས་ཞུ་བ་ལས་བྱུང་བའི་ཏན་གྱིས་རྩི་ཤིང་སྐྱེ་བ་ལ་ཐེབས་པའི་ཤུགས་རྐྱེན་ཅུང་ཆུང་བ་རེད། སྔ་དུས་ཀྱི་སའི་གོ་ལའི་བྱང་སྣེ་ས་ཁུལ་ནས་ཐོན་པའི་ཞིབ་འཇུག་ལས་གསལ་བ་ལྟར་ན། ནམ་ཟླ་ཇེ་དྲོར་གྱུར་པ་ལས་བསྐྱེད་པའི་ཁེངས་ས་ཞུ་བ་ཡིས་ཐབས་ལམ་གཉིས་བརྒྱུད་ནས་རྩི་ཤིང་གིས་སྤྱོད་རུང་ཏན(可利用性氮)མང་བོ་ཕྱིར་གཏོང་བྱེད་པ་སྟེ། གཅིག་ནི་ཁེངས་སའི་ནང་དུ་གསོག་ཉར་བྱས་ཡོད་པའི་རྩི་ཤིང་གིས་སྤྱོད་རུང་ཏན་ཐད་ཀར་ཕྱིར་གཏོང་བྱེད་པ་དང་། ཅིག་ཤོས་ནི་ཁེངས་སའི་ནང་དུ་གསོག་ཉར་བྱས་ཡོད་པའི་སྐྱེ་ལྡན་ཏན(有机氮)དབྱེ་འབྱེད་བྱས་པ་བརྒྱུད་ཕྱིར་གཏོང་བྱེད་པ་ཡིན།
དེའི་མི་ཚད། སའི་གོ་ལའི་བྱང་སྣེ་ས་ཁུལ་ནས་ཐོན་པའི་ཞིབ་འཇུག་ལས་གསལ་བ་ལྟར་ན། ཁེངས་སའི་ནང་དུ་གསོག་ཉར་བྱས་ཡོད་པའི་སྤྱོད་རུང་ཏན་གྱི་འདུས་ཚད་དང་སྐྱེ་ལྡན་ཏན་གྱི་དབྱེ་འབྱེད་ཕྱིར་གཏོང་གི་འགྲོས་ཚད་གཉིས་ནི་ཕྱི་ངོས་ས་རྒྱུ་ལས་མགྱོགས་པ་རེད། དེ་དང་བསྡུར་ན། མདོ་དབུས་མཐོ་སྒང་གི་ཁེངས་སའི་ཁུལ་གྱི་འགུལ་སྐྱོད་ས་རིམ་གྱི་ཆ་སྙོམས་མཐུག་ཚད་སྨི་གཉིས་ཀྱི་མན་ཆད་ཡིན་པ་དང་། འདི་ཡིས་མཐོ་གྲང་རྩི་ཤིང་གིས་ཁེངས་ས་ཞུ་བ་ལས་ཕྱིར་གཏོང་བྱས་པའི་སྤྱོད་རུང་ཏན་བསྡུ་ལེན་མི་ཐུབ་པར་བྱས་ཡོད།
པར་རིས་ཀྲུང་གོའི་ཚན་རིག་གླིང་ཁུན་མིང་རྩི་ཤིང་ཞིབ་འཇུག་ཁང་ལས་དྲངས།
ཕྱི་ངོས་ས་རྒྱུ་དང་བསྡུར་ན། མདོ་དབུས་མཐོ་སྒང་གི་ཁེངས་སའི་ནང་དུ་གསོག་ཉར་བྱས་ཡོད་པའི་སྤྱོད་རུང་ཏན་གྱི་འདུས་ཚད་དང་སྐྱེ་ལྡན་ཏན་གྱི་དབྱེ་འབྱེད་ཕྱིར་གཏོང་གི་འགྲོས་ཚད་གཉིས་འགུལ་སྐྱོད་རིམ་པའི་ས་རྒྱུ་ལས་དལ་བ་དང་། འདི་ཡིས་ཁེངས་ས་ཞུ་བ་ལས་ཏན་ཕྱིར་གཏོང་བྱས་པ་ཡིས་མདོ་དབུས་མཐོ་སྒང་གི་རྩི་ཤིང་སྐྱེ་བ་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་བཏང་ཡོད།གསང་བ་གཉིས་པ།
མདོ་དབུས་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་ལས་ཏན་གྱིས་ས་ཁུལ་དེ་གའི་རྩི་ཤིང་སྐྱེ་བ་ལ་ཚད་བཀག་གི་ནུས་པ་ཐེབས་ཚད་ཇེ་ཆེར་སོང་ཡོད་པ་དང་། འདི་ལ་གཙོ་བོ་རྒྱུ་རྐྱེན་གསུམ་ཡོད་དེ། གཅིག་ནི་མདོ་དབུས་མཐོ་སྒང་གི་ཁེངས་ས་ཞུ་བ་ལས་ཕྱིར་གཏོང་བྱས་པའི་སྤྱོད་རུང་ཏན་གྱིས་རྩི་ཤིང་སྐྱེ་བ་ལ་ཤུགས་རྐྱེན་ཅུང་ཆུང་བ་དང་། གཉིས་ནི་མཁའ་དབུགས་ནང་གི་དབྱང་གཉིས་ཐཱན་རྫས་ཀྱི་གར་ཚད་ཇེ་མཐོར་སོང་བ་དང་ནམ་ཟླ་ཇེ་དྲོར་གྱུར་པ་ཡིས་མདོ་དབུས་མཐོ་སྒང་གི་རྩི་ཤིང་སྐྱེ་བ་ལ་སྐུལ་འདེད་བྱས་ཤིང་། དེ་ནས་མཐོ་གྲང་རྩི་ཤིང་ལ་ཏན་གྱི་མཁོ་ཚད་ཇེ་མང་དུ་གྱུར་པ། གསུམ་ནི་ཁོར་ཡུག་འགྱུར་ལྡོག་གིས་མདོ་དབུས་མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་མ་ལག་ནང་གི་ཏན་ནི་མཁའ་དབུགས་ནང་དུ་གཏོང་བའི་འགྲོས་ཚད་ཇེ་ཆེར་ཕྱིན་པ་ན། རྩི་ཤིང་གི་སྤྱོད་རུང་ཏན་གྱི་ཤོར་ཚད་ཇེ་མང་དུ་གྱུར་པ་བཅས་སོ།།
མདོར་ན། ཕྱོགས་འདི་གསུམ་གྱི་ཐུན་མོང་ནུས་པ་ཡིས་ཏན་གྱི་མདོ་དབུས་མཐོ་སྒང་གི་རྩི་ཤིང་སྐྱེ་བའི་ཚད་བཀག་ནུས་པ་ཇེ་ཆེར་འགྲོ་བའི་ཕྱོགས་སུ་བསྐྱེད་ཡོད།
འབྲེལ་ཡོད་འོས་སྦྱོར།