འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་དཔྱིད་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་སྤེལ་བ།
དམའ་གཅིག་སློབ་མ་རྣམས་ཀྱིས་ལུས་ལ་བོད་གོས་གཙང་མ་གྱོན་ཏེ་མི་རིགས་རང་གི་ཞབས་བྲོ་འཁྲབ་བཞིན་པ།
དམའ་གཉིས་སློབ་མ་རྣམས་ཀྱིས་ལུས་ལ་བོད་གོས་གཙང་མ་གྱོན་ཏེ་མི་རིགས་རང་གི་ཞབས་བྲོ་འཁྲབ་བཞིན་པ།
དམའ་གསུམ་སློབ་མ་རྣམས་ཀྱིས་མི་རིགས་རང་གི་ཞབས་བྲོ་འཁྲབ་བཞིན་པ།
སྤྱི་ཟླ5པའི་ཚེས4སྟེ་རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོའི་སྣང་བྱེད་ཀྱི་འོད་སྣང་ཤར་རི་རྩེ་ནས་འཆར་བའི་སྐབས་དེར། སུམ་རྩེན་གྱི་སྐྱེད་མོས་ཚལ་ལ་འགྲན་པའི་ཡིད་དབང་རབ་ཏུ་དགའ་བའི་སློབ་གླིང་དུ་ མེ་ཏོག་ཟས་ཅན་ལྟ་བུའི་དགེ་སློབ་ཀྱི་ཚོགས་རྣམས་འཚང་ཀ་ཤིག་ཤིག་གི་ངང་ནས་སློབ་གྲྭའི་ལག་རྩེད་སྤོ་ལོ་ཁང་དུ་འཛོམས་ཏེ། ལོ་འཁོར་ཧྲིལ་བོ་རེའི་དུས་བཞིའི་དཔྱིད་ཀྱི་དཔལ་མོ་རྣམ་པར་བཞད་པའི་དགའ་སྟོན་གྱི་ཕྱིར་དུ། འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་དཔྱིད་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་དེ་སློབ་གཙོ་རིན་ཆེན་རྡོ་རྗེ་ཡིས་སྔ་དྲོའི་ཆ་ནས་དགེ་སློབ་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་པའི་སྨོན་ཚིག་གིས་མདུན་བསུས་ཏེ་མགོ་འཛུགས་ཀྱི་ཁ་གཡང་བོས་ཏེ་མགོ་བརྩམས།
དམངས་སྲོལ་ཞབས་བྲོ་འཁྲབ་བཞིན་པ།
སློབ་མ་ཚོགས་པའི་སློབ་ཕྲུག་རྣམ་པས་ས་གནས་རང་གི་འཚོ་བའི་གོམས་སྲོལ་མཚོན་པའི་འཁྲབ་སྟོན་གནང་བ།
འཛིན་གྲྭ་ཕན་ཚུན་བར་དུ་རྒྱུག་འགྲན་བྱེད་བཞིན་པ།
ཚ་ཚ་འུར་འུར་གྱི་ངང་ནས་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།
དམའ་འབྲིང་དང་པོ་དང་གཉིས་པ་གསུམ་པ་བཅས་ཀྱིས་རིམ་པ་བཞིན་དུ་བོད་རང་གི་ཐུན་མིན་ཁྱད་ཆོས་མངའ་བའི་རྒྱན་གོས་གྱོན་ཏེ། མི་རིགས་རང་གི་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་དང་གླུ་གཞས། ཐག་འཐེན། ལག་རྩེད་སྤོ་ལོ། རྐང་རྩེད་སྤོ་ལོ་བཅས་དགེ་སློབ་རྣམ་པའི་བསམ་པའི་བྱེ་བྲག་མཐའ་ཡས་པ་དེ་དང་དེ་ལ་འཚམས་པའི་རྩེད་མོའི་རིགས་སྣ་ཚོགས་པ་སྤྱི་ཟླ5བའི་ཚེས4ནས་ཚེས6བར་ཉིན་ཧྲིལ་བོ་གསུམ་གྱི་རིང་དུ་འཛིན་གྲྭ་སོ་སོ་དང་ལོ་རིམ་ཁག་ཕན་ཚུན་བར་འགྲན་བསྡུར་གྱི་རིག་རྩལ་བྱེད་སྒོ་བློ་ཡིད་ཚིམ་པ་ཞིག་སྤེལ་བ་རེད།